དཔེ་མཛོད་ཁང་གི་གཏམ་རྒྱུད།

བྱ་གཞུང་གངས་ཉུལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-26

   ཕྱི་དྲོའི་སློབ་ཐུན་དང་བོའི་ཅོང་བརྡ་སིང་སིང་དུ་གྲགས་ཀྱང༌།སློབ་གྲོགས་ཚོ་ད་དུང་ཡང་སྒྱིད་ལུག་གི་རྣམ་འགྱུར་རྫོབ་པོ་ཞིག་གིས་བཟུང་ནས།སློབ་ཁང་གི་མདུན་ན་རྐུབ་སྟེགས་སྟེང་བཙོག་སྟེ་ཉི་མར་ལྡེ་འདུགསྤྱིར་མཐོ་སྒང་གི་ནམ་ཟླའི་དགུན་ཁ་སླེབས་ཚེ།ཡུལ་གྲུ་ཧྲིལ་བོར་འཁྱགས་རླུང་གིས་སྡོམ་ཞིང༌།བུ་ཡུག་རྩུབ་མོས་ལྷབ་ལྷུབ་ཀྱི་ཁ་བ་དཀར་བོ་ཡང་ས་གཞིར་བག་མར་འདྲེན་པས།ཤག་ཤག་ཏུ་འབབ་པའི་ཆུ་ཕྲན་གྱི་སྦུབས་ལམ་འགག་ལ།མུ་མཐའ་བྲལ་བའི་རྩྭ་ཐང་ཧྲིལ་བོར་སྐྱ་ཐང་ཐང་གི་རྩི་ཤིང་ཚོགས་ཀྱིས་ཤུག་གླུ་ལེན།མཐོངས་དབྱིངས་ན་སྐར་མའི་ ཟོལ་གྱིས་འབབ་པའི་གཡང་དཀར་ལུག་ཁྱུས་ཀྱང་གྲང་འདར་མ་བཟོད་པར་ཡར་ལྡིང་མར་ལྡིང་བྱེད་ལ།སྐབས་རེར་ཧྲིག་ཧྲིག་གི་སོ་སྒྲའང་འཆའ་བར་བྱེད།ཡིན་ནའང༌།Mསློབ་འབྲིང་ཆགས་པའི་སློབ་འབྲིང་འདིའི་ཡུལ་གྲུ་གང་སར་མཐོ་སྒང་གི་ས་ཁུལ་གཞན་དག་དང་འདྲ་བར་བུ་ཡུག་གི་འཚུབ་མ་མི་རྒོད་ལ།ཁ་བ་དཀར་བོ་ཡང་དགུན་ཟླ་གསུམ་པོར་ཐེངས་རེ་གཉིས་ཙམ་ལས་འབབ་མི་སྲིད།ད་དུང་ལྷུང་ལྷུང་དུ་འབབ་པའི་རྨ་ཆུ་སྔོན་མོར་འགྲམ་དར་ཙམ་ཡང་མི་ཆགས་པས།མི་རྣམས་ཀྱིས་གནས་འདིརདབྱར་གྱི་གྲོང་ཚོ ཟེར།ཡང་མཚམས་ལན་རེར།སློབ་གྲོགས་ཚོས་དང་ཐོག་སློབ་འབྲིང་འདིར་མིང་ཐོ་འགོད་དོན་དྲིས་ཚེ།ཁོ་ཚོས་ས་ཆ་འདིའི་དུས་བཞིའི་དྲོད་གྲང་ཕལ་ཆེར་སྙོམས་པས་དགུན་ཁར་གྲང་མི་དགོས་པར་ཡང་དམིགས་པ་ཡིན་ཟེར་བས།ཚང་མ་ཧབ་ཆ་དི་རེར་བུད་འགྲོ “ཨ་རོགས་ཚོ། ད་ཐེངས་དཔེ་ཆ་གཡོར་དུས་རེད།ཁྱོད་ཚོ་མི་འགྲོའམ།   ཉིན་གསུམ་གྱི་སྔོན་ལ་མཐོ་འབྲིང་ག་གེ་མོའི་སློབ་སྤར་བྱས་ཏེ་ཡོང་བའི་སློབ་གྲོགས་དགེ་འདུན་ཐར་གྱིས་ད་དུང་ཅུང་མ་འདྲིས་པའི་ཚུལ་གྱིས་དེ་སྐད་བཤད་ཅིང༌། མཐུད་ནས་གོམ་པ་འགའ་སྔུན་ལ་སྤོས་ཏེ་ཉི་ མར་ལྡེ་བའི་སློབ་གྲོགས་ཚོའི་གམ་ལ་བཅར།ཕེ། ཁྱོད་དཔེ་མཛོད་ཁང་ལ་འགྲོ་བསམ་མམ། དེ་ལས་ཁྱོད་ད་དུང་མི་ དམངས་སྲིད་གཞུང་ལ་འགྲོ་བསམ་ན་སླ་བོ་ཡིན།གདོང་ཉག་ཏུ་མིག་ཤེལ་གྱོན་པའི་སློབ་གྲོགས་དེ་ཡར་དགྱེ་ཙམ་ བྱས་ཤིང༌། ཡིད་ཐང་ཆད་པའི་རྣམ་འགྱུར་ཞིག་མངོན་ཏེ་ དེ་ལྟར་བཤད། དགེ་འདུན་ཐར་ཧ་ཅང་ཡ་མཚན་པའི་ ངང“དེ་ཅི་ཟེར་བ་ཡིན། ངས་ཧ་གོ་མི་འདུག།ཟེར་ཞོར་སློབ་གྲོགས་རེའི་གདོང་ལ་མིག་ཉུལ་ཞིག་བྱས་ཤིང༌།ཁོ་ཚོས་གསལ་བོ་ཞིག་འཆད་པར་སྒུག་ནས་བསྡད་ཀྱང༌དེར་བོད་ལྭའི་སྐེ་རགས་ཀྱང་གང་ནས་བོར་བ་མི་ཤེས་པ་འདྲ་བའི་སློབ་གྲོགས་དབོ་ལུགས་ལ་བུད་པ་དེས་ཅུང་སུན་སྣང་སྐྱེ་བའི་ངངདེ་ཁྱོད་དཔེ་མཛོད་ཁང་ལ་ཐེངས་གཅིག་སོང་ དང༌། ཤེས་ངེས་རེད། ཅེས་བཤད་པས།ཁོས་ཀྱང་སློབ་གྲོགས་ཚོས་གསལ་འདེབས་ཡང་འདེངས་བྱེད་མི་འདོད་ པའི་རྣམ་འགྱུར་མཐོང་ནས་མུ་མཐུད་དུ་གཏིང་འདྲི་མ་བྱས།ཁོས་ཁོག་ཏུ་སློབ་གྲོགས་འདི་ཚོས་དཔེ་གཡོར་སློབ་ཐུན་ཡོད་བཞིན་དུ་མི་འགྲོ་བ་ནི་དངོས་གནས་དུས་གཏན་དུ་མུན་ནག་གི་དོང་ཁར་འབུད་མ་འདོད་པ་རེད་བསམ་ཞིང༌། གཟའ་ཉི་མའི་ཉིན་སྤྱི་གཉེར་ཁང་ནས་སྒོར་ཉི་ཤུ་བྱིན་ཏེ་ཐུས་འགོད་བྱས་པའིMསློབ་འབྲིང་གི་དཔེ་གཡོར་འཛིན་བྱང་བཟུང་ནས་དཔེ་མཛོད་ཁང་གི་ཕྱོགས་སུ་ཕྱིན།ཤུལ་དུ་ལུས་པའི་སློབ་གྲོགས་ཚོས་གདོང་དགེ་འདུན་ཐར་གྱི་གཟུགས་ཐུང་ཞིང་འཁོབ་ཆུང་བའི་རྒྱབ་གཟུགས་ལ་ཅེར་ ནས་ཡུན་ཙམ་ལུས་ཤིང༌། སླར་ཡང་རང་རང་སར་མགོ་བོ་ གཡུགས་ནས་འདུག  
      དགེ་འདུན་ཐར་དཔེ་མཛོད་ཁང་གི་སྒོ་ཁར་སླེབས་ཤིང༌། བོད་ལྭར་སྡོག་ག་ཞིག་བརྒྱབ་རྗེསཡར་ཞུཞེས་བོས་པས།ཁང་བའི་ནང་ནས་སྦོམ་ལ་འགགས་པའི་བུད་མེད་ཀྱི་སྐད་ཅིག་གིས་ནང་དུ་བོས།ཁོས་སྒོ་ཕྱེ་ནས་ནང་དུ་སླེབས་པ་ན། ཁང་བའི་ནང་ཧྲིལ་བོར་དཔེ་སྒྲོམ་ཆུང་བ་དྲུག་བཞག་འདུག་ལ། དེ་ལས་དཔེ་སྒྲོམ་ཆུང་བ་གཉིས་སུ་ཐུམ་སེར་བོས་ བཏུམས་པའི་དཔེ་ཆ་སྣ་རིང་མ་བཅུ་ཕྲག་འགའ་བཞུགས་ འདུག་པས། ཁོའི་སེམས་ལ་སྤྲོ་འགའི་དཔལ་གྱིས་བརྟས་ པའི་སྐབས་དེར། དགེ་རྒན་བུད་མེད་དེས“ཅི་རེད།དཔེ་ཆ་གཡར་དུ་ཡོང་ན་དེར་གཟའ་ཁེལ་བ་ལྟར་བསྡད་ནས་ཅི་བྱེད།     ཅེས་སྙིང་ལ་གཟེར་ཤ་རྒྱུགས་འདྲ་བྱེད་པའི་སྐད་ཆ་ཞིག་བཤད་པས།དགེ་འདུན་ཐར་རེ་ཞིག་ཧད་པར་བྱས་ཤིང༌།འདིར་དགེ་རྒན་གྱི་མཚན་འཛིན་པ་ཞིག་གིས་ཀྱང་ཚིག་རྩུབ་འདི་འདྲ་འཆད་ན་རྩྭ་ཐང་གི་སོ་སྐྱེ་ཕལ་བ་དག་ལ་ཅི་ཁག་ སྙམ་ནས་ཕར་ཕྱིན་པ་དང༌།དགེ་རྒན་བུད་མེད་དེས་རྒྱ་ལྭ་ཆ་ཚང་ཞིག་གྱོན་ཞིང་ཝ་གློདོང་ལ་མིག་ཤེལ་ཞིག་ཀྱང་གྱོན་ ཡོད་པ་མ་ཟད། དུ་དུང་མགོའི་སྐྲ་ཡི་ལན་བུ་དག་ཀྱང་ བསླེས་མེད་པར་ཆུང་ཚུགས་ཤིག་བཏོགད་འདུག་ཀྱང༌། ཐོད་པའི་སྟེང་གི་གཉེར་མ་དང༌། གདོང་མདོག་བཅས་ལ་ བལྟས་ན་ཕལ་ཆེར་ལོ་བཞི་བཅུར་བུད་འདུག་པ་ཤེས་ཐུབ། དགེ་འདུན་ཐར་གྱིས་དཔེ་གཡོར་ས་འཛིན་བྱང་ཕར་གཏད་པ་དང་བུ་མེད་དགེ་རྒན་དེས་སྒོར་ཉི་ཤུ་མན་གྱི་དཔེ་ཆ་མ་ གཏོག་གཡར་མི་ཆོགཞེས་དྲིས་པས།ཁོ་ཡ་མཚར་བའི་ངང་དགེ་རྒན་དེ་ཅི་ཡིན་ཞེས་དྲིས་བར་མོ་དགོད་ཙམ་གྱིསཧིན་ཁྱོད་གྱིས་ཀྱང་སྒོར་ཉི་ཤུ་མ་གཏོགས་སྤྲད་མེད་པ་མིན་ནམཟེར་ཞོརད་དཔེ་ཆ་འཚོལ ཞེས་ཟེར། 
 དགེ་འདུན་ཐར་གྱིས་དོན་ངོ་མས་རང་ཉིད་སློབ་གྲྭ་ཞིག་གམ་ཀུང་ཟི་ཞིག་ན་ཡོད་མེད་རེ་ཞིག་མ་ཚོར་ཞིང།ཁོག་ཏུ་སློབ་གྲོགས་ཚོ་ཡིད་ཐང་ཆད་འདུག་པ་ཡང་ཁག་མི་་འདུག་ལ་སློབ་གྲྭ་འདིས་དོན་ངོ་མར་ཁེ་ལས་ལྟ་བུ་ཞིག་གཉེར་འདུག་སྙམ་བཞིན་དཔེ་ཆ་བཟང་བོ་ཞིག་འཚོལ་མགོ་བརྩམ།
