ངེད་ཚང་གི་སྲམ་གཟིག་སྒམ་ནང་ན་ཡོད།

རང་རེའི་མི་རིགས་ཀྱིས་སྲམ་གཟིག་དང་གཡུ་བྱུར།རྩ་ཆེན་གྱི་འདོགས་ཆ་དང་གལ་ཆེན་གྱི་པགས་རིགས་སྣ་ཚོགས་མེད་བརླགས་སུ་བཏང་ནས་ལོ་ངོ་ཁ་ཤས་འགོར་ན་ཡང་།ངེད་ཚང་གི་སྲམ་གཟིག་ཡོད་ཚད་ད་དུང་སྒམ་ནང་དུ་ཉར་ཚགས་བྱས་ཏེ་བཞག་ཡོད།བདག་གིས་ཐེངས་དུ་མ་ཞིག་ལ་བསྲེགས་རྩིས་བྱས་ན་ཡང་།ཡུལ་མི་ཚོས་ད་དུང་མ་བསྲེགས་དང་།ནམ་ཉི་མ་ཞིག་ལ་གྱོན་ཆས་དེ་དག་ཕྱིར་གོན་ན་ཐང་།དེ་དུས་ཡང་བསྐྱར་ཉོ་དགོས་དུས་རིན་གོང་གནམ་ལ་ཤོར་ཡོད་ནི་རེད་ཟེར།དེ་བས།བདག་ཀྱང་ཡུལ་མི་ཚོས་ཁ་ཕོ་ལས་བརྒལ་མ་ཐུབ་པར་ཁ་རོག་གེར།ཁུ་སིམ་མེར།གཉོམ་དུང་ངེར་འདུག་དགོས་བྱུང་།
ཉེ་བའི་ལོ་འགའི་སྔོན་ལ།བོད་ཀྱི་ས་ཆ་མང་ཤོས་ཤིག་ནས་སྲམ་གཟིག་གི་པགས་པ་དང་གཡུ་བྱུར་གྱི་རྒྱན་ཆ་སོགས་མེད་པར་བཏང་བ་ནི་དགའ་འོས་བ་ཞིག་ཡིན་མོད།ཡིན་ན་ཡང་།བོད་མི་བྱིངས་ཀྱི་གོ་རྟོགས་དང་སད་རྟོགས་དེ་རུ་མ་ཐོན་པར་ལ་ལ་ཞིག་གིས་རི་བོང་ཅལ་འགྲོགས་ཀྱི་ཚུལ་དུ་སྲམ་གཟིག་བསྲེགས་པ་དང་།ལ་ལ་ཞིག་གིས་གཅིག་བལྟ་གཅིག་གིས་བྱས་ཏེ་བསྲེགས་པ།ལ་ལ་ཞིག་གིས་རང་ཉིད་ཀྱི་ངོ་ཚ་མ་བཟོད་པར་བསྲེགས་པ་སོགས་མདོར་ན་རང་ཉིད་ཀྱི་སེམས་ནས་བསྲེགས་མཁན་དང་།རང་ཉིད་ལ་སེར་སྣ་སྐྱེ་བཞིན་བསྲེགས་མཁན་གང་མང་མང་ཞིག་འདུག་ན་ཡང་།ས་ཆ་ཁ་ཤས་དང་ཡུལ་གྲུ་ཁ་ཤས།ཁྱིམ་ཚང་མང་པོ་ཞིག་ན་ད་དུང་མེ་ནང་དུ་བསྲེགས་མ་ཐུབ་ལ།ལུས་སྟེང་དུ་གྱོན་མ་ཐུབ་པར།སྒམ་ནང་དུ་མནན་འདུག་པ་མང་བོ་ཞིག་མཐོང་རྒྱུ་ཡོད་དོ། །སྤྱིར་ན།གསར་བརྗེ་ཞེས་པ་ནི་མི་རིགས་ཤིག་གི་སད་རྟོགས་མཐོ་རུ་ཕྱིན་པ་དང་བསྟུན་ནས་རང་ཉིད་ཀྱི་ཁོར་ཡུག་དང་རང་ཉིད་ཀྱི་རིག་གནས་དང་མི་འཚམས་