དུས་རབས་ཀྱིས་སྤྲད་པའི་འོས་འགན།

  ང་ཚོའི་མི་རིགས་འདིའི་འཚོ་གནས་དང་འཕེལ་རྒྱས་ལ་བསམ་གཞིགས་བྱེད་པའི་ཤེས་ལྡན་པ་རྣམས་ཀྱིས་བརྗོད་པ་དང་འཚོལ་འདོད་པ་ནི་བོད་མི་རིགས་ཀྱི་འཕེལ་རྒྱས་དང་མདུན་ལམ་ཡིན། དེ་ཡང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བཀག་སྟེ་ངོ་མ་དེ་ངོས་ཟིན་པའི་སྟེང་ནས་མདུན་ལམ་འཚོ་དགོས་པ། ཇི་སྐད་དུ། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ།། བདེ་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར།། ཞེས་ཐོབ་བྱ་བདེ་བར་གནས་དགོས་ཕྱིན། དེས་འགལ་རྐྱེན་ནད་ཀྱི་རྒྱུ་ངོས་འཛིན་དགོས་པ་གལ་ཆེ་བ་ལྟར་རེད། དེང་སྐབས་མི་རིགས་རྗེས་སུ་ལུས་པའི་རྒྱུ་རྐྱེན་ངོས་འཛིན་ལ་མཁྱེན་དཔྱོད་ཀྱི་བློ་མིག་ཡངས་པ་མང་པས་རང་རང་གི་ལྟ་ཚུལ་རེ་འདོན་གྱིན་ཡོད་པ་ལས། འགའ་ཞིག་གིས་དུས་རབས་བདུན་པའི་བོད་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རུ་ནས་དར་བའི་སྲོལ་རྒྱུན་རིག་གནས་སམ་ནང་བསྟན་ཤེས་རིག་འདིའི་ཐོག་ཏུ་འགེལ་ཅི་ཐུབ་བྱས་ཏེ་བག་ཆགས་རྙིང་བ་ཞེས་པའི་ཐ་སྙད་དུ་ཡོད་ཚད་ལ་སྦྱར་ནས་དམའ་འབེབས་བྱེད་པ་ནི་ནང་བསྟན་ཤེས་རིག་ལ་གོ་བ་རགས་ཙམ་ཡང་མ་ལོན་པའི་དན་རྟགས་སུ་འཁུམས་ཏེ། དཔེར་ན། གནས་ལུགས་མི་གཙོ་ལུང་བསྟན་གཙོ་བའི་དཔེ་སྲོལ། ཚུལ་དྲེགས་ཆེ་ན་བསོད་ནམས་ཆེ་བའི་དཔེ་སྲོལ་ལྟ་བུ་འདི་དག་ནི།  སྔོན་བདག་ཅག་གི་སྟོན་པ་མཉམ་མེད་བུ་རང་ཤིང་བ་རང་གིས་ཆོས་ཀྱི་ཕུང་བོ་ཇི་སྙེད་ཅིག་བཀའ་བསྩལ་བ་རྣམས་ལ་ཡང་། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་གསུངས་པ་པོ་སྟོན་པ་ང་ཡིན་པ་རྒྱུ་མཚན་དུ་མི་བྱེད་པར་ཚིག་གི་ཟིན་ཚོད་ལྟར་གནས་ལུགས་སོགས་མི་བསླུ་བའི་ངེས་པ་མེད་པས་བརྗོད་དོན་ལ་སྒྲུབ་བྱེད་རྣམ་དག་ཡོད་པ་ལྟར་ཁས་ལེན་དགོས་ཞེས་རྟོན་པ་བཞི་དང་མི་རྟོན་པ་བཞི་བཅས་བརྒྱད་ཀྱི་སྒོ་ནས་དང་། གཞན་བསྲེགས་བཅད་བརྡར་གསུམ་གྱིས་གསེར་ལ་བརྟག་པ་བཞིན་ཚད་མ་གསུམ་གྱིས་གནོད་པ་ཡོད་མེད་བརྟག་ནས་གནོད་མེད་དུ་མཐོང་ན་ད་བཟོད་འཇུག་དགོས་ཞེས་སྟོན་པ་ཁོང་རང་