བརྗེ་སྤོར།

 རྒྱ་ཕྱུག་བསོད་ནམས་ཚེ་བརྟན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-02

    གློ་བུར་ཏུ་མུན་པ་འཐིབས་ཤིང༌།གྲོང་མཐའི་ས་སྲོད་ཀྱི་འཇབ་རྒོལ་རྩུབ་མོས་རྨ་ཆུ་སྔོན་མོའི་ཁུ་སིམ་སིམ་གྱི་ལྷིང་འཇགས་དཀྲོགས་ཏེ་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྲིན་འབུ་ཞིག་དང་འདྲ་བར༌།བུ་ཡུག་ལྡོམ་པོ་བུ་ཡུག་ལྡོམ་པོ་ཞིག་མངགས་ཏེ་འཇམ་ཐང་ཐང་གི་སློབ་རྭའི་ཁོར་ཡུག་ཏུ་ལྡིང་སྐོར་འགའ་བརྒྱབ་ཅིང༌།སླར་ཡང་དམིགས་འདུན་ཟབ་པའི་འགྲུལ་བཞུད་པ་ཞིག་ཏུ་བརྫུས་ཏེ། ནག་རོག་རོག་གི་ཁང་བརྩེགས་གོང་མར་ད་དུང་ཡང་གློག་སྒྲོན་གཟིམ་མི་འདུག་པའི་སློབ་གཙོའི་འཇིག་རྟེན་ཆུང་ཡང་རྙོག་འཛིང་ཆེ་བའི་གཞུང་སྒྲུབ་ཁང་ལ་ཕར་རྒོལ་བྱེད་མགོ་བརྩམ།  
  སྒེའུ་ཁུང་སྲུབ་བར་ནས་ལྡང་བའི་བུ་ཡུག་དེས་སློབ་ གཙོའི་ལུས་པོ་ཡོངས་འདར་ལྕུག་ཐེངས་ཤིག་བྱེད་དུ་བཅུག་ལ༌། ཁོ་འབོལ་ཁྲིའི་སྟེང་བསྙེས་ཙམ་བྱས་ནས་ཐ་མག་རྐང་གཅིག་ལ་མེ་བསྒོས་ཤིང༌། སླར་ཡང་ཤུར་ཤུར་དུ་ལྡང་བའི་ བུ་ཡུག་ལ་ཚིག་པ་ཟ་བཞིན་སྒེའུ་ཁུང་གི་དྲ་ཡོལ་རྒྱག་ཏུ་ཕྱིན།  
  སློབ་གཙོ་ཐབས་མཁས་སློབ་འབྲིང་འདིར་ལས་དགོས་བྱས་དུས་ལོ་ལྔའི་ཡར་སྔོན་གྱི་དབྱར་གཞུང་ཞིག་ཡིན་ལ།མི་ལོ་དུ་མའི་དཀའ་སྡུག་གི་ལོ་ཟླའི་ཁྲོད་ཀྱི་འདས་སོང་དང་ན་ཟུག་ཕྱིར་དྲན་གྱི་མཚོ་མོར་འཇུག་བའི་ཀོ་གྲུ་ནང་བཞིན་དགའ་སྐྱོ་ཆགས་སྡང་གི་རླབས་རིས་རེ་རེས་བྲང་གཞུང་ལ་རྡེག་ཅིང༌།ཤེས་རིག་གི་སློང་མོ་བར་བརྫུས་པའི་རྟོགས་བརྗོད་དམར་བོ་རང་ཉིད་ཀྱི་འཚོ་བའི་རྦ་རླབས་ཁྲོད་རྙེད་པའི་མུ་ཏིག་རྡོག་གཅིག་ཏུ་འཁྲུལ།ལས་ཐོབ་སློབ་གཙོའི་མཚན་བྱང་ལྗིད་པོ་ཞིག་ཁུར་ཏེ་སློབ་འབྲིང་འདིའི་སྒོ་ཐེམ་ བརྒལ་དུས་ནི་མི་ལོ་དུམ་མའི་ཡར་སྔོན་དུ་སློབ་འབྲིང་འདིར་སློབ་ཞུགས་བྱེད་དུས་ཡེ་ནས་མི་མཚུངས་སྟེ།ཡོད་ཚད་ཕྱི་ལྤགས་བརྗེ་བའི་ད་བྱིད་ལྟར་རང་ཉིད་ཀྱི་མགོ་ཐོག་གི་གནམ་སྔོན་པོ་དང།རྐང་འོག་གི་ས་དོག་མོ་མ་གཏོགས་འགྱུར་བ་གཏིང་ཕྱིན་དུ་འདུག་པའི་ཚོར་སྣང་ཟབ་མོ་ཞིག་གྲུ་ཆར་བཞིན་དུ་ཁོའི་ལུས་སྟེང་ལ་ཟམ་ཟམ་དུ་བབས།
   གྲང་རླུང་གི་འུར་སྒྲ་ད་དུང་ཤུར་ཤུར་བྱེད་ལ། ཕྱི་རོལ་གྱི་མུན་པ་ནག་པོའི་སྒྲ་གཅན་མིག་ཟུང་འབྲུ་བོ་བྱེད་པོ་བཞིན་གདུག་རྩུབ་ཀྱིས་འཐིབས་པས།ཡོད་ཚད་ལ་སྐྱི་གཡའ་བར་བྱེད།
 སློབ་གཙོ་ཐབས་མཁས་ཀྱིས་ད་སྔོན་སློབ་སྟོན་ཁྲུའུཡི་ཀྲུའུ་རིན་ཚེ་འབུམ་གྱིས་ཁྱེར་ཡོང་བའི་འཛིན་གྲྭའི་བཀོད་སྒྲིག་ཐད་ཀྱི་ཡིག་ཆ་ལྟ་བཞིནཡོད་འདུག་ལ།ཡིག་ཆའི་བཀོད་སྒྲིག་ཡོད་ཚད་རྙོག་འཛིང་ཆེ་ཞིང༌།མ་མཐའི་སློབ་གྲྭའི་ཆ་རྐྱེན་ལའང་མི་མཐུན་པས་ཁོས་སླར་ཡང་ཐ་མག་རྐང་གཅིག་ལ་མེ་བསྒོས་ཤིང༌། ལག་པའི་གྲུ་མོ་ཅོག་ཙེར་བཙུགས་ཏེ་མཐེབ་མོ་དང་དཀྱིལ་མཛུབ་གཉིས་ཀྱིས་ཟ་འགྲམ་ལ་ཕུར་ཕུར་འགའ་བྱས།
    སློབ་མགོ་ཚུགས་ནས་གཟའ་འཁོར་གཉིས་ལྷག་འདས་ཀྱང།འཛིན་གྲྭའི་བཀོད་སྒྲིག་ཐད་དུ་སློབ་མ་སོ་སོར་ད་དུང་གླེང་ཕྱོགས་ཤིན་ཏུ་ཆེ་ལ། སློབ་སྟོན་ཁྲུའུ་ལ་འཛིན་གྲྭ་བརྗེ་བར་བསམ་ཚུལ་བཤད་པའི་སློབ་མ་གྲོག་མས་རྐང་ལམ་འདེད་པ་བཞིན་ཉིན་མོ་རེ་རེ་རྒྱུན་ཆད་མེད་པའི་བར་གླགས་མི་འདུག་པས།སློབ་གྲྭའི་ཐོག་མའི་འཆར་གཞི་ལའང་གས་ཆག་མང་དུ་ཤོར་སོང་བ་མ་ཟད།མཚམས་ལ་ལར་ཀྲུའུ་ རིན་ཚེ་འབུམ་སློབ་མ་ཚོར་ཁ་སྤོ་ཁ་ནས་ལངས་ཤིང།ཞེ་སྤོ་གཏིང་ནས་རྒྱས་ཏེ་ཚིག་རྩུབ་ཐོག་སྐད་འདྲ་བ་རེ་དང་སྡང་མིག་མེ་སྟག་འདྲ་བ་རེ་སྟོན་པར་བྱེད༌།ཐོག་མའི་འཆར་གཞི་ཞེས་བ་དེ་འཛིན་གྲྭའི་འབྲིང་རྒྱུགས་ཀྱི་སྐར་གྲངས་ལྟར་ བཅད་པ་དེ་ཡིན་ལ། སློབ་གྲྭའི་སློབ་ཆེན་ལ་རྒྱུགས་འཕྲོད་ པའི་དམིགས་ཚད་རྩ་བར་བཟུང་སྟེ།སྐར་གྲངས་མཐོ་བའི་ སློབ་མ་ཡོད་ཚད་རྩིས་ཚན་ས་ས་འཛིན་གྲྭ་དྲུག་བགོས་ཤིང༌།དེ་ལས་ཅུང་དམའ་བ་རྣམས་རིག་ཚན་འཛིན་གྲྭ་གཉིས་ལ་བགོས་པས། སློབ་མ་ཚོས་རང་ཉིད་ཀྱི་རིག་ཚན་གྱི་འཇོན་ནུས་མི་འདྲ་བར་སློབ་གྲྭས་བསམ་བློ་མི་གཏོང་ཚུལ་འཆད་ལ།ལ་ལས་ད་དུང་སྒེར་གཅོད་བྱས་འདུག་བྱས་འདུག་ཀྱང་ཟེར། གནས་ཚུལ་འདིས་སློབ་གྲྭའི་གོང་འོག་བར་གསུམ་ལ་འུར་ ཟིང་བཟོས་ཤིང༌། སློབ་ཁྲིད་ལའང་ཤུགས་རྐྱེན་ཐེབས་པས་ དགེ་རྒན་ཚོས་ཀྱང་ལྐོག་ཏུ་སློབ་གྲྭའི་འཆར་གཞི་ལ་ལེ་ལན་འདེབས།
 ཁེ་སྔོན་སློབ་མ་བཅུ་ཕྲག་ལྷག་རིག་ཚན་དུ་སྤར་བས།རིག་ཚན་འཛིན་གྲྭ་སོ་སོར་སློབ་མ་དྲུག་ཅུར་བུད་ཅིང༌།ད་ལྟ་སློབ་ཁང་དང་ཅོག་ཙེ་ཡང་མི་འདང་བའི་སྣང་ཚུལ་འདུག  སློབ་གཙོས་ཡིག་ཆ་ཕར་བསློགས་ཚུར་བསློགས་བྱེད་ཞོར་ཀྲུའུ་རིན་ཚེ་འབུམ་གྱིས་བཤད་པའི་སྐད་ཆ་དེར་འདང་ཞིག་བརྒྱབ་ཅིང༌།ད་ནངས་ཞོགས་པར་ཡང་རྫོང་ག་གེ་མོའི་ཅུའུ་ཀྲང་ཟླ་བཟང་གིས་ཀྱང་རང་ཉིད་ཀྱི་བྱིས་པའི་འཛིན་གྲྭ་བརྗེ་དགོས་ཞེས་ནན་དུ་བཤད་ལ།མཐར་སློབ་གཙོས་ཀྱང་ཅུའུ་ཀྲང་གི་ངོ་ལྡོག་མ་ཐུབ་པར་ཁས་བླངས་པས། ཁོ་ལྷག་ཏུ་དཀའ་ལས་ལ་གཏད་སོང༌།རྙོག་འཛིང་ཆེ་བའི་དོན་དག་འདི་ཇི་ལྟར་འདང་བརྒྱབ་ན་དེ་ལྟར་དཀའ་རུ་ཕྱིན་པས།སློབ་གཙོས་མེས་ཚིག་ནས་ཚར་ལ་ཉེ་བའི་དུ་བ་དེ་ཉེན་དཔོན་ཞིག་གིས་རྐུན་ཇག་གི་གཉའ་ནས་གནོན་པ་བཞིན་ཐལ་རྐོང་ནང་བཙུགས་ཤིང༌། ལྭ་རིང་གོན་ནས་སྒོ་ཕྱིར་བུད།
