ལྷ་གཡག་ལ་ཕུལ་བ།

བྱ་གཞུང་གངས་ཉུལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-24

          འདྲིས་ཆ་ཅི་ཡང་མེད་པའི་གྲོགས་ལྷ་གཡག་ལགས།ཉེ་ཆར་ངས་དྲ་ལམ་ནས་ཁྱེད་ཀྱི<<ཁྲི་ཀ་རྫོང་གི་སློབ་གསོ་ལོག་ལམ་དུ་སོང་ཚར་འདུག>>ཅེས་པ་དང<<སློབ་གསོ་དམར་གསོད་གཏོང་མཁན>>ཞེས་པ་གཉིས་ལ་བལྟས་ཟིན་པས། ང་ལ་དངོས་གནས་སྙིང་སྟོབས་རིགས་ཤིག་གི་བརྟས་བྱུང༌།ལར་ང་ཚོ་ནི་དུས་རབས་ཉེར་གཅིག་པའི་ཉི་གཞོན་འོག་མཚར་ལོངས་རྒྱས་ཤིང་བློ་གྲོས་ཀྱི་འདབ་ལག་བརྐྱངས་ནའང༌།རྫུ་བག་དང་ཚུལ་འཆོས།གཡོ་ཟོལ་རྐྱང་རྐྱང་གི་འཐབ་ར་རྫོབ་པོ་འདིས་ག་དུས་ཀྱང་འབུར་འཇོམས་དང་རྨེག་མེད་གཏོང་བཞིན་མཆིས་པ་བསམ་ན།མིའི་རྒྱུ་འབྲས་བློ་མིག་དང་ཟུང་བཀུར་ཟུང་གཅེས།ཟོལ་བྲལ་བདེན་ལུགས་ཀྱི་ཐ་སྙད་དག་ཀྱང་དོན་གྱིས་དངོས་ཡོད་སྤྱ་ཚོགས་ འཚོ་བས་དབང་བསྒྱུར་བྱེད་བཞིན་འདུག   གནས་བབས་འདི་ལྟ་བུ་ཞིག་གི་འོག་འུ་ཚོའི་ཁ་ཚ་དགོས་གཏུགས་སུ་གྱུར་བའི་གླེང་གཞི་ནི་རྫུ་བག་དང་མཚང་འབྱིན་དང༌།ཚུལ་འཆོས་ཐེར་འདོན།དངོས་ཡོད་འཚོ་བར་རྒྱབ་དཔུང་གཏོད་པའི་དམ་བཅའ་དཔང་དུ་བཞག་ནས།མི་བུར་སྐྱེས་པའི་དོན་སྙིང་ཁུར་ལེན་དང་བདེན་ལུགས་སྒྲོག་རྒྱུ་ནི་གཟུར་མེད་ཀྱི་འགན་འཁྲི་རྡོག་གཅིག་དང་འོས་བབས་ འཚོ་བའི་རྒྱུ་འབྲས་བློ་མིག་ཡིན། 
    ཐོག་མ་ནས་དད་སེམས་རིགས་ཤིག་བཅངས་ནས་སློབ་གླིང་འདིར་རྡོག་ལམ་བསྒྱུར་དགོས་བྱུང་ལ།དེ་དུས་ཀྱི་རྨི་ལམ་ནི་མཚན་སྨག་གིས་བདས་པའི་སྐྱ་རེངས་ཤིག་དང་གསལ་དྭངས་དྭངས་ཀྱི་རྩྭ་ཟིལ་དེ་ཡིན།དེ་དུས་ཀྱི་ཡིད་འགྱུར་ནི་ས་ཁུ་སིའི་རོལ་དབྱངས་ཤིག་དང་འདྲ་བར།འཇམ་ཐང་ཐིང་གིས་ང་ཚོའི་བྲང་གཞུང་དུ་སིམ་ཡོད།བརྗིད་བརྗིད་གངས་རི་དཀར་པོ་དང༌།ཡངས་ཡངས་རྩྭ་ལྗང་མུ་མེད་རྟེན་དུ་བཞག་ཅིང༌།ཉེ་ཉེ་ཕ་མ་སྤུན་མཆེད་དང་རིང་རིང་གངས་ཅན་བོད་མི་སེམས་སུ་ཉར་ནས།ཆུང་ཆུང་ལུ་གུ་འཚོ་རོགས་དང་ཡང་ཆུང་མེ་ཏོག་འཐུ་རོགས་