 བུད་མེད་འདེའི་མིང་ལ་ཚེ་རིང་དབང་མོ་ཟེར་ཞིང།ད་ལྟ་མོ་ལོ་ཉེར་ལྔརསོན་པ་དང་སློབ་གཙོའི་ཆུང་མ་རེད། དོན་ངོ་མར་སློབ་གྲོགས་ཚོས་དགེ་རྒན་ཞེས་མིང་ཞིག་བཏགས་པ་མ་གཏོགས།མོ་སྲིད་གཞུང་གིས་བཀོད་སྒྲིག་བྱས་པ་ཡིན་ལ༌། ཚབ་ཁྲིད་དགེ་རྒནཙམ་གྱིས་ཆུ་ཚད་ཀྱང་མེད་པར་དཔེ་ཆ་གཡོར་མཁན་ཚོའི་མིང་ཙམ་འབྲི་ཤེས་བ་ཙམ་ཡིན༌།ཡིནནའང༌།སློབ་གྲྭས་མོར་ཕོག་གླ་ཚབ་ཁྲིད་དགེ་རྒན་ཚོའི་ལྡབ་གཉིས་བྱིན་པ་དང་དུས་ལྟར་དཔེ་ཆ་མ་གཡར་ནའང་སློབ་གཙོའི་རྐུབ་ལྡག་ཕྱིར་ཅི་ཡང་ཟེར་མི་ ཐུབ་ན།དགེ་རྒན་ཚོས་ཀྱངས་གང་ནས་ཐུག་ཀྱང་གཉའ་སྒུར་སྒུར་དང་ངོ་འཛུམ་འཛུམ་བྱེད་པས།དོན་དངོས་དཔང་ཤུགས་དང་རེ་སྙེག་རྫུ་བག་དང་ཁ་ཡག་གི་མུ་ཁྱུད་ཟླུམ་པོ་ཞིག་སློབ་རྭའི་ཁོར་ཡུག་ཏུ་ཡང་བསྐོར་བསྐྱར་བསྐོར་བྱེད། 
      དགེ་འདུན་ཐར་གྱིས་དཔེ་སྒྲོམ་བཞི་ལྷག་ལ་མིག་ཉུལ་ཡང་ཡང་བྱས་ཀྱང་རང་ཉིད་ཀྱིས་བལྟ་འདོད་པའི་དཔེ་ཆ་ ཞིག་ལག་སོན་མ་བྱུང༌། དེར་གནའ་རབས་ཀྱི་གསུང་འབུམ་ དང་ཡིག་སྙིང་མི་འདུག་ལ། དེང་རབས་དཔེ་ཚོགས་སོགས་ གང་ཡང་མེད་པར། རྩིས་དངོས་རྫས་གསུམ་གྱི་ལྷན་ཐབས་ དང༌། རྒྱ་ཡིག་གི་གཏམ་རྒྱུད་དང་ལོརྒྱུས༌། དུས་དེབ་བཅས་ རེད།  ཏག་ཏག<<ཡིག་རྙིང་ཞིབ་འཇུག>>ཅིག་ཡོད་པ་ སྒོར་བདུན་ཅུ་ཡིན་འདུག་པ་ཕལ་ཆེར་དཔེ་གཡར་འཛིན་ཡིག་གསུམ་ཙམ་མེད་ན་གཡར་མི་ཐུབ་པས།ཁོ་རེ་ཞིག་འུ་ཐུག་ཐབས་ཟད་དུ་གྱུར།དཔེ་འཛོད་ཁང་ལས་མི་དང་མིའི་རྫུ་བག་གི་ཟློས་གར་རེ་འགའ་མཐོང་འོང་བ་ནི་གྲོང་བརྡལ་ འདིའི་ན་གཞོན་ཁ་ཤས་ཀྱིས་བརྩམས་པའི་རྩོམ་དེབ་རེ་ འགའ་ཕལ་ཆེར་རིགས་ལའང་དེབ་སུམ་ཅུ་ཙམ་དཔེ་སྒྲོམ་ སྟེང་བརྩེགས་འདུག་པ་དེ་རེད། རྩོམ་དེབ་དེ་དག་ལ་ལོ་རྒྱུས་ཀྱི་རིན་ཐང་དང་རྩོམ་རིག་གི་རིན་ཐང༌། གསར་གཏོད་ཀྱི་རིན་ཐང་སོགས་གང་ཡང་མེད་པར་ཡོད་ཚད་ཧོལ་རྒྱུགས་དང་གཡམ་རྒྱུགས་ལ་གོམས་པའི་ན་གཞོན་འགའི་ཟིན་བྲིས་ཙམ་དུ་ཟད་པས།དཔེ་མཛོད་ཁང་དུ་ཉར་དགོས་པའི་རིན་ཐང་གང་ཡང་མེད་འདུག་སྙམ། 

