ལྷམ་ཀོག་གིས་སྙན་ངག་ལ་བཟུང་བའི་ལྟ་ཚུལ།༢

     ཚོར་བ་ལ་ཉེ་བར་བཅར་བའི་སྙན་ངག་ནི་གཏན་ཚིགས་དང་ཐག་རིང་དུ་སོང་ཞིང་། གཏན་ཚིགས་ཀྱིས་གཅུན་སྡོམ་ག་འདྲ་བྱས་ན་སྙན་ངག་ནི་དེ་འདྲའི་རྫུན་མ་ཞིག་ཏུ་འགྲོ་བར་སྣང་།སྙན་ངག་གི་ཡོངས་ཁྱབ་རིན་ཐང་ནི་འགྲོ་བ་མིའི་གཤིས་ལུགས་ཀྱི་རྐྱོང་སྐུམ་ཅི་འདོད་དུ་བསྟེར་བའི་སེམས་ངོས་ཤིག་ཏུ་ཡོད་པར་འདོད་པ་དེ་དང་བསྟུན་ན།སྙན་ངག་པས་ནི་རང་གི་སེམས་ཀྱི་ཁེ་གཙང་གི་རང་དབང་དེའི་སླད་དུ་ཁེ་དང་གྲགས་པ་སོགས་གཅུན་སྡོམ་གྱི་གཟེབ་དྲ་དག་ཡོངས་སུ་གཏོར་དགོས་པར་འདོད་དེ།གྲྭ་བ་དང་བླ་མ་ཁྱིམ་པ་དང་དགེ་བཤེས་སོགས་ཀྱི་ར་བསྐོར་ཙག་ཙིག་ཅིག་ནས་སྡོད་འདོད་ཀྱི་བློ་དེ་སྤང་དགོས་པར་འདོད་ཅིང་།དེ་ལྟར་དུ་གྱུར་བ་ཡིན་ན་སྤྱི་ཚོགས་ཀྱི་བརྡབ་གསིག་ནི་མགོ་ལ་གཅིག་ཐོག་གཅིག་བརྩེགས་ཀྱིས་ཚུལ་དུ་ལྷུང་ཡང་དེ་ལ་ཁ་ཡ་བྱེད་འདོད་མེད་པས་སེམས་ཤུགས་རི་བོ་བཞིན་བརྟན་པོ་ཡིན་དགོས་ཤིང་།མཚམས་འདི་འམ་ཡང་ན་དུས་འདི་ནས་བཟུང་སྟེ་ཁེར་རྐྱང་ཞེས་པའི་འཇིག་རྟེན་ཞིག་ཀྱང་ཁྱེད་དང་ལྷན་དུ་འགྲོགས་ནས་ཡོད་པས་དུས་མིན་གྱི་འཆི་བ་དང་། སྒེར་གཅོད་པའི་ཁྲིམས་ཟིལ་ལ་མཉམ་འཇོག་བྱ་དགོས།སྙན་ངག་པས་ནི་ཕྱི་རོལ་གྱི་བསྒྲིགས་གཞི་མང་པོ་ཞིག་ལ་ཆ་འཇོག་མ་བྱས་པར།མ་བཅོས་པའི་སེམས་ཀྱི་གཤིས་ཤིག་ལ་རེ་ཞིང་སྙེག་གིན་ཡོད་རུང་།དབལ་འབར་བའི་ཚོར་ཤེས་དེས་རྡུལ་གཅིག་གི་ཁྱོན་ནས་སྟོང་གསུམ་གྱི་འཇིག་རྟེན་ལ་ས་ཉུལ་རྡོ་ཉུལ་བྱེད་ཐུབ་པས།འགྲོ་ཞོར་འདུག་ཞོར་ལ་བཙན་འཛུལ་བའི་རྟ་ལྕགས་ཀྱི་སྣེ་མོ་རེག་པར་ཡང་ཐག་མི་རིང་བར་སེམས།སྙན་ངག་པས་ནམ་ཡང་རང་གི་སེམས་གཤིས་དང་ཐག་ཉེ་སར་བཅར་འདྲི་ཐེངས་མང་བྱེད་ཀྱིན་ཡོད་པས།སྙན་ངག་པ་ནི་སྐྱོ་བའི་ངང་དུ་འཚོ་ཞིང་།མི་གཞན་གྱི་ཤི་བྲལ་སོགས་རྣ་བས་མ་ཐོས་གོང་ལ་སེམས་ཀྱིས་ཚོར་ནས་མིག་ཆུ་གཏོང་སླ་བ་དང་།ཐ་ན་ངུ་ངག་ཀྱང་འདོན་སླ་བ་ཡིན།རྒྱུ་མཚན་ནི་ནམ་རྒྱུན་སྙན་ངག་པའི་སེམས་ནི་ཚོར་བས་ཁྱབ་ཅིང་།རང་སེམས་ཀྱི་སྐྱོ་བ་དེས་གཞན་རྒྱུད་ཀྱི་བདེ་སྡུག་ལ་ཡང་གསང་བའི་བརྡ་འཕྲིན་སྟེར་གིན་ཡོད།ཀློག་པ་པོ་དག་གིས་སེམས་ཞིབ་མོས་མཉམ་ཞོག་དང་།སྙན་ངག་པ་ངོ་མ་ཞིག་ཡིན་དུས་ཕྱི་མདོག་ཅི་འདྲ་རྫིག་ཀྱང་།དོན་དམ་དུ་ངུ་སླ་བ་དང་དགོད་སླ་བའི་སེམས་ཁ་སྙི་མོ་ཅན་དེ་ཡིན་པས།ཕོ་ཁྱོ་གའི་སེམས་ཀྱི་གཤིས་ཀ་ལས་སྨད་བུ་མོ་ཞིག་གི་སེམས་ཁམས་ལྟ་བུར་གྲུབ་ཡོད།སྙན་ངག་པ་མང་པོ་ཞིག་གི་འདོད་པ་མཚོན་པའི་བརྩེ་དུང་གི་སྙན་ངག་འབྲི་ཞིང་།དེ་ནི་འཁྲིགས་སྤྱོད་ལ་དགའ་ནས་བྲིས་པ་ཞིག་མ་ཡིན་པར།རྒྱུན་ལྡན་གྱི་མི་ཞིག་གི་ལུས་ཀྱི་གསང་བ་དང་སེམས་ཀྱི་གསང་བའི་ཚོར་བ་ཞིག་ལ་བརྟེན་ནས་བྲིས་པར་འདོད་པ་དང་།དེ་ནི་འདོད་པའི་ཁམས་ཀྱི་འདོད་པ་བ་ཞིག་གི་ནར་མའི་འཚོ་བ་རྣལ་མའི་སྲོག་ཏུ་གྲུབ་པའི་རྒྱུ་ལ་ངོས་འཛིན་དགོས།འཁོར་བ་ལ་སྐྱོ་ཤས་ཤུགས་དྲག་སྐྱེས་པའི་མི་ལ་རས་པའི་མགུར་གླུ་དེ་ཅི་འདྲའི་སྙན་ན།དེ་ལས་ལྡོག་སྟེ་འཁོར་བ་ལ་རང་སེམས་འོ་ཆུ་བཞིན་དུ་འདྲེས་པའི་སྙན་ངག་པ་ཞིག་གི་བཅོས་སླད་མེད་པའི་སྙན་ངག་དེ་ཡང་དེ་ལྟར་སྙན་པ་ཡིན།ཡང་སྐབས་ལ་ལར་དཔྱོད་པ་བ་རེ་འགས་སྙན་ངག་གི་ཚོར་བ་ནི་ཡུལ་ལ་ལག་པ་རེག་པ་དང་མཆུ་སྦྱར་ནས་འབྲི་དགོས་པར་སེམས་པ་དེ་ནི་ཕྱོགས་གཅིག་ཏུ་སོང་འདུགརྣལ་འབྱོར་བས་རང་ལུས་སྟག་ཏུ་མོས་སྒོམ་བྱས་པར་བསྟུན་ནས་སེམས་ཅན་གྱི་སྣང་ངོར་སྟག་ཏུ་གྲུབ་པ་དང་།ས་གཞི་ཀེང་རུས་སུ་སྒོམ་པའི་སྟོབས་ལས་ཀེང་རུས་སུ་སྣང་བ་དེ་ཡང་སེམས་ཀྱི་མོས་ཤུགས་ལ་ཐུག་འདུག་པ་ཅིག་ལས།ཕྱི་རོལ་གྱི་ཡུལ་དང་འཕྲད་མ་འཕྲད་ཀྱི་སྒོ་ནས་དབྱེ་འབྱེད་བྱེད་པ་ནི་གུ་དོག་པས་ལམ་དུ་སོང་འདུག་ན།གྲྭ་བ་རབ་བྱུང་བས་ཀྱང་སྙན་ངག་འབྲི་ཤེས་དང་མི་ཤེས་ཟེར་བ་ནི་རང་གི་བློ་ཡི་བུ་ག་ཕྲ་མོའི་ནང་དུ་མ་ཤོང་བ་ཙམ་རེད།སྙན་ངག་པའི་མེས་པོ་ཞིག་གིས་ཀྱང་།དེ་ནི་ད་ལྟ་འང་རྣམ་རྟོག་སྟེ།།དེ་དག་མ་ལུས་སུས་འཆད་ནུས།།ཞེས་གསུངས་པ་འདིས་སྙན་ངག་པའི་ཤེས་རབ་དང་སྙན་ངག་གི་ཚད་གཞི་ནི་འདི་ཡིན་དང་འདི་མིན་གྱི་མཐའ་རུ་མི་གནས་པར་བསྟན་འདུག་པ་མ་ཡིན་ནམ། 
