གཟའ་མཇུག་གི་སྒོར་ལྔ།

ནོར་བུ་གཅིག་པུ་རང་གི་མལ་ཁང་དུ་བློ་བདེ་བག་ཕེབས་ངང་གཉིད་ཡོད།  གཟའ་ཉི་མའི་མལ་ཁང་གི་གཙང་སྦྲ་ནི་དེ་འདྲའི་བཟང་རྒྱུ་མེད་ལ་གལ་ཏེ་དེ་རིང་ཕྱི་མྱི་ཆ་མེད་ཅིག་མལ་ཁང་འདི་རུ་ཡོངས་ཚེ་རྫོབ་དྲི་སྣ་ཚོགས་ཀྱིས་སྐྱུག་མེར་མི་སློང་བའི་ངེས་པ་མེད།  ནོར་བུ་ལ་མཚོན་ན་རྫོབ་དྲི་དེ་དག་ནི་རང་གི་སྣ་ཁུང་ནས་ཕྱིར་བུད་པ་ལྟར་ཚོར་བ་སྤུ་ཙམ་ཡང་མེད།   ཁུག་མ་སྟོང་བར་གྱུར་བའི་གཟའ་མཇུག་གི་སློབ་མ་དག་ལ་མཚོན་ན་ཉིན་མཚན་ལ་དབྱེ་བ་མེད་མར་གཉིད་སྐྱིད་པོ་ཞིག་གམ་ཡང་ན།  བཙན་གྱིས་མགོ་བོ་རུམ་དུ་བཅུག་ནས་གཉིད་ཡུན་ཙམ་རེ་ཨེ་ཡོང་ལྟ་རྒྱུ་ནི་དེ་རིང་གི་ཉི་མ་ཚང་ལ་འདེད་པའི་ཐབས་ཤེས་དང་པོ་ཡོན།

འབྲོག་པ་ནོར་བུ་ཡང་དེ་ལས་མ་འདས།ཁོས་དེ་རིང་གི་ལས་ཀ་གཙོ་བོ་ནི་གཉིད་ལས་སད་རྗེས་རང་གི་བང་མཛོད་ཀྱི་ཆེས་ མཐའ་མཇུག་གི་རྒྱུ་ནོར་སྟེ་སྒོར་ལྔ་བོས་ཁ་གཏད་ཀྱི་ཟ་ཁང་དུ་འཐེབ་ཐུགས་དཀར་ཡོན་གང་འཐུང་རྗེས་སླར་ཡང་མལ་ཁང་དུ་ལོགས་ནས་གཉིད་སྐྱིད་པོ་ཞིག་ཨེ་ཡོང་ལྟ་རྒྱུ་ཁོ་ན་ཡིན། སྤྱིར་ན་གཟའ་མཇུག་དུ་སླེབས་ཚེ་སློབ་གྲྭ་སོ་སོའི་སློབ་མ་རྣམས་སེམས་སྐྱིད་གླིང་ཀ་དང༌།  གློག་བརྙན་ཁང༌།  དྲ་ཁང་སོགས་ལ་འགྲོ་རྒྱུ་དང༌།  ཡང་ན་མགྲོན་ཁང་གོང་བདེ་ཞིག་ནས་བློ་ཁ་མཐུན་པའི་ཕྱོགས་ཡར་མར་གྱི་གྲོགས་པོ་འགའ་འདུས་དེ་ཆང་གོང་བདེ་ཞིག་འཐུང་ཞོར་སྙན་ངག་དང་བུད་མེད།   ཡང་ན་སུས་འཆང་འཐུང་ན་བཟི་རྒྱུ་མེད་ཚུལ་སོགས་ཚར་རྒྱུ་མེད་པ་ཞིག་གླེང་རྒྱུ་ཡོད།  དེ་རིང་གི་འབྲོག་པ་ནོར་བུ་ལ་མཚོན་ན་ཁོར་ཡུག་གང་ལའང་མ་ཐོན་པ་སྒོར་མོ་ཟེར་བའི་འགག་སྒོ་དེ་ལས་ཐར་མ་ཐུབ་པ་ལས་རྐྱེན་གང་ཡང་མིན།ནམ་རྒྱུན་སྒོར་མོ་མང་དུས་འབྲོག་པ་ནོར་བུ་སློབ་གླིང་འདིའི་སློབ་མ་མིང་ཆེན་ཞིག་དང་འདངས་ཆེན་ཞིག་ཡིན།  ཁ་བདེ་ལྕེ་བདེ་རྣམས་ཀྱིས?ཨ་ཁུ་འབྲོག་པ་ཚང་གི་ནོར་ལུག་བཙོང་ན་སྒོར་མོ་རེད།   མར་ཆུར་བཙོང་ན་སྒོར་མོ་རེད།   བལ་རྩིད་བཙོང་ན་སྒོར་མོ་རེད།  རྩྭ་རྩི་ཤིང་བཙོང་ན་སྒོར་མོ་རེད།   ཐ་ན་ནོར་ལུད་ཡང་སྒོར་མོ་རེད།   ད་ཨ་ཁུ་འབྲོག་པ་ཕྱུག་པོ་རེད་ལཟེར་དུས།   འབྲོག་པ་ནོར་བུས་ཡང་ཡིན་ཚོད་བདེན་ཚོད་ཀྱིས་ནེ་ཙོ་དག་གི་གསུངས་དབྱངས་དང་མཉམ་དུ་རང་གི་འབྱོར་ལྡན་རྒྱལ་ཁབ་ཀྱི་འབྱོར་བས་ཨ་གསར་དང་ངོ་བསྟོད་ཀྱི་ཁྲོད་ནས་ཉིན་རེ་གཉིས་ལས་བརྒལ་མི་ཐུབ།   སློབ་གླིང་འདི་རུ་འབྲོག་པ་ནོར་བུ་ལ་གར་ཡོང་མི་ཤེས་པའི་མིང་ཆ་མེད་གཉིས་ཡོད།   གཅིག་ནི་ཟླ་སྟོད་ཁོ་ལ་ཚང་མས?འབྲོག་ཕྱུག་ལག་ཡངས?ཞེས་འབོད་པ་དང༌།  ཟླ་སྨད་དུ་ཚང་མས?འབྲོག་རྒན་རྫོབ་ཐོཟེར་བ་དེ་གཉིས་ཡིན།དེ་རིང་ཟླ་མཇུག་གཟའ་མཇུག་མཉམ་དུ་ཁེལ་བ་ན་དྭངས་གཙང་གི་འབྲོག་པ་ནོར་བུ་འབྲོག་རྒན་རྫོབ་ཐོ ལས་འཆོར་ས་མེད།