           དགེ་འདུན་ཐར་གྱིས་ཆེས་མཐའ་མཇུག་གི་དཔེ་སྒྲོམ་སྟེང་ལ་བལྟ་དུས། དེར་ནི་དཔེ་ཆ་བཟང་བོ་འགའ་འདུག་ སྙམ་སྟེ། <<ལམ་རིམ་བཞི་སྦྲགས་མ>>དང<<རྟ་ནག་རྣམ་ འགྲེལ>><<དུང་དཀར་ཚིག་མཛོད>><<རྗེ་བཙོང་ཁ་བའི་ གསུང་འབུམ་ཐོར་བཏུས>>མཐོང་བས། ཁོ་དགའ་བས་མྱོས་ ཏེ་ལེན་རྩིས་བྱེད་སྐབས་བུད་མེད་དགེ་རྒན་དེས“ ཝེ  དེ་དགེ་རྒན་ཚོའི་དཔེ་ཆ་རེད།ཁྱོད་ལ་དེའི་ཅི་ཞིག་བྱེདཅེས་སྣང་ཆུང་གིས་བཤད་པས༌།དགེ་འདུན་ཐར་སྔོན་མ་ལས་ཀྱང་ཧ་ལས དགེ་རྒནདཔེ་ཆ་ལའང་དགེ་རྒན་གྱིས་བལྟ་ཆོག་པ་དང་སློབ་མས་བལྟ་མི་ཆོག་པའི་རིགས་ཡོད་དམཞེས་ དྲིས་པས། མོ་ཅུང་མ་རེངས་བའི་ཚུལ་གྱིསཁྱོད་ཀྱིས་ཅི་ཤེས། འདི་སློབ་གཙོའི་ཐུགས་བཀོད་རེད། སྐད་ཆ་ཡོད་ན་སློབ་ གཙོར་འདྲི་རུ་སོང། ངའི་སྙིང་རྩོང་གི་མ་འདུགཅེས་བཤད་
པར། དགེ་འདུན་ཐར་ཀྱིསཐུགས་བཀོད ། ངོ་མས་བགོད་ སྤྱད་རེདཅེས་ཐལ་བས༌། བུད་མེད་དགེ་རྒན་དེའི་གདོང་མདོག་གློ་བུར་ཏུ་འགྱུར་ཞིང་རྐུབ་སྟེགས་ལས་ཡར་ལངས་ཏེ། ལྟས་ངན་ཁྱོད་ལྟ་བུའི་ཀྱང་སློབ་གཙོར་ངན་སྐུལ་བ་ཨེ་རེད། ཁྱོད་ད་མར་སོང།ངོ་མས་སྙིང་རྩོང་སྤྱད་ཅིག་རེད།ཟེར་ཞོར་དགེ་འདུན་ཐར་ལ་སྐད་ཆ་ཙམ་ཡང་བཤད་ལོང་མ་བྱིན་ པར་ཕྱིར་བུད་ཅིང་སྒོ་བརྒྱབ། 
      དགེ་འདུན་ཐར་གྱིས་དཔེ་ཆ་གང་ཡང་གཡར་མ་ཐུབ་ལ། དཔེ་གཡོར་འཛིན་བྱང་ཡང་ལེན་མ་ཕོད་པར་ཕྱིར་སློབ་ཁང་དུ་ལོག་དུས། སློབ་གྲོགས་ཤིག་གིས“ ཅི་རེད༌།སློབ་ གྲོགས་ཅི་རེད། དཔེ་ཆ་མ་གཡར་ཏམ། ཨོ་ངས་བལྟས་ན་རི་བོང་རི་བོང་ཤོར་སྡོམ་པ་སྡོམ་པ་ཤོར་ཞེས་པའི་རྣམ་ཐར་འཁྲབ་སོང་བ་འདྲ     ཞེས་བཤད་པས།སློབ་གྲོགས་ཚོ་དེ་མ་ཐག་ཏུ་ཧབ་ཆ་དིར་རེ་སོང་ཞིང།རེ་ཞིག་སློབ་ཁང་ནང་བསླུག་བསླུག་གི་གད་མོས་ཁྱབ།  

                                                2009.12.23

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔེ་མཛོད་ཁང་གི་གཏམ་རྒྱུད།

2010-06-26 བྱ་གཞུང་གངས་ཉུལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།