སློབ་གྲྭའི་ཟུར་སྣེ་ཞིག་ན།

སྟག་རིག་འབྲུག་ཐར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-15

  སྙན་ཞིང་འཇེབས་པའི་དབྱངས་རྟ་འདིས་ངའི་གཉིད་ཀྱི་གཏིང་རུམ་ན་སྐུང་བའི་རྨི་ལམ་འཇམ་པོ་ཞིག་གི་གོ་རིམ་ཁད་ཀྱིས་དཀྲོགས་ནའང༌།  ཁ་སང་དེ་རིང་གི་སྣེ་འཛིངས་པའི་བྱ་ལས་ཐམས་ཅད་ཀྱིས་ངའི་བློ་ཡིད་འོ་མ་འདྲ་བོ་སྒྱིད་ལུག་གི་འབོལ་གདན་ཁུད་ནས་ཡར་འདྲུད་ཐབས་མ་བྱུང༌།
   གང་ལྟར་དུས་ཚོད་ནི་རྒྱལ་ཁ་དང་ལས་ཀར་འཇུག་པའི་ཐོག་མའི་རྟེན་གཞི་ཡིན་པས།འཕག་འཚག་དང་གླལ་སྒྱིང་འདྲེས་མས་གོམ་འགྲོས་མི་འདུར་ག་མེད་བྱུང༌།
     ར་སྐོར་དུ་སྔར་མུས་བཞིན་དཔེ་ཀློག་གི་དབྱངས་རྟ་ཟམ་མ་ཆད་པར་སྙན་ལྷང་ལྷང་དུ་མཁའ་དབྱིངས་འདིའི་མཛེས་སྡུག་གི་གྲུབ་ཆར་གྱུར་ཞིང༌།  འཛིན་གྲྭ་སོ་སོའི་འདུག་གནས་སུ་ལ་ལ་སར་བཙོག་ནས་གོར་གོར་བའི་སྐྱིལ་གྲུང་བཅོས་ཏེ་དཔེ་ཆ་ནར་མོ་བྲང་གཞུང་དུ་བསྣམས་ནས་རེ་འགར་མིག་ཟུང་བཙུམ་ལ།རེ་འགར་དཔེ་ཆའི་ངོས་ལ་བློ་རྩེ་གཅིག་ཏུ་གཏད་དེ་སྐད་གསང་མཐོན་པོས་ཀློག་འདོན་བྱེད་ཅིང༌།  ཡང་སློབ་གྲོགས་ཁ་ཅིག་ཕྲེང་སྟར་གྲལ་བསྒྲིགས་ནས་སློབ་མ་གཉིས་རེའམ་གསུམ་རེས་མགྲིན་དབྱངས་གཅིག་ཏུ་མཉམ་ཀློག་མཉམ་འདོན་དང་ཕན་ཚུན་ལ་བློ་རྒྱུགས་སྤྲོད་རེས་བྱེད་ཀྱིན་གདའ།
    བློ་ཡུལ་ལས་འདས་པ་ཞིག་ལ་ནངས་མོའི་མཁའ་དབུགས་ཀྱི་རྒྱུ་བ་དག་ཅིང་གཙང་ནའང༌།  བཀྲ་ལོས་ད་དུང་འབག་སྐུའི་བརྟུལ་ཞུགས་བཟུང་ནས་གཉིད་ཀྱི་བདེ་ལ་རོལ་ཏེ་ཏིང་ངེ་འཛིན་སྒོམ་ནས་འདུག   མ་ཟད་མལ་ཁང་གི་གྲུ་ཟུར་ན་སྙིང་རྡོས་ཀྱང་ལག་ཏུ་དཔེ་ཆ་བསྣམས་ཁུལ་བྱས་ནས་དུ་བ་རྐང་གཅིག་ལ་མེ་བསྒྲོན་རྗེས་སྔོ་ལང་ལིང་ངང་དུ་རྐྱལ་ངར་བ་ཞིག་གི་ཚུལ་བཟུང་ནས་སྐྱོ་བ་སངས་ཐབས་བྱེད།  མ་རབས་ཕུར་ཁོས་ཀྱང་ཡིན་མདོག་གིས་རྐང་ལག་འགུལ་ཙམ་འགུལ་ཙམ་བྱས་ནས་MP3ཞིག་རྣ་ཁར་སྦྱར་ནས་ལེན་མི་ཤེས་རུང་ལེན་ཁུལ་གྱིས་མཆུ་གཉིས་ཡར་མར་ལ་གཡུག་ཙམ་བྱེད།