ཚོར་ཡང་འཁྲེང་ཞེན་ཕབ་ནས་ས་ཆེན་པོ་འདོམ་གྱིས་འཇལ་ཞིང༌།ལ་རིང་བོར་འཕྲེད་ཀྱིས་བཅད་ནས་རེ་བཞག་གི་མེ་ཏོག་འཁྲུངས་སའི་གནས་འདིར་དཔུང་འཛོམས་བརྒྱུད། དེ་དུས་ཁྱོད་ཀྱིས་ཀྱང་འབྱུང་འགྱུར་གྱི་རྨི་ལམ་ལྗང་ཁུ་དེ་འཛིན་ཐབས་བྲལ་བའི་འཇའ་ཚོན་ཞིག་དང་འདྲ་བ་རྟོགས་མེད་ལ།དེ་དུས་ཕྲན་གྱིས་ཀྱང་དངོས་ཡོད་འཚོ་བར་རྒྱབ་དཔུང་གཏོད་པའི་སྒེར་གཅོད་པའི་མི་ཅོར་རྒོད་པ་ག་ལ་རྟོགས།དེ་བས་ཀྱང་ང་ཚོ་ནི་གཞུང་དྲང་ལྷད་མེད་དང་མི་རིགས་ལ་བློ་ལོག་བྲལ་བའི་མི་བུ་ཤ་སྟག་ཡིན་པ་དང༌། རྒྱུ་འབྲས་ཀྱི་བློ་མིག་ལྡོངས་པའི་སྒེར་གཅོད་པར་ཚ་བེར་བེར་གྱི་འགྲམ་ལྕག་གཞུ་མཁན་གྱི་བདེན་ལུགས་དང་དྲང་བདེན་ལའང་ངོ་ལོག་བྱེད་མཁན་པར་རྣག་ཐོག་ཁབ་གཙགས་བྱེད་མཁན་གྱི་གཙགས་འབིག་རིགས་ཤིག་ཀྱང་ཡིན།རྨི་ལམ་ལྗང་ཁུ་ཞིག་དང་རེ་བཞག་ནེམ་པོ་ཞིག་བཅངས་ནས་གནས་འདིར་གོམས་སྟབས་བསྒྱུར་དུས།ལོ་ཟླ་ག་ཚོད་ཅིག་ལ་སེམས་ཀྱི་སྒོམ་ཞིང་མིག་གིས་འཚོས་པའི་ཁོ་ཚོས་མི་གཞན་དང་ཁ་བརྡ་བྱེད་རྒྱུ་ཤེས་པ་ལས།རང་དང་ཁ་བརྡ་བྱེད་རྒྱུ་ཤེས་པ་མིན།(ཞི་སའེ་ལུའི་ཚིག)པའི་སྒེར་གཅོད་པ་སྒོར་ཞིག་རེད།རང་བྱུང་ཁམས་ཆེན་མོའི་རྒོལ་རྡུང་ཁུར་བའི་ཉམ་ཆུང་རི་དྭགས་ཁྱུ་ཞིག་དང་འདྲ་བའི་ང་ཚོ་གནས་ལུགས་དང་རྒྱུ་མཚན་གང་ཡང་མེད་པར་གཅན་གཟན་གྱི་ཁྱིམ་རྒྱུད་ཅིག་གིས་རྨེག་མེད་གཏོང་རྩིས་བྱས།རྒྱུ་འབྲས་མེད་ལ་བློ་མིག་ཀྱང་ལྡོངས།གནས་ལུགས་མེད་ལ་རང་དབང་ཡང་བྲལ།   ཁོ་ཚོ་ཁྱེད་ཀྱི་བཤད་པ་ལཕྱི་ཤུན་ནི་སློབ་གསོ་དང་ནང་སྙིང་ནི་རང་ཉིད་ལ་བསྟོད་པ་ཙམ"བྱེད་མཁན་གྱི་ནེ་ཙོ་འབའ་ཞིག་རེད།དེ་རྒྱུན་དུ་ཁེ་ཕན་ཁོ་ན་གླེང་ཞིང་ཁེ་ཕན་གྱི་ཆེད་དུ་སློབ་གསོ་ཡང་ལོགས་སུ་འཇོག་ལ།བདེན་ལུགས་རྒྱབ་ཀྱིས་བསྐྱུར་སྲིད་པས།གནས་འདི་ནི་ཕྱི་གྲགས་ནང་རྫོབ་ཀྱི་མཁར་རྫོང་ཞིག་རོ་ཞིག་ཡིན་འདུག་པར་མ་ཟད།རིག་ཤེས་ཀྱི་གཤོག་ཡ་ཆད་པའི་ཤེས་ཡོན་པ་རྨས་ཤོར་དག་ཀྱང་རེད།གཙང་སྦྲ་ཡག་