 ཕྱི་རོལ་གྱི་འཇིག་རྟེན་ནི་དེ་ལྟར་བུ་ཡུག་རྩུབ་ལ།མུན་ནག་གི་འཐམ་འཁྱུད་རྒོད་པས།སློབ་གཙོའི་མིག་ཟུང་རབ་རིབ་དུ་ཕྱིན་ཏེ།ཀླད་རིམ་ཧྲིལ་བོར་ནག་འཐིབས་སེར་གྱུར་ཅིང༌།ཨེན་ཙམ་མིན་ན་ཐང་ལ་འགྱེད་པས་ཁོ་འགྲམ་གྱི་གྱང་ལ་ཁེན་ནས་ཡུན་ཙམ་བསྡད། རྒྱང་རིང་གི་གནམ་མཐའི་མཚམས་ན་སྐར་མ་འོད་ཆེན་ཞིག་ཁེར་རྐྱང་དང་ཨུ་ཚུགས་ཀྱིས་མི་ཡུལ་ལ་ཅེར། ཕྱོགས་བཞི་བོ་སོ་སོ་ནས་གྲང་རླུང་གི་འཚུབ་མ་དབུས་སུ་འདུ་ཞིང༌།ལྗང་མདོག་གི་འདབ་ལོ་བྲལ་བའི་སྡོང་སྐམ་ལ་ཡང་ཡང་རྡེག་ཅིང༌། ཡལ་ག་སྐམ་པོ་དག་སྐྱ་ཤིང་འཐབ་ཅིང༌། ད་དུང་ས་རུ་ལྷུང་བའི་སྒྲ་ཡང་བུ་ཡུག་གིས་ཐོས་འཛིན་དུ་དྲངས་ཡོང༌། འུར་འུར་དུ་ལྡང་བའི་བུ་ཡུག་རྒྱུན་ནས་སློབ་མ་འགའི་ལབ་གླེང་ཡང་ཁུར་ ཡོང་བས། སློབ་གཙོའི་འདེགས་འཇོག་གི་གོམ་ཁ་རིམ་བཞིན་སློབ་མ་ཕོའི་ཉལ་ཁང་གི་ཕྱོགས་སུ་བསྒྱུར།
 “ཨ་རོགས། སློབ་གྲྭས་ཅིའི་ཕྱིར་རྩིས་ཚན་གཙོ་བོར་རྩིས་ཏེ་རིག་ཚན་ཕལ་བར་བཞག་པ་རེད། མུན་ནག་གི་གསེབ་ནས་དྲི་བ་ཞིག་བུ་ཡུག་བཞིན་ལྡང༌།
 “གླེན་རྒན། དེར་མི་ཤེས་རྒྱུ་ཅི་ཡོད། སློབ་གཙོས་རང་ཉིད་ཀྱི་སྙན་གྲགས་ས་ཀྱི་ཆེད་དུ་དེ་ལྟར་བཀར་བ་རེད།རྩིས་ཚན་གྱི་སྐར་མའི་ཚད་སྔར་ལས་དམའ་ལ། ད་ལྟ་སློབ་ སྦྱོང་ལ་བཟང་བ་ཚང་མ་ཕྱོགས་གཅིག་ཏུ་བསྡུས་ན་རྒྱུགས་ སྤྲོད་དུས་སློབ་གྲྭར་མཚན་སྙན་ལེགས་པོ་ཞིག་ཐོབ་ཐུབ་པ་མ་ཡིན་ནམ།སློབ་གྲོགས་གཞན་ཞིག་གིས་གདེང་ཚོད་ཡོད་པའི་སྒོ་ནས་དེ་ལྟར་བཤད་པར༌། མཐུད་ནས་སློབ་གྲོགས་ སྔོན་མསཨ་ཁ།དེ་ལྟར་བྱས་ན་སྒེར་གཅོད་ཐལ་དྲགས་པ་མ་ཡིན་ནམ།ཁོ་ཚོས་སྒོའི་ཕྱི་རོལ་གྱི་གོམ་སྒྲ་ཞིག་ཐོས་པ་ཡིན་ནམ་གཏི་མུག་གི་གཉིད་ལ་ཤོར་བ་གང་ཡིན་ཆ་མི་འཚལ་ཡང༌། མུན་ནག་གི་གསེབ་ནས་རེ་ཞིག་ཁུ་སུམ་མེར་གྱུར།
       སློབ་གཙོས་སྐད་ཆ་འདི་དག་ཐོས་མ་ཐག་རེ་ཞིག་སྙིང་རླུང་སྟོད་ལ་འཚང་ཡང༌།ཞིབ་འདང་ཞིག་བརྒྱབ་ན་དངོས་གནས་དེ་འདྲ་ཞིག་ཡིན་པས།ཁོས་རང་ཉིད་ཀྱི་སྙིང་མར་ལ་དབབ་ཅི་ཐུབ་བྱས།དེ་མ་ཐགཡང་ཉལ་ཁང་གཞན་ཞིག་ནས་ཀྱང་གླེང་གཞི་གསར་བ་ཞིག་གི་མགོ་བརྩམས་བྱུང༌།