    མ་གཞི་གནས་ཚུལ་འདིའི་རིགས་ཉེ་སྔོན་བསྟུད་མར་གཟའ་འཁོར་གཅིག་ལ་སློབ་ཞུགས་སློབ་གསོ་མྱངས་མྱོང་བ་སྟེ།  ལུས་རྩལ་དང་སྐོར་བྲོ་སྦྱོང་བརྡར།  རུ་སྒྲིག་སྦྱོང་བརྡར།  ད་དུང་སློབ་ཁང༌།  མལ་ཁང་གི་གཙང་སྦྲ་དང་རྒྱུན་གོམས་འཚོ་བའི་སྒྲིག་རིམ།  མི་སྒེར་གྱི་ངན་སྤྱོད་གཙང་སེལ་དང༌།  སློབ་སྦྱོང་གི་མཁའ་དབུགས་གསར་སྐྲུན་སོགས་ཕྱོགས་གང་ཅིའི་ཐད་ཡར་རྒྱས་དང་དག་ཐེར་དགའ་ཞིག་བྱས་ནའང་སློབ་བུ་འདི་ལྟ་བུའི་ཐ་ཤལ་སྤྱོད་ངན་གྱི་རིགས་ནད་ཡམས་བཞིན་རྩ་བའི་རྩ་བ་འབལ་མ་ཐུབ་པས།   གོང་འགོ་ཁྲིད་དང་ཞོལ་འཛིན་བདག་དགེ་རྒན་རྣམ་པ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་ཡོད་པ་རེད།
        སློབ་གྲྭའི་དོ་དམ་པས་སློབ་མ་དེ་དག་ལས་སྙིང་རྡོ་དང་ཕུར་ཁོ་དམིགས་སུ་བཀར་ནས་བྱི་ལའི་སྡེར་འོག་ཏུ་ཚུད་པ་ལྟར་སློབ་ཁྲིད་ཐོག་ཁང་གི་སྔུན་ནས་འགྲམ་ལྕག་ཚ་བེར་བ་ཞིག  རྡོག་ཐོས་ཐེ་པོད་རྩེད་རྩེད་འགའ་བྱས་རྗེས་གནས་དེར་ལངས་སུ་བཅུག་པར་ས་ཐོ་གཉིས་ཡར་བརྩེངས་བ་དང་ཀུན་ནས་མཚུངས།
       ཁོ་གཉིས་རྩེང་དོན་ནི་དགེ་སློབ་ཡོངས་ལ་སྐྱོན་བརྗོད་དང་ཉེས་པ་གཙང་སེལ་བྱེད་ཆེད་དང་སློབ་མ་གཞན་དག་རྣམས་ལ་རྗེས་ཕྱོགས་སུ་འདིའི་རིགས་ཀྱི་སྤྱོད་ངན་མི་བཟོ་བའི་ཐོ་ཡོར་ཞིག་བསླངས་པ་རེད།  ཡུད་ཙམ་འགོར་རྗེས་དགེ་སློབ་རྣམས་རིམ་བཞིན་ཇེ་མང་དུ་སོང་སྟེ་ཁོ་གཉིས་ཀྱི་མཐའ་རུབ་ནས་ཡིན་མིན་གྱི་ལབ་གླེང་བྱས་པར་ད་གཟོད་ཁོ་གཉིས་ངོ་ཚ་ཞིང་ཁ་སྐྱེངས་ནས་གདོང་ཡོངས་དམར་པོ་ཁྲག་གིས་བརྫིས་པ་དང་འདྲ་ཞིང་ཅི་བྱ་གཏོལ་བྲལ་དུ་གྱུར་ཏེ།   མགོ་བོ་སྡོང་རྒན་གོག་པོ་ལྟར་ཐུར་དུ་དུད་ཅིང༌།    ཁོ་གཉིས་ཀྱི་བཟོ་ལྟ་ལས་མཚམས་རེར་བློ་འགྱོད་དྲག་པོ་སྐྱེས་པའི་སྣང་ཚུལ་མངོན་པ་དང༌།   ལན་རེར་ཉམ་ཆུང་བྱི་བ་ཞིག་གི་ཆ་བྱད་མངོན་ཏེ་སྒོང་སྒོང་འདུས་འདུས་ངང་མིག་ལམ་མམ་སེམས་པར་སྐྱོ་ཉམས་ཤིག་སྟེར།