པོ་ཞིག་དང་ལུས་གཟུགས་མཛའ་བོ་ཞིག་ཡོད་ན་ཐམས་ཅད་འཐུས་པར་སྙམ་པའི་སྤྱང་གྲུང་རྫུན་མ་བཀོལ་མཁན་ཁོ་ཚོ་མིང་གླེང་ངོ་སོ་རྒྱུན་མཐུད་མ་དག་དང་འབྲེལ་ཡང།མཐའ་མཇུག་གི་ཤེས་ཡོན་གྱི་ཡོད་ཚད་གསལ་སྟོན་བྱེད་འགྲོརྒྱུ་མཚན“མིའི་སེམས་ཁོང་འཇིགས་སྐྲག་གིས་ཁེངས་པ་ཡིན་ནམ། རེ་བས་ཁེངས་པ་ ཡིན་པ་རྒྱུ་འབྲས་ཀྱིས་བརྡར་ཤ་གཅོད་དགོས”(ཨོ་ཝེ་ཏེའི་ཚིག)པ་ བཞིན་སྐབས་འདིར་ཤེས་ཡོན་ནི་ཁོ་ཚོ་ཐེར་འདོན་དང་རྣག་ཐོག་ཁབ་གཙགས་བྱེད་མཁན་གྱི་རྒྱུ་འབྲས་ཡིན་པས་སོ། །
     ཕལ་ཆེར་ཁྱེད་ཀྱིས་ཤེས་མེད་ཚོར་གདའ་ཡང་སྲིད།ངས<<རུལ་སུངས་སུ་གྱུར་བའི་སློབ་གསོ>>ཞེས་པ་དེ་ཚགས་པར་ཞིག་གི་སྟེང་བཀོད་ནས་ཅུང་མ་འགོར་བར་དྲ་ལམ་ནས་ཁྱོད་ཀྱི་རྩོམ་ཡིག་དེ་གཉིས་སྒེར་གཅོད་པའི་མིག་ཟུང་འདྲུ་བའི་མཚོན་ཆ་རིགས་ཤིག་དང་འདྲ་བར་མངོན་པས་ཁོ་ཚོས་ལུས་པོ་དངངས་འདར་འདར་དུ་གྱུར་ཏེ་ཀུ་ཅོ་མང་དུ་བསྒྲགས།དེར་རྐྱེན་བྱས་ཏེ་ངས་རང་ཉིད་ཀྱི་བྲང་ཁོག་ཕྱེས་ནས<<བདེན་གཏམ་གླེང་བ>>ཞེས་པའི་རྩོམ་ཐུང་ཞིག་ཀྱང་བྲིས་ཡོད།ཁོ་ཚོའི་བསམ་པར“ང་ཚོ་ནི་ཤིང་བཟོས་འདྲ་གཟུགས་ ཤིག་དང་མཚུངས་ཏེ།གཞན་གྱིས་ཅི་བྱེད་འདོད་ན་དེ་ཡིན”(ཧོ་ལ་སའི་ཚིག)འདོད་པའི་སེམས་བཅངས་ནས་བཀའ་ལུང་ཞིག་དང་འདྲ་བའི་གཏམ་སྤྱོད་མང་དུ་སྤེལ ། མི་ལ་སྙིང་ཁམས་ན་བར་བྱེད་པའི་རྒྱུ་གཙོ་བོ་ནི་གཏམ་སྤྱོད་དེ་དག་ཡིན་པ་དངོས་ཡོད་འཚོ་བའི་མ་གཏོགས་གསལ་འབྱིན་བྱེད་ཐབས་མི་འདུགསྐབས་འདིར་ང་ཚོས་ཁོང་ཅག་གི་ཉེས་དམིགས་འདི་དག“དྭངས་གཙང་གི་ཆུ་བོ་ཆེན་པོ་ཞིག་དང་འདྲ་བར་ཁ་ནས་གཏིང་མཐོང་ཐུབ”(ཧོ་ལ་སའི་ཚིག)པས་གསང་ཐབས་གང་ཡང་མེད།བདེན་ལུགས་ངོ་མ་ཡང་ཅིས་མ་ཡིན།དུས་རྒྱུན་གྱི་ཁེ་ཕན་དང་སྙན་གྲགས་ཁོ་ན་བསམ་པའི་མི་འདི་དག་འུ་ཅག་རང་ཉིད་ཀྱིས་ཐེར་འདོན་མི་བྱེད་ན་གཞན་སུ་ཞིག་མཆིས།
