ཚུལ་འཆོས་ཀྱི་ཕྱི་གོས་གྱོན་པའི་མི་འདི་ཚོར།

ངས་ནམ་ཡང་ཁ་ནས་རྒྱལ་ཁབ་ཀྱི་དོན་དུ་མི་རིགས་འདིའི་ཆེད་དུ་ཞེས་སེམས་ཁུར་ཆེ་འདོད་སྟོན་པའི་སྒམ་ཚུགས་ཅན་དེ་དག་མིག་ལམ་དུ་མངོན་མ་ཐག་ཞེ་མེར་ཞིང་སྐྱུ་བྲོ་རྒྱུ་ཞིག་སྐྱེས་འོང་།ཁོ་ཚོ་ཡུལ་གང་དང་གནས་གང་དུ་སོང་ཡང་མི་རིགས་ཀྱི་ལས་དོན་རླབས་ཆེན་ཞིག་སྒྲུབ་ཁུལ་གྱིས་རང་གིས་རང་ལ་ཕྱི་འཐུམ་ལེགས་པོ་རེར་བརྒྱབ་རྗེས་གཞུང་ཕྱོགས་སམ་མང་ཚོགས་གང་རུང་ལ་མགོ་གཡོགས་རྫུན་བསྐོར་སྣ་ཚོགས་བྱེད་ཅིང་། དེ་དང་བསྟུན་ནས་སྤྱང་ཀིའི་རྟུལ་ཞུགས་བཟུང་ནས་མི་རིགས་ཀྱི་ལས་སྐལ་དུ་ཐོབ་པའི་དངུལ་དང་ཐོབ་ཐང་ཚང་མ་ཧམ་ཐོབ་རྒྱག་སྲིད། ཁོ་ཚོས་མི་རིགས་འདིའི་གདོང་ལྤགས་ཀོག་ནས་རང་གདོང་གི་སྐྱི་ལྤགས་ཐེད་པོ་དེའི་ཚབ་ཏུ་སྦྱར་ནས་གཞན་གྱི་ངོ་སོ་སྲུང་ཨེ་ཐུབ་ལ་འབད་ཅིང་། མི་རིགས་ཞེས་པའི་ཐ་སྙད་འདི་ཉིད་འདྲུད་ལྷམ་ཞིག་དང་འདྲ་བར་མི་བུ་མགོ་བདེ་དྲན་འཕྲུལ་ཅན་འདི་ཚོས་རེས་མོས་སུ་སྤྱོད་ཅིང་ཐ་སྙད་འདིའི་ངོ་ཐང་གི་ཕག་ནས་རང་དོན་ཡིད་ཚིམ་པ་ཞིག་སྒྲུབ་རྗེས་ཚུལ་ཁྲིམས་ཅན་ལ་བསྟན་བཤིག་ཟེར་བཞིན་མཛུབ་མོ་གེར་གྱིན་འདུག ཁོ་ཚོ་ནི་མཐར་གཏུགས་ན་སྒྱུ་མ་མཁན་ལྟ་བུ་ཞིག་སྟེ་མི་རིགས་འདིའི་ལས་ཁུར་ཐད་སེམས་ཚེག་ཆེ་འདོད་གིས་ཚུལ་འཆོས་དང་གཡོ་སྒྱུའི་བཅོས་འཛུམ་སྣ་ཚོགས་སྟོན་བཞིན་མནར་མ་སོན་པའི་མི་བུ་གང་མང་ཞིག་ཁོ་དང་ཁོའི་གཡོ་འོག་ཏུ་ཚུད་དེ་ཉུལ་གཤིས་ཀྱི་གདོང་རིས་དེ་གཡོ་ཟོལ་དང་བཅོས་འཛུམ་གྱིས་སྦགས་ཀྱིན་འདུག ད་ལྟའི་སྤྱི་ཚོགས་འདིར་འདོད་ཧམ་སྨྱོ་སྲེད་ལ་གོམས་པའི་མི་བུ་ཚོས་གནས་ལུགས་ཀྱི་ཕུང་བོ་རྡོག་རྫིས་གཏོང་བཞིན་ཁྲེལ་མེད་ཀྱི་ངར་སྐད་སང་སང་སྒྲོག་ཀིན་འདུག་ལ། རང་རེའི་མི་རིགས་ལ་མགོ་གཡོགས་རྫུན་སྐོར་གྱི་ཞྭ་མོ་ཆེན་མོ་གཡོགས་མཁན་འདི་ཚོས་བདེན་པར་རྫུན་པར་སྒྲུབ།  