         གཙོ་བོ་ཚོར་བ་རྒྱུན་ལྡན་དུ་གནས་པ་ཞིག་གི་ངོས་ནས་བལྟ་དགོས་པ་ལས།གྱོན་པ་དང་རིག་གཞུང་།ཡར་ལོག་མར་ལོག་དང་ཕུང་སུམ་ཡིན་མིན་གྱི་སྒོ་ནས་བཞག་ཏུ་རུང་བ་ཞིག་མ་ཡིན་ནོ།།ཡང་སྐབས་ལན་རེར་གྲྭ་བས་སྙན་ངག་བྲིས་ན་ཆོག་དང་མི་ཆོག་ལྟ་བུས་སྒེར་གཅོད་ཀྱི་འདོད་པ་ལིང་ལིང་ངེ་བ་ཞིག་སྲིང་གིན་འོང་བ་ནི་སྙན་ངག་གི་སྐབས་འདིར་གླེང་འདོད་མེད་ཅིང་།སྤྱིར་ཡང་སྐྱེས་མ་ཐག་ནས་འདྲ་མཉམ་གྱི་ལྟ་སྟངས་དང་འདྲ་མཉམ་གྱི་བརྩི་བཀུར་ཡོད་པ་ཞིག་ལ་མཚོན་ན་དེ་ནི་སེམས་ཁྲལ་ལྷག་མ་ཞིག་རེད།འདོད་སྡོམ་པ་ཚོ་ཞེས་སྡིགས་དགོས་པའི་དོན་ཡང་མེད་ལ།ཕུང་གསུམ་པ་ཚོ་ཞེས་སྨད་དགོས་པའི་དོན་ཡང་མེད།ངས་བལྟས་ན་དེ་ནི་སྙན་ངག་གི་སྐབས་དང་འབྲེལ་ནསགླེང་དགོས་པ་ཞིག་མ་རེད་འདོད་དོ།། 
           སྤྱིར་ཡང་ཆོག་དང་མི་ཆོག་ཟེར་བ་འདི་སུ་ཞིག་གིས་ཐག་གིས་ཆོད་དམ།སྲིད་གཞུང་ཞིག་གམ།ཁྲིམས་དཔོན་ཞིག་གམ།འབྱོར་ལྡན་སྐུ་དྲག་ཅིག་གམ།ངས་བལྟས་ན་གང་ལ་ཡང་དེ་འདྲའི་དབང་ཚ་བོ་ཞིག་མེད་པར་འདོད།ཡང་ན་ལ་ལས་མི་ཆོས་དང་ལྷ་ཆོས་གང་རུང་གིས་ཐག་གིས་ཆོད་ཟེར་བ་ལྟ་བུ་ཞིག་ཏུ་བརྗོད་ཀྱང་།དེས་ཀྱང་ཐག་གིས་ཆོད་པ་མིན་ཏེ་མིའི་ཤེས་རབ་དང་རང་བྱུང་གི་གསང་བ་ལ་མཐའ་མེད་པས་ཕྱིར་རོ།།དོན་འདི་ལ་དགོངས་ནས་དགེ་ཆོས་རིན་པོ་ཆེ་མཆོག་གིས་ཀྱང་ཐ་སྙད་ཚད་མར་འགྲམ་ལྕག་ཅིག་གཞུ་བར་འདོད་པ་མ་ཡིན་ནམ།      མུ་འགོད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷམ་ཀོག་གིས་སྙན་ངག་ལ་བཟུང་བའི་ལྟ་ཚུལ།༢

2010-06-14 ལྷམ་ཀོག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།