འོ་ན་མལ་ཁང་གི་གྲོགས་པོ་གཞན་དག་ལ་སྒོར་མོ་ཨེ་ཡོད་ཟེར་ན།  མང་ཆེ་བར་ཟུར་གཅིག་ཀྱང་མེད།  ཡིན་ཡང་དུས་རབས་འདི་ལ་ནེ་ཙོ་འཕུར་ས་དང་འབབ་ས་གང་དུ་ཡོད།  དྭངས་གཙང་གི་འབྲོག་པ་ནོར་བུ་ལ་གོམས་སྲོལ་ཁྱད་པར་བ་ཞིག་ཡོད་པ་ནི་རང་གི་སྒོར་མོས་གཞན་ལ་མགྲོན་བྱེད་རྒྱུ་ལས་གཞན་གྱི་རྒྱུ་རན་ཟ་རྒྱུ་ནི་དང་ལེན་བྱེད་མི་ཐུབ་པའི་ངོ་ཚ་ཞིག་ཏུ་བརྩི།  གོམས་སྲོལ་དེའི་དབང་གིས་དེ་རིང་ཡང་འདི་ལྟར་རྫོབ་དྲི་དྲོ་བའི་མལ་ཁང་དུ་བཙན་གྱིས་མགོ་བོ་རུམ་དུ་འཇུག་དགོས་བྱུང༌།

སློབ་མའི་ཟ་འཐུང་གི་འཚོ་བ་སློབ་སྐབས་ཧྲིལ་བོར་སྙོམས་སྒྲིག་བྱེད་ཐུབ་མཁན་གྱི་སློབ་མར་སློབ་གྲྭའི་རྩ་འཛུགས་རིམ་པའི་འོས་མཚམས་ཀྱི་བྱ་དགའ་མེད་རུང་སློབ་མ་ནང་ཁུལ་དུ་ཁ་ནས་མ་བཤད་རུང་སེམས་གཏིང་ནས་ཁས་ལེན་བྱས་ཡོད།  མི་སུ་ཡིན་རུ་རྒྱུན་དུ་ཁ་ནས་བཤད་རྒྱུར?སྤུན་ཟླ་ཚོ་མཉམ་དུ་འཛོམས་ཐུབ་ཚེ་གཙོ་བོ་སྤྲོ་སྣང་ཡོད་དགོས།ཆང་སྐྱིད་པོ་ཞིག་འཐུང་ཐུབ་ཚེ་སང་ཉིན་གྱི་འཚོ་བ་ཁ་ཡ་བྱེད་དགོས་དོན་མེད?ཟེར་ནས་གཅིག་གིས་གཅིག་ལ་སྐུལ་སློང་ཀྱི་ཚུལ་དུ་རང་རང་ས་ནས་གནས་བབས་ཀྱི་ལ་རྒྱ་བསམ་བཞིན་སྒོར་ཟུར་གཅིག་ཀྱང་མི་ལྷག་པ་སློབ་ཆེན་འཚོ་བའི་གོམས་སྲོལ་དུ་གྱུར་ཡོད།  དེ་རིང་གི་གཟའ་མཇུག་འདི་ལ་འབྲོག་པ་ནོར་བུ་ལ་ལ་རྒྱ་ཤོར་མི་ཉན་པའི་སེམས་ཁུར་དང་འཚུབ་ཆ་གཅིག་ཀྱང་མེད་པར་ལྷིང་འཇགས་ངང་བདེ་སྣང་ཤིག་གིས་གཉིད་དུ་ཡུར་ཡོད།

