སྙན་ངག་པ་འགའ་ཡི་ངོ་གདོང་གླེང་བ།

སྐབས་བཞི་བའི་སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུ་ལ་ཞུགས་རྗེས་སུ་བྲིས།

                       ༡

སྙན་ངག་པ་ལྗང་བུ་དང་།གཅན་མེ་སྟགསྨན་བླ་སྐྱབསའབྲོང་།འཇུ་སྐལ་བཟང་སོགས་ནི་ང་རང་དུས་དེབ་དང་ཚགས་པར་སོགས་ཀློག་ཤེས་པའི་དུས་ནས་བཟུང་ངོ་ཤེས་པའི་རྩོམ་པ་པོ་རྒན་གྲས་ཁག་ཅིག་ཡིན་ལ།ཁོ་ཚོའི་བརྩམས་ཆོས་སྣ་མང་ལ་འཇལ་བ་ལས་དངོས་སུ་ཁོ་ཚོ་དང་འབྲེལ་འདྲེས་བྱེད་མ་མྱོང་།ཉིས་སྟོང་དགུ་ལོར་བསྡུས་པའི་སྐབས་བཞི་བའི་སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུ་ལས་ད་གཟོད་སྙན་ངག་པ་ལྗང་བུ་དང་གཅན་མེ་སྟག་གཉིས་ངོ་ཤེས་བ་ཡིན་ལ།དེ་ལས་ཀྱང་དགའ་འོས་བ་ཞིག་ནི་ཁོ་གཉིས་ལ་སྙན་ངག་པ་གྲགས་ཆེན་དག་གི་རང་རློམ་དང་ང་རྒྱལ་མི་འདུག་ལ།སྐད་ཆ་འདྲེས་སླ་ཞིང་མི་གཤིས་འདྲེས་སླ་བའི་རང་གཤིས་དེས་ང་ལ་ཡང་གྲོགས་པོ་སྒྲིག་འདོད་ཀྱི་བག་ཆགས་ཆེས་ཟབ་མོ་ཞིག་བཞག་སོང་།

                      ༢

སྙན་ངག་པ་ཁྱུང་ཐར་རྒྱལ་ནི་སྙན་ངག་པའི་བགྲོད་ལམ་སྟེང་ནས་ནམ་ཡང་དགོས་རྒྱུ་མ་བྱུང་བའི་སྙན་ངག་པ་རྒན་གྲས་ཤིག་ཡིན་ལ།ང་རང་ཆུང་བའི་དུས་ནས་བཟུང་ཁོ་ཡི་ཁ་གསལ་ཞིང་གོ་བདེ་བའི་སྙན་ངག་ཀློག་རྒྱུར་ཧ་ཅང་དགའ་ལ།ལོ་འགའི་ཡར་སྔོན་ལ་ཆང་ཁ་ཞིག་ནས་ངོ་ཤེས་པ་ནས་སེམས་དང་སེམས་འདྲེས་ཤིང་།ལྷག་ཏུ།ངེད་གཉིས་ཀྱིས་མཚོ་སྔོན་མི་རིགས་སློབ་གླིང་གི་སྒྲོལ་མ་གཉིས་ཁྲིད་དེ་གཟུགས་ཀྱི་ཉི་མའི་གླུ་གར་ཁང་དུ་སོང་བ་ལ།ཨ་རག་གི་བཟི་ཁ་ལས་ཟུར་མིག་རྣོ་བའི་མཚན་མོ་དེ་ནམ་ཡང་བརྗེད་མི་སྲིད།ཡིན་ན་ཡང་།ཐེངས་འདིའི་འདུ་ཚོགས་ཀྱི་མཚན་མོ་དང་བོར་ཁོ་ལ་ཨ་རག་གི་ཡི་ག་ཆད་འདུག་པས་ན།སེམས་དང་སེམས་ཀློད་དེ་ཁ་བརྡ་ཞིག་བྱེད་པའི་གོ་སྐབས་མ་བྱུང་པའོ།།

                     ༣

སྙན་ངག་པ་མཛེས་སེ་ལ་ཆ་རྒྱུས་ཆེན་པོ་མེད་ན་ཡང་།རྒྱ་ཡིག་དང་བོད་ཡིག་ལ་ནང་བྱིན་ཆེན་པོ་ཡོད་པ་བདག་གིས་སྔ་མོ་ནས་ཤེས་ཡོད་ལ།དེ་ལས་ཀྱང་ཁོ་རང་རྫོང་དཔོན་གཞོན་པ་ཞིག་ལ་བསྐོས་ཀྱང་འགྲོ་མ་འདོད་པའི་རང་གཤིས་གྱོང་བོ་དེ་ཡང་གོ་མྱོང་།ཐེངས་འདིར།ངེད་གཉིས་འདུ་ཚོགས་གཅིག་ལས་མལ་ཁང་གཅིག་ཏུ་ཁེལ་བ་ནི་སྔོན་བསགས་ཀྱི་ལས་དབང་དུ་འདོད་ལ།ངས་རྩོམ་ཡིག་ཁ་ཤས་རྒྱ་ཡིག་ཏུ་བསྒྱུར་བའི་ལས་འགན་ཞིག་ཁོ་ལ་སྤྲད་པ་དེ་ཡང་སྔོན་བསགས་ཀྱི་ལས་དབང་ཞིག་ཏུ་འདོད་དོ།།

