དཔྱད་ཤེས་ཀྱི་ལོག་རྟོག་མེད་ན་ན་གཞོན་སྙན་ངག་པའི་གྲོང་ཚོ་ཆ་མེད་ཡིན།

   ༡ ད་ལྟ་རང་རེའི་ཡུལ་གྱི་ན་གཞོན་སྙན་ངག་པའི་གྲོང་ཚོ་ལ་གདོད་མ་ནས་འོད་སྣང་ལ་ཞེན་པའི་མིག་ཟུང་གི་བལྟ་ཐེངས་རེ་རེར་བསམ་གཞིགས་ཀྱི་ཕོ་ཉ་སྲིད་པའི་གྲོང་དུ་མངགས་ཏེ་སྨྱུག་ཆུང་གི་སྟངས་སྟབས་ཤོག་བུའི་ངོས་སུ་སྒྱུར་པའི་སྙན་ངག་པ་ཤིན་ཏུ་ནས་དཀོན་པ་རེད་སྙམ་པའི་ཚོར་སྣང་ཞིག་ང་ལ་སྟེར་གྱིན་འདུག ང་རང་ཉིད་ཀྱི་བསམ་ཚུལ་ལྟར་ན་མི་བུ་ཚོས་འཚོ་བ་རོལ་སའི་རིག་གནས་པའི་ཞིང་ས་ན་བརྩེ་དུང་དང་གླུ་ཚིག་གིས་འབོད་པའི་སྙན་ངག་པ་བོད་ལ་མང་མོད། ཀློག་མཁན་ཁྲི་སྟོང་མང་པོའི་བསམ་པའི་རྒྱགས་ཕྱེ་གྱ་ནོམ་པ་འགྱེད་པའི་སྙན་ངག་པ་བོད་ལ་དཀོན་གི སྦྲུབས་མཐུག་ཅིང་སྐྱེད་སྟོབས་ཆེ་བའི་མ་ཡུམ་རིག་གནས་ལ་བརྟེན་ནས་ནར་སོན་པའི་ན་གཞོན་སྙན་ངག་པ་བོད་ལ་མང་མོད་སྤྱི་ཚོགས་དང་མི་རིགས་ཀྱི་ལས་དབང་ལ་གདོང་གཏུག་བྱེད་ཕོད་པའི་སྙན་ངག་པ་དཀོན་གི སྙིང་སྡུག་མཛེས་མས་བསླུས་ནས་བརྩེ་དུངས་ཀྱི་ཟབ་ཚད་ངག་གི་འཚོ་བར་བྱེད་པའི་སྙན་ངག་པ་བོད་ལ་མང་མོད། རིག་གནས་དང་རྒྱ་མཚོའི་ཕ་རོལ་དུ་ཕྱིན་སོན་ནས་རྩོམ་ཚུལ་ལ་ཐོགས་པ་མེད་པའི་སྙན་ངག་པ་བོད་ལ་དཀོན་གི
  ༢ དྲག་ཏུ་འཕྱུར་བའི་སེམས་ཀྱི་རྦ་ཀློང་ལྡན་པའི་སྙན་ངག་པ་བོད་ལ་མང་མོད། འཚོ་བའི་ཞིང་ས་གཤིན་པོར་རྐང་བཙུགས་ཏེ་གསར་རྩོམ་གྱི་གཤོལ་མདའ་མི་ལྷོད་པའི་སྙན་ངག་པ་བོད་ལ་དཀོན་གི ད་ལྟ་བོད་པ་ཚང་གི་སྤྱི་ཚོགས་སུ་སུ་ལའང་གསལ་ཆ་དབེན་པའི་ཐག་རིང་གི་གྲོང་ཚོ་དེ་ན་རྨོངས་འཐོམས་པའི་མི་ཚོགས་ཤིག་ཡོད་པ་ནི་ན་གཞོན་སྙན་ངག་པའི་སྡེ་ཡིན་ལ། བསམ་གཞིགས་མེད་པའི་སྙན་ངག་པའི་དཔུང་སྡེའང་རེད།