ཡུན་ཙམ་འགོར་བ་ཟླ་སྟོད་ལ་འཇིགས་ཐབས་མེད་ཅིང༌།  ཟླ་མཇུག་ལ་ཆག་རོ་ལྟ་བུའི་ཁ་པར་དེ་བསྟུད་མར་ཐེངས་འགར་གྲགས།   ཟླ་མཇུག་ལྟ་ཞོག་ཟླ་མགོར་ཡང་ཁ་པར་ལ་འབྲེལ་འདྲིས་མེད་པས་འབྲོག་པ་ནོར་བུས་དེ་ལ་ཁ་ཡ་ཙམ་ཡང་མ་བྱས་བར་རང་གི་ལམ་ས་ནས་སེམས་སུ་ཁ་པར་གཏོང་མཁན་ལ་འཁང་ར་བྱེད་བཞིན་བསྡད།   རྒྱུ་མཚན་ནི་ཁོའི་མཛེས་སྡུག་གི་རྨི་ལམ་དཀྲོགས་པ་ཕར་ཞོག   གཉིད་སང་ཚེ་ཁོས་དགོང་ཇ་འཐུང་བའི་བར་དུ་རིན་ཐང་ཅི་ཡང་མེད་པའི་དུས་ཚོད་ཀྱི་བར་སྟོང་དེ་ཅི་ལྟར་སྐོང༌།

 ཅང་མ་འགོར་བར་ཁ་པར་གྱི་སྒྲ་སླར་ཡང་གྲགས་འོང༌།ནོར་བུས་སེམས་སུ་ཕལ་ཆེར་ཡུལ་མི་ཞིག་ཡིན་ཡང་ཐང༌།  གྲོགས་པོ།

དེ་མིན་མི་གཞན་འཚོལ་མཁན་ཞིག་ཡིན་ཚེ་ཞེ་སྡང་ཤིག་སློང་དགོས་བསམ་ནས་དེ་མ་ཐག་ཁ་པར་ལ་ཉན།   ཁོས་སྐད་གསེང་མཐོན་པོས?བེ  ཁྱོད་ཀྱི་སུ་འཚོལ་བ་ཡིན?ཞེས་དྲིས་པ་ན།ཁ་པར་དེ་རེ་ཞིག་ཁུ་སིམ་མར་ཡུན་ཙམ་འགོར་རྗེས་བུད་མེད་ཅིག་གིས་སྐད་འདར་མ་འདོར་གྱིས?པདྨ་ནོར་བུ་ཨེ་ཡོད་གི?ཞེས་དྲིས།