                    ༤

འདུ་ཚོགས་ཀྱི་མིང་ཐོ་བཀོད་ནས་ཚང་མར་གསོལ་སྟོན་བཤམས་ཤིང་།རང་ཉིད་ངོ་སྤྲོད་ཀྱི་དུས་སུ་བབས་དུས་ངས་ད་གཟོད་སེང་རྡོར་ཞེས་པ་དེ་སུ་ཡིན་པ་ཤེས་སོང་།ངེད་གཉིས་ཀྱིས་ཕན་ཚུན་ལ་མིག་བརྡ་རེ་བསྟན་ནས་ངོ་ཤེས་བའི་ཚུལ་བསྟན་པ་ཡིན།སེང་རྡོར་ཞེས་པའི་མི་དེ་ནི་སྔ་མོ་ཞིག་ནས་གོ་མྱོང་ན་ཡང་།ཁོས་རྩོམ་ཡིག་གི་བྲོ་བ་ཁ་སང་དེ་རིང་ཤེས་པ་ཡིན་ལ།ན་ནིང་དོ་ཚིགས་ལ་བྲིས་བའི་སྙན་ངག་དེ་དག་གིས་ང་རང་གསོད་དུ་མི་འཇུག་མ་ཡང་ང་རང་ངུ་རུ་བཅུག་སོང་།

                     ༥

སྙན་ངག་པ་ཁྲི་སེམས་དཔའ་དང་སྐྱབས་ཆེན་བདེ་གྲོལ།འབྲོག་བསམ་གཏན།ཐབས་མཁས་སོགས་ནི་ཐེངས་འདིར་ངོ་ཤེས་བའི་གྲོགས་པོ་གསར་བ་ཁ་ཤས་ཡིན་ལ་ཁྲི་སེམས་དཔའ་ཡི་༼སད་དང་མ་སད་མི་འདུག༽དང་སྐྱབས་ཆེན་བདེ་གྲོལ་གྱི་དྲ་སྟེང་གི་སྙན་ངག་ཁ་ཤས།འབྲོག་བསམ་གཏན་གྱི་མེ་རོ་སོགས་ལ་བརྟེན་ནས་ང་རང་ཁོ་ཚོ་ཡི་ནང་སེམས་ལ་ཆ་རྒྱུས་ཆེན་པོ་ཡོད་པས།ལག་འཇུ་བྱས་མ་ཐག་སེམས་གཏམ་ཡོད་པའི་གྲོགས་པོ་དག་ཏུ་གྱུར་སོང་།

                     ༦

སྙན་ངག་པ་མཚོ་བུ་དགའ་བདེ་འམ་མི་ནག་ཏུ་འབོད་པ་ལ་ཐེངས་ཁ་ཤས་ལ་འབྲེལ་འདྲེས་བྱེད་མྱོང་ལ།ཁོ་ཡི་ངོ་གདོང་དང་མི་སེམས་གཉིས་ཀ་དཀར་བོ་ཞིག་འདུག་པས་ན།ནག་པོ་ཞེས་པའི་མིང་དེ་ཁོ་ལ་མི་འཛའ་བར་འདོད་ལ།ཁོ་ནི་ཁ་གྲགས་རྒྱུར་དེ་འདྲའི་དགའ་བོ་མེད་ལ་ཆང་འཐུང་རྒྱུར་ཡང་དེ་འདྲའི་དགའ་བོ་མེད་པས་ན།མཚན་མོ་དེར་ཁོ་ལ་ཀུ་རེ་བཤད་རྒྱུ་ཕར་ཞོག་བསག་གཏམ་ཞིག་ཀྱང་འབྲི་མ་ཐུབ།

                 ༧

སྙན་ངག་པ་རྡོ་གྲགས་ཞེས་པའི་མིང་དེ་ང་རང་དམའ་འབྲིང་སྐབས་སུ་ཤེས་བ་ཡིན་ལ།དེ་དུས།བདག་གི་གྲོགས་པོ་ཞིག་རྨ་ལྷོ་གསོ་རིག་སློབ་གྲྭ་རུ་སྨན་སློབ་ཏུ་ཕྱིན་པ་དང་།ཐེངས་ཤིག་ལ་ཕ་ཡུལ་དུ་ལོག་དུས་༼ཚོར་སྣང་གསར་བ་༽ཞེས་པའི་དཔེ་དེབ་ཅིག་ཁྱེར་ཡོང་བ་དང་།ད་དུང་ཁོ་དང་རྡོ་གྲགས་གཉིས་ནི་གྲོགས་པོ་ཡིན་ཚུལ་གྱི་ལབ་མང་པོ་ཞིག་བརྒྱབ་སོང་ལ།ད་ལྟ་བསམ་ན་དེ་ནི་གཤོབ་ཞིག་ཀྱང་ཡིན་པ་འདྲའོ།།གང་ལྟར།ཐེངས་འདིའི་འདུ་ཚོགས་ལས་སྙན་ངག་པ་ཁོང་དང་མཚན་མོ་གཅིག་གི་རིང་ལ་འབྲེལ་འདྲེས་བྱས་པ་བརྒྱུད།ཁོ་ཡི་སེམས་ངོས་ན་ང་ལ་ཡང་འོད་མདངས་ཤིག་ཡོད་པར་འདྲ་བས་རང་ཉིད་ཧ་ཅང་དགའ་བོ་བྱུང་།