 ཁྱེད་ཀྱི་རྩོམ་ཡིག་དེ་གཉིས་དྲ་སྟེང་ལ་བཀོད་རྗེས་དགེ་སློབ་གང་མང་ཞིག་གིསབསྟོད་བསྔགས་ཀྱི་ཐལ་མོ་སྦྱོར་བཞིན་འདུགང་རང་ཉིད་ཀྱིས་ཀྱང་དེ་ལྟར་བསམ་པ་ཡིན།གཙོ་བོ་ང་ཚོའི་སློབ་གླིང་འདིར་བདེན་ལུགས་བྲལ་བའི་མི་ཕོ་དག་གཅན་གཟན་བཞིན་རྔམ་ཡང་དགེ་སློབ་ཐམས་ཅད་ཀྱིས་དགུན་གྱི་ཁུ་བྱུག་བཞིན་མི་སྨྲའི་བརྟུལ་ཞུགས་འཛིན་ པས།འུ་ཐུག་ཐབས་ཟད་ཀྱི་འུ་ཅག་བོད་གངས་ཅན་གྱི་སློབ་གསོའི་ཡན་ལག་འདི་ཡང་བྱེ་མའི་མཆིང་བུ་བཞིན་འགྱུར་ཉེན་ཆེ།ད་དུང་བདེན་ལུགས་བྲལ་ཞིང་གནས་ལུགས་སྟོང་བའི་ངང་རྒྱུན་མར་སྒྲིག་ལམ་ཐོག་བཙན་ལྟ་བུ་གང་མང་ཞིག་བསྒྲགས་སྲིད་པ་དང༌།སློབ་སྤྱུགས་གད་སྙིགས་འཕོ་འཕོ་ལྟ་བུ་བྱེད་པས་ང་ཚོར་བཟོད་བརླགས་བྲལ་བའི་ཟུག་གཟེར་ཞིག་གི་སྡུག་བསྔལ་ཆུ་བུར་བརྡོལ་བ་བཞིན་འབྱུང་བའང་ཁོ་ཚོའི་འཆིང་སྡོམ་ལད་པ་མ་རེད་དམ།ད་དུངསྡུག་བསྔལ་གྱིས་མི་ཉེས་མེད་ལ་རྫུན་གཏམ་བཙན་གྱིས་བརྗོད་དུ་འཇུག་པར་བྱེད། ”( ཞི་ལུའུ་སིའི་ཚིག)པས།ཉེས་དམིགས་འདི་ཇི་ལྟར་གསེད་བཀྲོལ་བྱ་དགོས་ཨང༌།བདེན་གཏམ་གླེང་རྒྱུར་དགའ་བའི་ང་ཚོས་མི་བུ་དག་གི་བསམ་བློའི་སྒྲིག་གཞི་ལ་འཐུས་མ་ཤོར་བའི་སྐད་ཆ་འཆད་དགོས་ཤིང༌།ན་ཟུག་ཤོར་བའི་འཁུན་སྒྲ་འབྱིན་དོན་ཡང་མཐར་མིའི་སྤྱི་ཚོགས་ཀྱི་སྟེང་དུ་དབབ་དགོས་པར་འདོད་པས་འདས་ཟིན་པའི་གཡོ་རྫུ་གང་མང་ཞིག་ད་ལྟ་སྦྲུམ་མ་མངལ་ཤོར་གྱི་ངང་ཚུལ་བཞིན་ཐེར་འདོན་དང་གསལ་རྗེན་དུ་འཕུད་དགོས་ཤིང༌།སྙན་གྲགས་དང་ཁེ་ཕན་རྐྱང་རྐྱང་གཉེར་བའི་སྒེར་གཅོད་དཔུང་ཁག་གི་ཝ་མོ་འདི་དག་ད་ལྟ་འཛུལ་ས་ཡེ་ནས་མེད་པ་ཞིག་ཏུ་གཏོང་དགོས་པ་ཚང་མས་ཤེས་གསལ་ལོ།།
                                                                                                                                              ༢༠༡༠. ༤ .༥ལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་གཡག་ལ་ཕུལ་བ།

2010-06-24 བྱ་གཞུང་གངས་ཉུལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།