 སྤྱིར་ན་པདྨ་ནོར་བུ་ནི་འབྲོག་པ་ནོར་བུས་དངོས་མིང་ཡིན་ལ་སློབ་ཆེན་གྱི་ལོ་ངོ་གསུམ་གྱི་རིང་ལ་མི་གཅིག་གིས་ཀྱང་དེ་ལྟར་བོས་མ་མྱོང་ལ།  འབོད་ཀྱང་མི་ཤེས།  ཁོ་རང་གློ་བུར་དུ་ཡ་མཚར་དོན་རང་གི་ཡུལ་མི་ཞིག་རེད་ཟེར་ན་བུད་མེད་ཅིག་རེད།  ཆ་མེད་ཅིག་རེད་ཟེར་ན་མིང་འདི་ཤེས་དོན་ལ་སོགས་པའི་དྲི་བ་ཁ་ཤས་གང་མྱུར་ངང་སྙང་ཁར་འཚང༌།ཁོས་འཚབ་འཚུབ་ངང?ཡོད་གི   ??ང་ང་ཡིན?ཞེས་ལན་བཏབ།?ངོ་མ་ཡིན་ནམ??ཡིན   ཁྱོད་སུ་ཡིན? མོས་སུ་ཡིན་ཚུལ་གྱི་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པར?ད་འགྲིལ་སོང༌།   འགྲིག་སོང?ཟེར་ཞོར་དགོད་སྒྲ་དང་བཅས?ཁྱོད་ཀྱིས་ཚོད་དཔག་བྱོས་དང་ང་སུ་རེད?སྐབས་འདིར་དོགས་སློང་གིས་ཁེངས་བས་འབྲོག་པ་ནོར་བུས་ལན་བཏབ་པའང་ཧ་ཅང་སྟབས་བདེ་རེད?མི་ཤིས་གི?ཅེས་བཤད།?ང་གཡུ་སྒྲོན་ཡིན?ཅེས་བཤད་མ་ཐག་ནོར་བུས་ཀྱང་ཅི་ཞིག་བཤད་དགོས་པ་མ་ཤེས་པར་དགའ་སྐྱོ་འདྲེས་མའི་ངང?ཁྱོད་གང་ན་ཡོད?ཅེས་དྲིས།?ང་གསེར་འོད་གྲོང་ན་ཡོད།  འུ་གཉིས་ད་ལྟ་གྲོང་ཁྱེར་གཅིག་ན་ཡོད།   ངས་ན་ནིང་གསབ་སྦྱོང་བྱས་མཐར་ད་ལོ་འདི་རུ་རྒྱུགས་འཕྲོད་སོང༌།   སུན་རྒྱུ་ཞིག་ལ་འདི་རུ་ངོ་ཤེས་དང་ཡང་ན་སློབ་གྲོགས་གཅིག་ཀྱང་མེད་གི   ངེད་ཚང་གི་ཧྲི་མོས་ཁྱེད་ཀྱི་ཕུ་བོར་དྲིས་མཐར་ང་ལ་ཨང་གྲངས་འདི་བཤད།དགའ་འོས་པ་ཞིག་ལ་ནོར་མེད་གི?ཟེར་ཞོར་བུ་མོ་གཡུ་སྒྲོན་ལ་ཅི་འདྲའི་དགའ་སྣང་ཞིག་ཡོད་པ་ཆེས་སྤྱིར་བཏང་གི་ཀློ་པ་པོ་ཞིག་གིས་ཀྱང་ཚོར་ཐུབ།   དེ་ཡང་ལོས་ཡིན།   གཡུ་སྒྲོན་དང་ནོར་བུ་གཉིས་ནི་སློབ་ཆུང་གྲྭ་སྒྲིག་ནས་མཐོ་གསུམ་བར་དུ་སྒྲོག་ཙེ་གཅིག་གི་འདུག་གྲོགས་ཡིན།   རིམ་བཞིན་འབྲེལ་བ་གཞན་ཞིག་གི་སྒོ་མོ་རྡུང་ལ་ཉེ་སྐབས་སློབ་མཐར་ཕྱིན།  རྗེས་སུ་ནོར་བུས་གོ་སྐབས་རེ་བཙལ་ནས་མོར་ཁ་བརྡ་རེ་བྱེད་བསམ་མོད།  ལོ་དེར་མོར་མཐོ་རྒྱུགས་མ་འཕྲོག་པས་སེམས་ཀྱི་གནོན་ཤུགས་དང་ཕ་མའི་རྣ་སྡུག  ཉེ་འཁོར་གྱི་ངོ་ཚ་བསམ་ནས་སེམས་ནས་འདོད་རུང་རྫུན་མའི་བྱ་སྤྱོད་ཅིག་གིས་ཁོ་ལ་ཁ་ཡ་གཏན་ནས་མ་བྱས།  སྣ་སྐྲངས་ནོར་བུས་བདེན་པར་རློམ་ནས་རྗེས་ཕྱོགས་དེའི་ཕྱོགས་ལ་བསམ་བློ་བཏང་མ་མྱོང༌།   དེ་རིང་འདི་ལྟར་གློ་བུར་དུ་འཕྲད་ཚེ་ཕྱོགས་གཉིས་ལ་རེ་ཞིག་ཅི་བྱ་འདི་བྱེད་མེད་པར་གྱུར།མོས་ཅུང་དོགས་མི་བདེ་བའི་ངང?དེ་རེང་གཟའ་ཉི་མ་རེད།  ཁྱེར་ཚོར་ངལ་གསོའི་དུས་ཚོད་ཨེ་ཡོད?ཞེས་དྲིས། ?ཡོད?  ?འོ་ན   ཕྱི་དྲོ་དུས་ཚོད་བཞི་ཡིས་མས་སུ་ང་ལ་ཁ་པར་ཐོང་དང༌།  འུ་གཉིས་སེམས་སྐྱིད་གླིང་ཀ་རུ???འོ།  ཁ་པར་ཨང་གྲངས *********ཡིན། ?ཟེར་ནས་གཅིག་གཅིག་གཉིས་གཉིས་བྱས་ཏེ་བཤད།