ཨ་རོགས། དེ་རིང་ཕྱི་དྲོར་འཕྲིན་ལས་ཀྱིས་ཁོ་སང་ཉིན་འཛིན་གྲྭ་བརྗེ་རྒྱུ་ཡིན་ཟེར།
ངོ་མ་ཨེ——སློབ་གྲྭས་གཅིག་ཀྱང་བརྗེ་རྒྱུ་མིན་ ཟེར་བ་མིན་ནམ།
ཧིན། དེ་ཁོའི་ཨ་ཕ་ཅུའུ་ཀྲང་མ་ཡིན་ནམ།
ཨོ། དེ་འདྲ་ཡིན་ཚེ་ཡང་ཚོང་ཞིག་བརྒྱབ་པ་འདྲ།
ཡིན་ཡང༌། སང་ཉིན་ནས་སློབ་གྲོགས་ཚོས་ཡང་བསྐྱར་ཁོ་བདེ་ལ་དབབ་དུ་འཇུག་ནི་མ་རེད།
ཧ་ཧ།
         མུན་ནག་གི་སྨག་རིམ་གྱིས་འཇིན་རྟེན་ཧྲིལ་བོ་ཡོངས་སུ་གཏུམ་ཡང༌། ད་ལྟ་སློབ་གཙོའི་མིག་ཟུང་དུ་ཁོང་ཁྲོའི་མེ་ལྕེ་འབར་ལ། བུ་ཡུག་གི་རྒྱུན་གྱིས་ཁོར་ཡུག་ཡོངས་གྲངཤུར་ཤུར་ཏུ་བཟོས་ཀྱང༌། ཁོའི་ཡ་ཆུང་དུ་ཞེ་སྡང་གི་ཆུ་ཁོལ་གདུ་བར་བྱེད་པས། ཁོའི་ལུས་པོ་ཡོངས་འདར་ལྕུག་ལྕུག་བྱེད་ལ།ལྭ་རིང་གི་མཐུ་སྣེ་ནས་འཐིན་ཙམ་འཐེན་ཙམ་བྱེད་དགོས་པའི་ཚོད་དུ་ཐུག་ཀྱང༌།ཁོས་རང་ཉིད་ཀྱིས་སློང་མ་འགར་ཁྲོ་གཏམ་བཤད་ན་རང་ཉིད་ཀྱི་མཚན་སྙན་བརླགས་པ་རེད་སྙམ་ནས་ཡོད་ཚད་མ་ཐོས་པ་འདྲ་བྱས་ཏེ་ཁ་ཕྱིར་འཁོར། 
     ནམ་གུང་གི་ཆུ་ཚོད་གཅིག་ཡས་མས་སུ་མཚོ་བོད་མཐོ་སྒང་གི་སློབ་གྲྭའི་ཁོར་ཡུག་ཅིག་ཏུ་ལག་ལ་ཁུག་མ་མང་བོ་བཟུང་བའི་མི་འགས་ཤབ་ཤུབ་བྱེད་བཞིན་སློབ་གཙོའི་ཁང་བའི་ཕྱོགས་སུ་འགྲོ་བཞིན་འདུག་ལ། ཕྱི་རོལ་གྱི་ཁོར་ཡུག་མུན་པས་གཏུམས་པས་ཡོད་ཚད་ཁུ་སིམ་མེར་འཇགས།
                                                            2010.1.11

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྗེ་སྤོར།

2010-07-02  རྒྱ་ཕྱུག་བསོད་ནམས་ཚེ་བརྟན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།