                    ༨

སྙན་ངག་པ་ལྷམ་ཀོག་དང་མདའ་བཙན་པོ་གཉིས་ལ་ཆ་རྒྱུས་ཆེན་པོ་མེད་ན་ཡང་།རྨ་ལྷོ་དང་སོག་རྫོང་ནས་སློབ་གཉེར་ལ་སྡོད་དུས་སུ་ཁོ་གཉིས་ངོ་ཤེས་སུ་གྱུར།དེ་དུས་སུ་ཁོ་གཉིས་སྙན་ངག་གི་རྟ་ཕོ་ཞིག་ལ་བཅིབས་ཡོད་ཀྱང་གོམ་པ་དེ་འདྲ་ཞིག་མི་འགྲོ་བར་འདོད་མོད།ལོ་ངོ་འདི་གཉིས་ཀྱི་རིང་ལ།སྙན་ངག་གི་གོམ་ཁ་བོད་ཁམས་ཡོངས་སུ་བསྒྱུར་བཞིན་ཡོད་པས་ན།ངས་སྔོན་ཆད་གདེང་འཇོག་ཆེར་བྱས་མ་མྱོང་བ་དེ་ལ་ཡང་ངེས་ཟིན་ཙམ་ཐོབ་རྒྱུ་འདུག་གོ།

                     ༩

གཞོན་སྐྱེས་སྙན་ངག་གྱེར་འདོན་པ་ཀླུ་རྒྱལ་དོན་གྲུབ་ཀྱི་སྙན་ངག་ལ་ཆ་རྒྱུས་ཆེན་པོ་མེད་ན་ཡང་།ཁ་གསལ་ཞིང་སྙན་འཇེབས་ལྡན་པའི་སྙན་ངག་གྱེར་འདོན་དེས་ཐེངས་འདིའི་སྙན་ངག་འདུ་ཚོགས་ལ་བཀྲག་མདངས་གསར་བ་ཞིག་བསྣན་པར་མ་ཟད།ལྷག་ཏུ་ཁོས་བཏོན་པའི་༼སྒྲོལ་དཀར་འཚོ༽ཞེས་པའི་སྙན་ངག་དེས།ང་ལ་རང་དབང་མེད་པར་མཁའ་མོ་དྲན་དུ་བཅུག་པ་མ་ཟད།རང་དབང་མེད་པར་སྐྱོ་སྣང་འདོན་དུ་བཅུག་པ་དང་།རང་དབང་མེད་པར་སྙན་ངག་འབྲི་རུ་བཅུག

                    ༡༠

སྙན་ངག་པ་ལྡོང་བུ་ནི་ཕར་བལྟས་ཚོད་ལ་མི་འཇམ་པོ་ཞིག་ཏུ་འདུག་ལ།ཁ་གྲགས་རྒྱུར་དགའ་བོ་མེད་པའི་མི་ཞིག་ཏུ་འདུགདེ་ནི་ཁོར་ཡུག་གིས་བཟོས་བ་ཡིན་ཀྱང་སྲིད།དེང་གི་ཞིབ་འཇུག་སློབ་མ་ཁ་ཤས་ལ་མཚོན་ན་ཞིབ་འཇུག་ཞེས་བའི་མིང་དེ་བླངས་རྗེས།ཁ་གྲགས་རྒྱུར་མི་དགའ་ལ་རྩོམ་འབྲི་རྒྱུར་མི་དགའ་ཞིང་།ངོས་གཅིག་ནས་རང་ཉིད་རང་རློམ་ཅན་ཞིག་དང་ངོས་གཞན་ཞིག་ནས་རང་ཉིད་སྡར་མ་ཞིག་ཏུ་འགྲོ་བཞིན་པའོ།།ཡིན་ན་ཡང་།བདག་གིས་སྐད་ཆ་འདི་དག་སྙན་ངག་པ་ལྡོང་བུ་ལ་བཤད་འདོད་པ་མ་ཡིན་ཏེ།ཞིབ་འཇུག་སློབ་མ་ཡིན་བསམ་ནས་རང་སྣང་ཅན་ལ་བཤད་པའོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པ་འགའ་ཡི་ངོ་གདོང་གླེང་བ།

2010-05-04 བོང་སྟག་རི་ལུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།