དཀར་ནག་གོ་ལོག་ཏུ་སྡེབ་བཞིན་སྤྱི་ཚོགས་ཀྱི་གྲུ་ག་རེ་རེར་ལུགས་མེད་ཀྱི་ཟློས་གར་ཇི་ལྟར་འཁྲབ་ཀྱིན་ཡོད་ནའང་། སུས་ཀྱང་དེ་ལ་ཕས་རྒོལ་གྱི་མདུང་རྩེ་གཏོད་མཁན་མེད་ལ། གནས་ལུགས་ཀྱི་རི་དར་འཕྱར་མཁན་དེ་བས་མེད་པར་དེ་ལ་བདེན་ཅོག་ཅོག་གི་མགོ་བོ་གུག་མཁན་དང་ངོ་འཛུམ་འཛུམ་གྱིས་བསྟོད་གླུ་འབུལ་བའི་སྤྲེལ་ལད་མཁན་ཅུང་མང་བའི་ཚོད་དུ་གདའ། དེ་བས་ཁོ་ཚོས་ནམ་ཡང་བཞིན་མདོག་བསྡུས་ནས་རྒྱལ་ཁབ་ཀྱི་དོན་དུ་མི་རིགས་འདིའི་དོན་དུ་ཞེས་སེམས་ཁུར་ཆེ་འདོད་དང་བྲེལ་བ་ཆེ་ཚུལ་ལབ་ནས་རང་སངས་རྒྱས་ཀྱི་གོ་འཕང་ཁོ་ན་དོན་དུ་གཉེར་ཞིང་། མི་རིགས་ཤིག་དར་ཞིང་རྒྱས་པའི་མཐུན་རྐྱེན་དུ་ཕུལ་བའི་དངོས་བོའི་ལོངས་སྤྱོད་རྣམས་ཁོ་ཚོས་མི་སྒེར་གྱི་གོ་ས་དང་ཆབ་སྲིད་དམིགས་ཡུལ་འགྲུབ་བྱེད་ཀྱི་དོན་དུ་བསྔོ་བ་དང་། ཐ་ན་མི་རིགས་ཞེས་པའི་ཐ་སྙད་དམིགས་བསལ་བ་འདི་སྤྱད་ནས་དུས་དང་དུས་མ་ཡིན་པའི་ལོ་སར་གང་མང་གཏོང་གིན་འདུག དངོས་ཡོད་གནད་དོན་དག་ལ་ཁ་མི་གཏོད་པར་བར་སྣང་གི་སྒྱུ་འཕྲུལ་ཕོ་བྲང་བཞེངས་པའི་འུ་ཚོའི་ཤེས་ཡོན་པ་དག་གི་བློ་རིག་གི་ཤེས་ཚོར་སྐྱེན་པོར་གཞུང་ལུགས་རྒྱ་མཚོའི་འཇིངས་ལ་བསྲིངས་ཤིང་། སྤྱི་ཙམ་དང་མདོ་ཙམ་སྤྲོས་པའི་གནས་ལུགས་རག་རིམ་གྱི་འདམ་སྨྱགས་ལས་ནམ་ཡང་བརྒལ་ཐུབ་མེད་ལ།  འུ་ཚོའི་ཉེ་འཁོར་དུ་འབྱུང་དང་འབྱུང་བཞིན་པའི་སྤྱི་ཚོགས་ཀྱི་གནད་དོན་ཁ་ཚ་དགོས་གཏུགས་དག་ལ་མིག་ཞགས་འཕེན་མཁན་ཤིན་ཏུ་དཀོན། དེ་བས་མི་རིགས་གླེང་བཞིན་རང་དོན་གཉེར་བའི་ཚུལ་འཆོས་གཡོ་རྫུན་མཁན་ཚོར་གནམ་སའི་གར་སྟེགས་ཡངས་པོ་ཞིག་འདོན་སྤྲོད་བྱས་འདུག་ལ། འཕེལ་རྒྱས