ཉིད་ཀྱི་བཀའ་རྣམས་ལ་ཡང་ཧ་ཅང་གཟབ་ནན་དང་ཞིབ་ཚགས་རང་བཞིན་ལྡན་པའི་གསུམ་འདི་འདྲ་ཞིག་གནང་ན་གཞན་ལ་སྨྲ་མི་དགོས་སོ།། དེ་ནི་དེང་རབས་ཀྱི་ཚན་རིག་དང་ཡང་མཐུན་པར་མ་ཟད་བསྙོན་ལྡང་མི་ནུས་པའི་གཏན་ཚིགས་རྣམ་དག་ཞིག་ཡིན། དེས་ན་སྟོན་པའི་རྗེས་འཇུག་པ་ཞིག་ཡིན་ཕྱིན་གནས་ལུགས་མི་གཙོ་ལུང་བསྟན་གཙོ་བའི་རང་ལུགས་འཛིན་རྒྱུ་མིན་ལ། གལ་ཏེ་དེ་ལྟ་བུ་ཞིག་ཡོད་ཟེར་ནའང་དེས་སྟོན་པའི་གསུང་ཁས་མི་ལེན་པས་སྟོན་པའི་རྗེས་འཇུག་པ་ཡིན་པར་ངེད་ཅག་གིས་མི་སྨྲའོ།། འདི་ལྟ་བུ་ལ་དཔག་ན་དངོས་སྟོབས་མི་གཙོ་ལུང་བསྟན་གཙོ་བའི་དཔེ་སྲོལ་དེ་བས་ཀྱང་འདོད་རྒྱུ་མ་ཡིན་ཏེ། རྗེ་རིན་པོ་ཆེས་རྗེ་བཙུན་འཇམ་པའི་དབྱངས་ལ་གཞུང་དང་མན་ངག་གཉིས་ཀྱིས་ནང་ནས་གཙོ་བོར་བྱེད་ཅེས་དྲི་བ་ཞུས་ཚེ། མན་ངག་ནི་གཞུང་དང་མཐུན་དགོས། གཞུང་ནི་ནམ་ཡང་དོར་བར་མི་བྱ།། ཞེས་དོན་གྱིས་དེ་གཞུང་དང་མི་མཐུན་ན་དོར་བར་བྱ་གསུངས། ཁམས་གསུམ་བླ་མ་ཙོང་ཁ་བ་ཆེན་པོས་ཀྱང་། མཐར་གཏུགས་ན་དྲི་མ་མེད་པའི་རིགས་པ་ཉིད་ཀྱིས་དབྱེ་དགོས་ཏེ། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་བོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར་ཞེས་ཡང་དག་པའི་བཞེད་སྲོལ་འདི་དག་དང་པོ་མ་རིག་པ་དང་བདེན་གཉིས་ནས་བཟུང་མཇུག་སངས་རྒྱས་ཀྱི་སའི་ཡོན་ཏན་གྱི་གྲངས་འདྲེན་རྣམས་ངོ་བཤུས་བྱེད་དུས། གོང་གི་དེ་དག་མཁས་པ་ཆེན་པོས་མ་གཟིགས་པ་མ་ཡིན་ནམ། གཟིགས་བཞིན་དུ་ནང་ཆོས་བག་ཆགས་རྙིང་བའི་གྲུབ་ཆར་བརྩིས་ནས་སྟོང་བཤད་བྱས་པ་གཟུ་བོར་གནས་པའི་གཏམ་དུ་སུ་ཞིག་གིས་སྨྲ་སྟེ། སྔོན་སྟོན་པ་ཐུབ་པའི་དབང་བོ་མཆོག་དང་། ཟབ་རྒྱས་ཀྱི་བཀའ་བབས་བྱམས་འཇམ་དབྱངས་གཉིས། མགོན་པོ་ཀླུ་སྒྲུབ་ལ་སོགས་པ་འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་དང་། གངས་རིའི་ཁྲོད་འདིར་ཡང་ཁམས་གསུམ་བླ་མ་ཙོང་ཁ་བ་ཆེན་པོ་ལས་ོསག་པའི་གཙོས་མཁས་དང་གྲུབ་པ་ཆེན་པོ་སུས་ཀྱང་ད་ལྟ་བ་དེ་འདྲ་མ་གསུངས་པའི་ཁོངས་མེད་འོད་ཚོད་ཀྱི་བབ་ཅོལ་ཁོ་ན་ཡིན་པའི་ཕྱིར། དེའི་ཕྱིར་བག་ཆགས་དེ་རྣམས་གོང་གི་