ནོར་བུ་ལ་རེ་སྒུག་ཞེས་པ་ཞིག་གོམས་མེད་ལ།   དེ་བས་ཀྱང་ཉིན་གྲངས་དང་དུས་ཚོད་རྩིས་མ་མྱོང༌།   དེ་རིང་ཕྱི་དྲོའི་ཁོ་བོ་ནི་ཅི་འདྲའི་ཡ་མཚར་ཞིག   ཕར་འགྲོ་ཚུར་འོང༌།  འགྲོ་ལངས་ཙོག་གསུམ་གྱིས་ཕྱི་དྲོའི་ཆུ་ཚོད་གསུམ་དང་ཕྱེད་ཀར་སླེབས།ཁོས་ད་འགྲོ་རན་འདུག་བསམ་ནས་སྒོ་འགྲམ་གྱི་ཚོང་ཁང་དེ་རུ་མོ་ཁ་པར་བཏང་ནས་དུས་ཆད་བྱས་མཐར་དངངས་སྐྲག་ཅིག་དང་བཅས་དེ་རང་གི་ཁུག་མའི་ནང་གི་སྒོར་མོ་དྲན་ཡོང༌།ཁ་པར་གྱི་གླ་ཕྱིན་རྗེས་ཤུལ་དུ་སྒོར་གསུམ་དང་ཟུར་བརྒྱད་ཡོད།  ནོར་བུས་སྔོན་གྱི་འཆར་གཞི་ལྟར་ན་སྐྲ་བཞར་ཁང་དུ་སྐྲ་ལོ་བཀྲུ་རྩིས་ཡོད།  གང་ལྟར་སྐྲ་བཀྲུ་མ་ཐུབ་རུང་མི་སྐྱོན།  ཡིན་ཡང་ཁོ་ཡོད་ས་ནས་སེམས་སྐྱིད་གླིང་ཀ་རུ་སྤྱི་སྤྱོད་རླངས་འཁོར་ཐེངས་གསུམ་ལ་བརྗེ་དགོས།   ཕར་ཚུར་གཉིས་ལ་མ་མཐའ་ཡང་སྒོར་དྲུག་དགོས།   གཟའ་འཇུག་གི?འབྲོག་པ་རྫོབ་ཐོ?ལ་སྒོར་མོ་ཟུར་གཅིག་སྐྱི་སའང་མེད།  སྐབས་འདིར་སླེབས་པ་ན་ཏག་ཏག་དུས་ཚོད་བཞི་རྐྱང་རེད།  ནོར་བུ་ཨ་ནོར་བུ།  ཟླ་སྟོད་ཀྱི?འབྲོག་ཕྱུག?ཚད་འདི་ལ་ལྷུང་ཡོད།གལ་ཏེ་སྒོར་གསུམ་གྱིས་སེམས་སྐྱིད་གླིང་ཀ་རུ་ཐོན་ཐུབ་རུང༌།   ཕྱིར་ཇི་ལྟར་ཡོང༌། ནོར་བུ་མི་གཞན་དང་ལྷག་པར་དུ་བུད་མེད་ཀྱི་རྒྱུ་ལེན་ལོབ་ཅན་ཞིག་གཏན་ནས་མིན། དྲངས་པོར་བཤད་ན་གཡུ་སྒྲོན་གྱི་དམིགས་ཡུལ་ཀྱང་འདྲི་རྟགས་ཤིག་རེད།དྲ་གྲོགས་རྣམས་པ་སྒྲུང་གཏམ་བྲིས་ནས་ཚད་འདིར་སླེབས་ཚེ་འབྲི་མཁན་ལའང་བྱ་ཐབས་མེད་པར་གྱུར།  ཉམས་མྱོང་ཅན་གྱིས་ལམ་སྟོན་རོགས༢༠༠༨༡༠༩མཚན་མོར

རྩོམ་ཁུངས། ༢༠༠༩ལོའི་འོད་འབར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཟའ་མཇུག་གི་སྒོར་ལྔ།

2010-04-16 མཚོ་རྒན་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།