་དང་ཡར་སྐྱེད་ཀྱི་དུས་བབས་བཟང་བའི་སྲིད་ཇུས་ཀྱི་ཉི་ཟེར་དྲོན་མོའི་འོག་ནས་མི་རིགས་ལ་ཤ་ཚ་ཚ་བྱེད་མཁན་འདི་ཚོས་རང་དོན་གྱི་བསྟན་པ་ཕྱོགས་མཐར་སྤེལ་བཞིན་ཨ་རག་གི་འདམ་མྱག་བརྒལ་ཏེ་མི་ཆེན་ཚོའི་ངོ་འཛུམ་འཚོ་བཞིན་འདུག དེ་བས་མི་རིགས་ཞེས་པ་ཉིད་སྲིན་འབུས་ཟོས་པའི་སྡོང་རྒན་ཁོག་སྟོང་བཞིན་ལོ་ཟླའི་རླུང་འཚུབ་ཁྲོད་ནས་འགྱེལ་མ་ཁད་དུ་འདུག མི་རིགས་གླེང་བཞིན་རང་དོན་གཉེར་བའི་མི་བུ་འདི་དག་གིས་ཆེན་པོ་བ་ཚོའི་ངོ་འཛུམ་འཚོ་བཞིན་མི་རིགས་འདིའི་གདོང་ལ་སྤར་འབྲད་བྱེད་བཞིན་འདུག ཁོ་ཚོའི་དུག་སྦྲུལ་གྱི་ལྕེ་ནག་རིང་བོར་འུ་ཚོའི་མི་རིགས་འདིའི་ཡ་ཁོག་ལ་སྲིང་བཞིན་འདུག ཁོ་ཚོས་དུས་དང་དུས་མ་ཡིན་པའི་བར་གསེང་རེ་རེ་ནས་མི་ལྤགས་ཕུད་ནས་སྤྱང་ཀིའི་རང་གཟུགས་སྟོན་གྱིན་འདུག ཁོ་ཚོས་གཡུལ་ཆེན་གྱི་འཐབ་ར་ནས་རང་རིགས་ལ་མི་མངོན་པའི་ལྐོག་མདའ་སྤྲོད་ཀྱིན་འདུག ཁོ་ཚོས་མི་རིགས་འདིའི་བདེ་སྡུག་གི་ཁ་གཡང་འབོད་བཞིན་རང་དོན་གྱི་ཆོས་འཁོར་བསྐོར་ཀྱིན་འདུག དེ་བས་ཁོ་ཚོས་བཅོས་འཛུམ་ལྷུག་ལྷུག་ངང་མི་རིགས་འདིའི་ཆེད་དུ་རྒྱལ་ཁབ་འདིའི་དོན་དུ་ཞེས་གླེང་ཡོང་དུས་ངས་ད་གཟོད་ཁོ་ཚོས་བཅོས་འཛུམ་གྱི་གསེབ་ན་སྦས་པའི་འཇིག་ཡེར་བའི་མཆེ་བ་དེ་མཐོང་ཀིན་འདུག དེ་དང་བསྟུན་ནས་མི་མགོ་བསྐོར་བའི་རྫུན་གྱི་ཕུང་བོ་འདི་ལ་བཟོད་དཀའ་བའི་སུན་སྣང་ཞིག་སྐྱེས་འོང་བའི་ཞོར་ལ་སྐྱུག་མེར་ཞིག་ཀྱང་ལངས་འོང་། ཁོ་ཚོ་འདི་ལྟར་འབུ་སྲིན་བཞིན་སྤྱི་ཆོགས་ཀྱི་ཟུར་ངོས་གང་རུང་དུ་ཤ་འདྲེས་ལྤགས་འདྲེས་སུ་འགྲོ་དུས། འུ་ཚོའི་སྤྱི་ཚོགས་ནི་ཅི་ཡང་མི་ཚོགས་པའི་དབུགས་ལྒང་ཐེད་པོ་ཞིག་དང་འདྲ་བར་ས་ངོས་ལས་མཐོ་གང་ཙམ་ཡང་ཡར་འཕགས་མི་ནུས་པ་ཞིག་ཏུ་གྱུར་འགྲོ། བཅོས་བསྒྱུར་སྒོ་འབྱེད་དང་ཅན་བཞི་འཛུགས་སྐྲུན་གྱི་དཔྱིད་རླུང་དལ་བུར་ལྡང་བའི་ལོ་རབས་བརྒྱད་ཅུ་བའི་བོད་ཀྱི་སྤྱི་ཚོགས་ཁྲོད་སྤྲུལ་སྐུའི་ལམ་ལུགས་དང་མི་ཆོས་བླ་མའི་རྫུན་ཕུང་ལ་དགག་པ་གཏོང་བའི་ཚ་རླབས་དྲག་པོ་ཞིག་འཕྱུར་མྱོང་ཞིང་། དེ་དང་བསྟུན་ནས་འུ་ཚོའི་མི་རིགས་འདིའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སོགས་ཀྱང་ན་གཞོན་འུར་གསེང་མཁན་རེ་གཉིས་ཀྱི་མིག་ནང་གི་མཚེར་མ་ལྟར་གྱུར་ནས་ཡུལ་དུས་ཀྱི་ཆོས་ཉིད་ལས་འདས་པའི་དགག་བཞག་སྣ་ཚོགས་སྤྲོས་མྱོང་ལ། ཐ་ན་སྔར་སྲོལ་ཡོད་ཚད་འདོར་དགོས་པའི་ལྟ་ཚུལ་ཕྱོགས་རེ་བའང་གཅིག་རྗེས་གཅིག་མཐུད་ངང་བྱུང་མྱོང་། འོན་ཀྱང་དུས་སྐབས་དེ་འདྲ་ཞིག་ལ་མཚོན་ན་མི་རྣམས་ཀྱི་བསམ་པའི་ཆུ་ཚད་དང་བླངས་དོར་གྱི་ནུས་པ་ཅུང་ཞན་ཞིང་ཆོས་དང་ཆོས་མིན་གྱི་གནས་ལུགས་ཕྲ་རགས་དག་ལ་དབྱེ་འབྱེད་བྱ་དཀའ་བས། སྤྱི་ཚོགས་ཀྱི་འགལ་འདུར་གྲོལ་བའི་སུན་འབྱིན་དང་དགག་བཞག་ཅིས་ཀྱང་ཡོད་འོས་པ་ཞིག་ཡིན་སྲིད་མོད། འོན་ཀྱང་ད་སྐབས་འུ་ཚོའི་མགོ་འཐོམས་ས་གཙོ་བོར་དད་ཞེན་དང་རྙིང་རུལ་གྱི་བབ་ཆགས་ལས་གྲོལ་མ་ཐུབ་པ་ཙམ་མ་ཡིན་པར་འགྲོས་མྱུར་བའི་སྤྱི་ཚོགས་ཀྱི་གོམ་སྟབས་རེ་རེར་ནས་རང་ངོས་འཕེལ་རྒྱས་གཏོང་བའི་གོ་སྐབས་བཟང་བོ་དམ་འཛིན་བྱེད་མི་ཐུབ་པ་དེ་རེད། དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་ནང་དུའང་ང་ཚོས་སྔར་བཞིན་དུས་བསྟུན་གྱི་གནད་དོན་གསར་བར་མི་འཚོལ་བར་བླ་ཆེན་དཔོན་ཆེན་ཚོར་དགག་པ་གཏོང་རྒྱུ་དང་ཕ་མེས་ཕྱི་བཞག་གི་གཅེས་ནོར་འདི་ལ་ངན་སྨྲས་བྱ་རྒྱུར་ཁོ་ན་མགོ་འཁོར་བས་བོད་ཀྱི་སྤྱི་ཚོགས་ཀྱི་ཟུར་ངོས་གང་རུང་ནས་རྩྭ་ལྡུམ་བཞི་འབུས་ཤིང་ཚེར་མ་བཞིན་སྐྱེས་བཞིན་པའི་དངོས་ཡོད་ཀྱི་གནད་དོན་མང་བོ་ཞིག་དུག་རླངས་བཞིན་འཕྱུར་ཏེ་འུ་ཚོའི་མི་རིགས་འདིའི་མགོ་འཐོམས་ཏུ་འཇུག་བཞིན་པར་སུས་ཀྱང་ཚོར་ཀྱིན་མི་འདུག