ཕག

བླུན་པོ་སྙུག་ཐོགས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-27

                               ________ཟ་མ་ཟ་བ་ནི་འཚོ་བའི་ཆེད་དུ་ཡིན་ལ། འཚོ་བ་ནི་ཟ་མ་ཟ་བའི་ཆེད་དུ་ཡིན།
      གལ་ཏེ་ང་ཚོས་གོག་ནསའགྲོ་ཞིང་མགྲིན་པ་ལས་ངུར་སྒྲ་གྲགས་པའི་སེམས་ཅན་སྣ་འཇོང་འཇོང་ཅན་དེ་ལ “ཕག”ཅེས་ཕྱིར་ཁྱད་ཆོས་ཙམ་ལ་བལྟས་ཏེ་མཚན་ཉིད་མི་འཇོག་པར། སྒྱིད་ལུག་དང་ལྟོ་འདུན།  འདོད་ཆགས་སོགས་ཆེ་ཞིང་། གཙང་བཙོག་དང་ངོ་ཚ་མེད་པའི་སེམས་ཅན་རིག་པ་རྟུལ་བོ་ཅན་དེ་ལ་“ཕག”ཅེས་ནང་གི་ཁྱད་ཆོས་དམིགས་སུ་བཟུང་སྟེ་བརྗོད་ན། ཕག་ལའང་ཕག་རིགས་མང་བོ་ཞིག་འབྱུང་སྲིད་དེ། དཔེར་ན། ལྷའི་ནང་ན“ལྷ་ཕག”དང་ཀླུའི་ནང་ན་“ཀླུ་ཕག” ། མིའི་ནང་ན“མི་ཕག”སོགས་ཡོད། འོན་ཀྱང་དེ་རིང་དགོས་མཁོ་ལྟར་ང་ཚོས་མིའི་རིགས་སུ་གཏོགས་པའི་མི་ཕག་ལ་རྒྱུས་ལོན་ཅུང་ཙམ་བྱས་ན་འགྲིག་སྙམ།
    ཐོག་མར་གསལ་བྱེད་དགོས་པ་ཞིག་ལ། ཕག་ལའང་ཕག་གི་སྤྱི་ཚོགས་དང་ཕག་གི་ཐོབ་ཐང་ཡོད་པས་ན། ངས་དེ་རིང་ཕག་གི་ལུས་རྟེན་དང་ཕག་གི་ཀུན་སྤྱོད་ཙམ་གཙོ་བཟུང་སྟེ། སེམས་ཅན་ཕག་ལ་བརྩི་བཀུར་མ་བྱས་བ་མིན། སྤྱིར་ང་ཚོ་མའི་རིགས་ལ་མཚོན་ནའང་གཙོ་ཆེ་བ་ནི་འཇིག་རྟེན་འདིར་ཕག་ཅེས་པའི་སེམས་ཅན་ཞིག་འཚོ་བས་ལན་པ་མིན་ཏེ། ང་ཚོ་མིའི་རིགས་ཀྱི་ཁོངས་སུ་ཕག་གི་ཁྱད་ཆོས་དང་སྤྱོད་སྟངས་དངོས་སུ་གཉེར་བའི་མི་ཕག་མང་བོ་ཞིག་བྱུང་བས་ཉེས་པ་ཡིན། མི་ཕག་གི་འབྱུང་ཁུངས་དང་མེས་པོ་མི་ཡིན་ཡང་མི་ཕག་གི་ད་ལྟ་དང་མ་འོངས་པ་ཕག་ལ་དབང་བས་ན་ཕག་དང་མི་ཕག་གཉིས་ནི་མ་གྲོས་གཅིག་མཐུན་གྱི་སྤུན་ཟླ་ཡིན།