པ་དག་དོར་ཅི་ཐུབ་བྱེད་པ་ལ་ཟེར།དེས་ན་སྲམ་གཟིག་བསྲེགས་པའི་ལས་འགུལ་དེ་བོད་ཆོལ་ཁ་གསུམ་ནས་སྤེལ་ན་ཡང་།རང་རྟོགས་དང་གཞན་སྐུལ་གྱིས་བསྲེགས་པ་སོགས་ནི་འདྲ་མིན་སྣ་ཚོགས་ཡོད་པ་རེད།ཡིན་ན་ཡང་།ང་ཚོའི་གསར་བརྗེ་དང་སྙིགས་དོར་ཅི་ཞིག་བྱེད་ན་ཡང་།སེམས་ངོས་ནས་གཙང་མ་ཡང་མ་བྱེད་རྒྱུ་ནི་གལ་ཆེ་ལ།པགས་རིགས་ཀྱི་འདབ་རྒྱན་དང་གཡུ་བྱུར་གྱི་རྒྱན་ཆ་སོགས་ཀྱང་སེམས་ངོས་ནས་གཙང་མ་ཡང་མ་བྱས་ཏེ་མེད་བརླགས་སུ་བཏང་སོང་ན་ད་གཟོད་རྩ་བ་ནས་མེད་བརླགས་སུ་གཏོང་ཐུབ་སོང་བ་རེད།དེ་ག་མིན་པར་རང་ཉིད་ལ་རང་ཚུགས་སྤུ་ཙམ་མེད་པར་ཁོར་ཡུག་ཅིག་ལ་བལྟས་ཏེ་བསྒྱུར་བཀོད་བྱེད་དགོས་ཚེ།དེ་ནི་མཇུག་འབྲས་ཅི་ཡང་མེད་པའི་ལས་འགུལ་ཞིག་ཏུ་མཐོང་བས།མིག་སྔར་གྱི་བོད་ས་གནས་ཀྱི་གནས་བབས་ལ་བལྟས་ན་ངེད་ཚང་དང་ངེད་ཚང་ལྟ་བུའི་ད་དུང་པགས་རིགས་ཀྱི་འདབ་རྒྱན་དང་གཡུ་བྱུར་སོགས་སྒམ་ནང་དུ་ཉར་ཚགས་བྱས་ཡོད་བའི་ཁྱིམ་ཚང་གང་མང་ཞིག་ཡོད་སྲིད་ལ།དེ་ནི་བཀྲ་ཤིས་པའི་ལྟོས་བཅས་ཤིག་མ་ཡིན་པར་།ཡང་བསྐྱར་རང་ཚུགས་དང་ཆོད་སེམས་མེད་པའི་སྒོ་ནས་ཡུན་དང་ཡུན་གྱིས་འཚོ་བའི་ཁྲོད་ནས་པགས་རིགས་དང་རྒྱན་ཆ་སྣ་ཚོགས་ཀྱི་ཚེ་སྲོག་ལ་རོ་ལངས་རྒྱག་པའི་སྔ་ལྟས་ཤིག་ཡིན་སྲིད་པས།མཐའ་མའི་དབུགས་རྒྱུན་ཕྲ་མོ་དེ་ང་ཚོའི་རང་སེམས་ལ་དག་ཐེར་དང་།རང་སེམས་ལ་ཞིབ་བཤེར།རང་རིགས་ལ་ཞིབ་འདང་བརྒྱབ་སྟེ་རྩ་བ་ནས་མེད་བརླགས་སུ་གཏོང་རྒྱུ་ནི་གནད་ཀྱི་དམ་པའོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངེད་ཚང་གི་སྲམ་གཟིག་སྒམ་ནང་ན་ཡོད།

2010-05-29 བོང་སྟག་རི་ལུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།