གཏན་ཚིགས་དང་འབྲེལ་ལྷ་ཆོས་རིག་གནས་ཀྱིས་བསྐྱེད་པ་མ་ཡིན་པ་ཚུལ་འདི་ཙམ་གྱིས་ཤེས་པར་བྱའོ།། འོན་ཀྱང་འགའ་ཞིག་གིས་ཆོས་སུ་རློམ་པའི་བསམ་ངོའི་ཆོས་དེའི་རིགས་ལ་ང་ཚོས་ཀྱང་ལུང་དང་རིགས་པའི་ལམ་ནས་སུན་འབྱིན་ངེས་ཡིན། འདིས་མཚོན་པའི་ང་ཚོའི་སྤྱི་ཚོགས་འཚོ་བའི་ཁྲོད་དུ་མི་མི་ཉུང་བ་ཞིག་ལ་དཔྱོད་ཤེས་ཀྱི་བསམ་བློ་བྲལ་བས་རང་གི་སྟོན་པས་མདོ་དང་བསྟན་བཅོས་ལས་བཤད་པའི་བསྲུང་བྱ་གཅིག་ཀྱང་མི་བསྲུངས་བ། སྐྱབས་འགྲོ། ངེས་འབྱུང་གི་བསམ་པ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ། ཡང་དག་པའི་ལྟ་བ་བཅས་ཀྱི་མིང་ཙམ་ཡང་མི་ཤེས་པའི་ཁར་ད་དུང་ཆོས་པའི་རྫིགས་ཉམས་སྟོན་བཞིན་པ། ངོ་མ་དང་རྫུན་མའི་ཁྱད་མི་འབྱེད་པ། བླང་དོར་གྱི་རྣམ་དབྱེ་མི་འབྱེད་པར་ཐམས་ཅད་ལ་དག་སྣང་སྦྱངས་པ། སྡེ་བ་དང་ཚོ་བའི་བར་ལ་འཁྲུག་རྐྱེན་སློང་བ། སློབ་གསོ་དང་སྣ་མང་རང་བཞིན་གྱི་འཛུགས་བསྐྲུན་ལ་བཀག་འགོག་བྱེད་པ། མགོ་བསྐོར་དང་གཡོ་ཁྲམ་གྱིས་མི་ཚེ་བསྐྱལ་བ། བུད་མེད་ཞིག་ཡིན་ན་རིག་གནས་སློབ་པའི་ཐོབ་ཐང་མེད་པ། རང་སྐད་གྱི་ནང་དུ་མི་རིགས་གཞན་གྱི་སྐད་ཆ་བསྲེས་ནས་བཤད་པ། ཕྱོགས་ཞེན་དང་ཐན་འཁྱེར་གྱི་ལྟ་ཚུལ་མང་བ། ཐ་ན་རང་ཉིད་ཀྱི་མདུན་ལམ་ལའང་རིམ་པ་ཞིག་བྱུང་དང་འབྱུང་མུས་སུ་མཆིས་པ་འདིའི་ཕྱོགས་ལ། ང་ཚོའི་སློབ་གསོ་སྡེ་ཁག་དག་གིས་རྡོག་རྩ་གཅིག་སྒྲིལ་དགོས་སློབ་གསོ་བྱ་བའི་ཐད་ལ་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་དང་། སློབ་གསོའི་བྱ་བ་མཐའ་དབུས་མེད་པར་རྒྱ་ཁྱབ་དུ་སྤེལ་བ། ཞི་བའི་བདེ་བ་མཆོག་ཁ་ཕྱོགས་ནས་བསམ་དངོས་གཉིས་ཀྱི་དཔལ་ཡོན་མཐོར་འདེགས་གཏོང་རྒྱུ་ནི། ང་ཚོ་ཚང་མས་དུས་རབས་ཀྱིས་སྤྲད་པའི་འོས་འགན་དང་། ངའི་བརྗོད་འདོད་པའི་སེམས་སྟེང་གི་རྨ་ཁ་ཡང་ཡིན་ནོ།།

རྩོམ་ཁུངས། དུས་རབས་ཀྱི་བསམ་གཞིགས། སྤྱིའི་འདོན་ཐེངས་གཉིས་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་རབས་ཀྱིས་སྤྲད་པའི་འོས་འགན།

2010-04-17 འགར་འཇམ་སྦྱིན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།