     ཕག་དང་མི་ཕག་གང་ལ་མཚོན་ནའང་གནས་སྐབས་ཀྱི་ཕོ་བ་བརྒྱགས་རྗེས་གཉིད་ས་སྐྱིད་པོ་ཡོད་ཚེ་བསམ་དོན་འགྲུབ་པ་ཡིན་པས། ཁོ་གཉིས་ལ་མ་འོངས་པའི་འཆར་གཞི་དང་ཕུགས་བསམ་ཡོད་མི་སྲིད། ཕག་གིས་ཕག་ཁང་ན་རང་ཉིད་ཀྱི་རྟུལ་པ་གདན་དང་སྔས་མགོ་བྱས་ཏེ་ཕག་གི་རྨི་ལམ་སྣ་ཚོགས་མྱོང་དུས།  མི་ཕག་གིས་ཁང་བ་གྲུ་བཞིའི་ནང་ཕག་ཤ་ཡིད་ཚིམས་པ་རེ་ཟོས་རྗེས།  ཇ་ཁ་ཆང་ཁ་ན་ཕག་གི་ཟློས་གར་སྣ་ཚོགས་འཁྲབ་བཞིན་ཡོད། ཕག་དང་མི་ཕག་གི་ཕྱི་ཡི་སྐྱེ་གཟུགས་མི་འདྲ་ཡང་ནང་གི་སྣང་ཁམས་འདྲ་བ་ཡིན། ཕག་དང་མི་ཕག་གི་སྒལ་ཚིགས་དྲང་འཁྱོག་མི་འདྲ་ཡང་ལྟོ་བ་ལྡིར་ཚུལ་འདྲ་འདྲ་ཡིན། ཕག་དང་མི་ཕག་གི་རིག་པའི་རྣོ་རྟུལ་མི་འདྲ་ཡང་བསམ་པའི་གཏད་སོ་འདྲ་འདྲ་ཡིན། ཕག་དང་མི་ཕག་གི་མིག་གི་སྒོར་ཚུལ་མི་འདྲ་ཡང་གཉིད་ཀྱི་དུང་ཞེན་འདྲ་འདྲ་ཡིན། ཕག་དང་མི་ཕག་གི་ལུས་ཀྱི་རྣམ་འགྱུར་མི་འདྲ་ཡང་སེམས་ཀྱི་འདོད་ཆགས་འདྲ་འདྲ་ཡིན། དེའི་ཕྱིར་དུ“ཕག”དང་“མི་ཕག”གི་བར་ན་མ་བཅོས་གཉུག་མའི་རང་བཞིན་གྱི་མཐུན་སྦྱོར་ཞིག་ཡོད་ལ། མི་སེམས་ཀྱིས་དཔོག་དཀའ་བའི་བར་ཁྱད་ཞིག་ཀྱང་ཡོད། འོན་ཀྱང་ཕག་དང་མི་ཕག་གི་ཁྱད་པར་དབྱེ་སླ་བ་ནི། མི་ཕག་གི་ལུས་ན་སྤུ་མེད་པ་དང་། མི་ཕག་ལ་སྐྱ་སེར་དང་དགེ་སློབ། རྒྱ་བོད་སོགས་ཀྱི་དབྱེ་བ་ཡོད་པ་དེ་རེད།  “ཕག”ཅེས་པའི་འདོད་རྒྱལ་གྱི་མིང་དེ་ཐོས་པ་ན། མིའི་རིགས་ཀྱིས་ནམ་ཡང་སྐྱུག་བྲོ་བའི་རྣམ་འགྱུར་ཞིག་སྟོན་པ་ལས། རང་ཉིད་ཀྱི་གནས་ཚང་ན་ཕག་གི་ཚ་བུ་མང་བོ་ཞིག་འཚར་ལོངས་འབྱུང་བཞིན་པར་བསམ་བློ་གཏོང་མ་མྱོང་།

རྩོམ་ཁུངས། མི་གསལ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕག

2010-08-27 བླུན་པོ་སྙུག་ཐོགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།