        སློབ་གྲྭའི་དོ་དམ་པས་ཁོ་གཉིས་ལ་འདི་ལྟར་ཆད་གཅོད་བྱས་པ་དེ་ཕལ་ཆེར་སློབ་གསོའི་བཅའ་ཁྲིམས་ལ་འགལ་ཡོད་ནའང་ཐང་མོད།    གང་ལྟར་སློབ་གྲྭའི་ར་སྐོར་གང་རུང་དུ་ MP3ལ་ཉན་མཁན་དང་དུ་བ་འཐེན་མཁན་གྱི་སློབ་གྲོགས་རྣམས་ལ་འཇིགས་སྐྲག་ཐེངས་ཤིག་བསྐུར་བས།  སློབ་གྲྭ་སྤྱིར་མཚོན་ན་ཐེངས་འདིའི་ཆད་གཅོད་བྱེད་སྟངས་ནད་དུག་འཇོམས་པའི་སྨན་ལྟ་བུར་གྱུར།
      ཏག་ཏག་མཚམས་དེར།   དགེ་རྒན་མང་པོ་ཞིག་སློབ་ཁྲིད་ཐོག་ཁང་གི་མདུན་སར་འདུས་ཏེ།  བརྡ་འཕྲིན་གསར་བ་དང་གསར་འགྱུར་གང་རུང་སྦྱར་ཡོད་མེད་ལ་ལྟ་ཞོར་སློབ་གྲོགས་དེ་གཉིས་ལ་མིག་གི་མདའ་མོ་རེ་འཕེན་པ་རེད།  དགེ་རྒན་དེ་དག་གི་ཁྲོད་ནས་རྒན་བཀྲ་ཤིས་ཀྱིས་དེང་སང་གི་སློབ་མ་འདི་ཚོ།  འཚོ་བའི་ཆ་རྐྱེན་བཟང༌།  སློབ་གྲྭའི་བདག་སྐྱོང་ལེགས་ནའང་ཕ་མའི་རེ་བ་རྒྱབ་ཏུ་བསྐྱུར།  རྒན་གྱི་སློབ་གསོ་སྣང་མེད་དུ་བཞག་ནས་གང་འདོད་འདོད་དང་ཅི་འདོད་འདོད་ཀྱི་སྐྱོན་ངན་བཟོ་མཁན་ཇེ་མང་རེད།  ངོ་མ་བསམ་མི་ཤེས་པའི་བུ་ཕྲུག་རྙིང་རྐྱལ་རེད་ཡ་ཞེས་ཚིག་མགོ་བཅད་མ་ཐག  རྒན་དོན་གྲུབ་ཀྱིས་དེར་ཁག་ཅི་ཡོད།  ཡར་སྔོན་ལོ་ངོ་འགའི་སྔུན་ལ་རོང་འབྲོག་ཁུལ་གྱི་སློབ་མ་རྣམས་སྟོད་རྫ་འདབས་ན་སློབ་གྲྭ་ཆགས་ཡོད་དུས་ཡིན་ནའང་འདྲ།   སྨད་ཞིང་ཁུགས་ན་སློབ་གྲྭ་ཆགས་ཡོད་དུས་ཡིན་ནའང་འདྲ།  སྐབས་ཐོག་དེར་སློབ་མ་ཚོའི་ཁྲོད་ན་MP3 ལ་ཉན་མཁན་དུ་ཡོད།  དུ་བ་འཐེན་པའི་སློབ་མ་དུ་ཡོད།  དུས་ད་ལྟ་མདོར་དེད་ན་གྲོང་ཁྱེར་ན་སློབ་གྲྭ་འགྲིམས་བཞིན་པའི་མི་རིགས་སྣ་མང་གི་སློབ་མ་རྣམས་དང་མཉམ་སྡོད་མཉམ་འགྲོགས་བྱས་པའི་སྟབས་ཀྱིས།བཟང་ངན་གང་རུང་གི་བྱ་སྤྱོད་མཐའ་དག་མ་ལོབས་པའི་སློབ་མ་གཅིག་ཀྱང་མེད་ལ།  