 ༣ སྒེའུ་ཁུང་ཤིན་ཏུ་ཆུང་ངུ་ཞིག་ཁང་ཀླད་དུ་ཕུག་ཅིང་ཉི་འོད་ཅུང་ཟད་ཙམ་ཡང་མཐོང་རྒྱུ་མེད་པས། ཉིན་མཚན་ཧྲིལ་པོར་འཁྱག་སིལ་སིལ་ཀྱིས་འདའ་བའི་སྤྱི་ཚོགས་འདིའི་ནང་དུ་ལྐོག་གྱུར་གྱི་གདོང་ཤུན་བཤུ་བར་ནུས་ཤིང་མངོན་གསུམ་གྱི་བྲང་ཁོག་གཤག་ཕོད་པའི་མི་བུ་སྙན་ངག་པ་བོད་ལ་དཀོན་གི དེ་བས། ནམ་རྒྱུན་ནུབ་ཁའི་མཚམས་སྤྲིན་གྱི་འོད་མདངས་ལ་ཅེར་ནས་རྒྱང་རིང་རྒྱང་རིང་ལ་ཕེབས་ཟིན་པའི་ཨ་མའི་འཛུམས་མདངས་དྲན་ནས་ང་རང་སྐྱོ་མྱོང་ལ། སྔ་མོ་ནས་གཤིན་རྗེའི་འཕྲང་ལམ་འགྲིམ་པའི་ཨ་མའི་གསུང་སྙན་དག་དྲན་ནས་ཕམ་ཡང་མྱོང་། ཉི་ཐིག་དང་སྨག་རུམ་ཁྲོད་ནས་བྲང་སྙིང་ལ་རུལ་འོངས་བའི་སྐྱོ་ངལ་འདིས་བཟོད་དཀའ་བའི་སྐྱོ་གདུང་ཆེན་པོ་ཞིག་སྐྱེས་ཤིང་གནོན་ཐབས་བྲལ་པའི་སྡུག་བསྔལ་མང་པོ་ཞིག་གིས་མནར་གཅོད་དང་ཕོག་ཐུག་བཏང་བ་ཇི་བཞིན་སེམས་སྐྱ་མོ་ཐང་ལ་ལྷུང་གི འདི་ཚང་མ་ད་ལྟ་ཉམ་ཆུང་གི་སེམས་པ་མང་པོའི་གནས་ཚང་དུ་གྱུར་བའི་བོད་པ་ཚང་གི་ཕ་ས་དྲོན་མོ་ནས་ཟུངས་ཁྲག་གིས་བྲིས་པའི་སྐྱོ་སྡུག་གི་བཤུལ་ལམ་ག་ཙམ་ཡོད་པ་ན་གཞོན་སྙན་ངག་པ་ཁྱེད་ཚོས་བསམས་གཞིགས་བྱེད་ཨེ་མྱོང་།
  ༤ རྟོག་ཚོར་དང་བསམ་གཞིགས་གི་གོ་རིམ་མངོན་པར་མཚོན་ཏེ་ཀླད་པའི་བྱ་འགུལ་སྣང་བྱེད་པའི་ངག་གི་སྐད་ཆ་བཤད་ཐུབ་པའི་སྙན་ངག་པ་དཀོན་གི ཐོས་བཞག་གི་ཆུ་ཚད་མཐོན་པོ་དང་ཚགས་དམ་པའི་གཏན་ཚིགས་རང་བཞིན་ལྡན་པའི་ལྡེམ་ཤུགས་ཆེར་མེད་པའི་ཚན་རིག་གི་སྐད་ཆ་བཤད་ཐུབ་པ་ནི་དཀོན་གི མཚོན་དོན་རང་བཞིན་གྱི་ལྡེམ་ཤུགས་ཆེ་ཞིང་སྒྱུ་རྩལ་ཉམས་ཀྱི་ཕྱུག་པའི་ཁྱད་ཆོས་ལྡན་པར་མ་ཟད་ཚིག་ཉུང་དོན་འདུས་ཀྱི་ཟབ་ཚད་ཆེ་བའི་རྩོམ་རིག་གི་སྐད་ཆ་བཤད་ཐུབ་པ་ནི་དཀོན་གི ཐ་སྙད་ཀྱི་གོ་དོན་ཀློང་ཡངས་ཤིང་སྒྱུ་རྩལ་གྱི་ལྡེམ་ཤུགས་ཆེ་བ་ཀློག་པ་པོས་རང་གི་མྱོང་བ་དང་འབྲེལ་ཏེ་གོ་བ་ཐ་དད་པར་ལེན་ཆོག་པའི་སྙན་ངག་གི་སྐད་ཆ་བཤད་ཤེས་ནི་ཧ་ཅང་གི་དཀོན་པ་རེད་དོ།།
 
རྩོམ་ཁུངས། ཆོས་གྲོགས་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་ཤེས་ཀྱི་ལོག་རྟོག་མེད་ན་ན་གཞོན་སྙན་ངག་པའི་གྲོང་ཚོ་ཆ་མེད་ཡིན།

2011-05-12 ཞོགས་ཆར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།