ད་སྐབས་སྤྱི་ཚོགས་གོང་འཕེལ་གྱི་ཐེམ་སྐས་རེ་རེར་བརྒྱུད་ནས་འོང་ཚེ་འུ་ཅག་གི་མིག་མདུན་དུ་ལྷག་པ་ནི་བརྗོད་གཞི་གསར་བ་དང་འགལ་འདུ་གསར་བའི་གནད་དོན་དག་ཡིན་པས། ང་ཚོས་སྔར་བཞིན་ལོ་ངོ་སུམ་ཅུའི་ཡར་སྔོན་གྱི་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཁྱི་གུས་རུས་པ་མུར་བ་བཞིན་ཡར་ཐེད་མར་ཐེད་ཀྱིས་མགོ་རྨོངས་ནས་མི་འདུག་པར་དུས་སྐབས་གསར་བར་གནད་དོན་གསར་བ་འཚོལ་འོས་ཤིང་། གནད་དོན་གསར་བ་འདི་དག་ཕྲ་ཞིབ་རིགས་པའི་ལམ་ནས་དཔྱད་འཇོག་ནན་མོ་ཞིག་བྱ་འོས། འུ་ཚོའི་ན་གཞོན་ཚོར་ཆེས་ཚབས་ཆེ་བའི་གནད་དོན་ཞིག་ཡོད་པ་ནི་ཐོས་པ་བཙལ་རྒྱུར་མི་དགའ་བར་རང་ཉིད་ཆེ་འདོད་ཀྱི་སྒམ་ཚུགས་སྟོན་རྒྱུར་དགའ་བ་དང་། རང་གི་བློ་གྲོས་ཀྱི་སྟོབས་ཤུགས་རྩ་དཀྲུགས་མི་བྱེད་པར་བླུན་པོའི་ཆུ་སྣ་གར་འཁྲིད་གྱིས་གཞན་པའི་ཟེར་རྗེས་འབྲངས་པ།  སྤྱི་ཚོགས་ཀྱི་ཕྲ་ཞིབ་གནད་དོན་རྣམས་ལ་ཡང་དག་བློ་ཡིས་དཔྱད་འཇོག་མི་བྱེད་པར་སྤྱི་ཙམ་གྱི་གནས་ལུགས་ཤིག་ཆེ་སྒྲོག་ཆེ་བཤད་བྱས་ནས་ཉི་མ་གཏོང་བཞིན་འདུག 

 དེ་བས་ང་ཚོར་ནམ་ཡང་མཁོ་བ་ནི་ཡུལ་དུས་ཀྱི་འགྱུར་བའི་ཆོས་ཉིད་འོག་ཕྱི་རོལ་འཇིག་རྟེན་ལ་དཔྱོད་པའི་བློ་མིག་ཡངས་པོ་ཞིག་ཡིན་པ་ལས་ལྟ་ངན་ཕྱོགས་ཞེན་གྱི་རིས་སུ་འཁྱེར་བའི་སྨྱོ་ལབ་མཁན་དག་མ་ཡིན་ནོ།། 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚུལ་འཆོས་ཀྱི་ཕྱི་གོས་གྱོན་པའི་མི་འདི་ཚོར།

2010-04-28 ཨ་པཎ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།