གྲོང་ཁྱེར་ན་རྒྱ་མི་རིགས་ཀྱི་སློབ་མས་ཅི་བྱེད་ཅི་ལས་ལ་ང་ཚོ་བོད་མི་རིགས་ཀྱི་སློབ་མ་ཚོས་ཀྱང་སྤྲེའུ་བཞིན་ལད་མོ་མི་བྱེད་མཁན་གཅིག་ཀྱང་མེད་རྐྱེན།  སྤྱོད་ངན་སྐྱུག་བྲོ་བ་འདི་དག་ཀྱང་མཐར་གཏུགས་ན་གྲོང་ཁྱེར་སློབ་མ་ཐ་ཤལ་སྐོར་ཞིག་གི་བྱ་སྤྱོད་ལ་སློབ་སྦྱོང་བྱས་པ་ཡིན་ལས་ཆེ།གདོང་ལ་སྡུག་ཉམས་དང་ཡིད་ཆད་པའི་ཉམས་ཤིག་ཤར་ཏེ་སྐད་དམའ་མོས་ཁ་བརྡའི་མུ་སྐྱོང་བ་ནི་རྒན་ཚེ་རིང་རེད།  ཁོས་བཤད་རྒྱུར་སྤྱི་ཚོགས་འགྱུར་བ་དང་བསྟུན་ནས་ཡོད་ཚད་འགྱུར་དགོས་པས།  སྔོན་ཆད་དང་ད་ཆ་གཤིབ་བསྡུར་བྱས་ན་ག་ལ་འགྲིག  དུས་རབས་ཉེར་གཅིག་ལ་ཐོན་པས་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་གཉིས་ཀ་མཐོ་རླབས་སུ་སླེབས་ཡོད་ཅིང༌།   མིའི་འཛད་སྤྱོད་དང་མིའི་གསར་གཏོད་གསར་སྤེལ་གྱི་ཆ་ཡང་ཕྱོགས་གང་ཐད་ནས་འཕེལ་རྒྱས་སུ་འགྲོ་བཞིན་ལགས་ན། སློབ་གྲྭར་སློབ་གསོ་མྱོང་བའི་སློབ་མ་རྣམས་ཀྱང་དུས་རབས་ཀྱི་རྗེས་ཆོད་དགོས་ཤིང༌།  སྤྱི་ཚོགས་ཀྱི་འགྱུར་བག་དང་མཉམ་དུ་དུས་བསྟུན་མདུན་སྐྱོད་བྱེད་དགོས་པ་ཁོ་ཚོའི་འོས་འགན་རེད།
      ཁ་བརྡའི་གླེངགཞི་བསླངས་ནས་མཚམས་འདིར་སླེབས་དུས།   སློབ་ཁྲིད་ཀྱི་ཚོགས་བརྡའི་དབྱངས་རྟ་རྒྱུན་མ་ཆད་པར་གྲགས་ཤིང༌།  དགེ་རྒན་རྣམས་ཀྱང་རང་རང་སར་བྱ་བརྒྱའི་ཚང་ལ་འུར་རྡོ་འཕངས་བ་བཞིན་ཕྱོགས་བཞིར་ཐོར་བས།ལྟ་བ་མི་མཐུན་པའི་ཁ་བརྡའི་མེ་ལྕེ་དེ་ཐོལ་གྱིས་ཆར་ཆེན་ཞིག་གིས་བྲན་པ་ལྟར་མཇུག་མེད་ཤུལ་མེད་དུ་གྱུར།
   དེ་མུར་སློབ་གྲྭའི་ཁོར་ཡུག་ན་དགེ་སློབ་རྣམས་འུར་ཟིང་ངེར་ཡར་འགྲོ་མར་འགྲོ་དང་ཡར་རྒྱུག་མར་རྒྱུག  དཔེ་ཀློག་རྟ་དབྱངས་མཆེད་པའི་གདངས་ཀྱང་ཁད་ཀྱིས་ཇེ་ཆུང་ནས་ལྷིང་འཇགས་ཀྱི་གནས་སུ་གྱུར་བ་རེད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་གྲྭའི་ཟུར་སྣེ་ཞིག་ན།

2011-05-15 སྟག་རིག་འབྲུག་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།