དག་པའི་ཞིང་ན་སྤྱི་ལོ་ཡོད་དམ།

                                                                   ---སྤོ་བོ་དྲན་གསོ།       
                                                   གླེང་སློང་།
   སྤོ་བོའི་གཅེས་མིང་ལ་ཚེ་ཚེ་ཟེར། མིང་ཆ་ཚང་ལ་ཅི་ཟེར་བ་ངས་མི་ཤེས། ཡང་ན་ཚེ་རིང་སྐྱབས་ཟེར། ཡང་ན་ཚེ་རིང་འབུམ་ཟེར། ཡང་ན་མགོར་ཚེ་རུ་འབོད་པའི་མིང་གཞན་ཅི་ཞིག་ཟེར། ལར་མཚོ་སྔོན་པོའི་ཡུལ་ནས་འདས་པོའི་མིང་གིས་འབོད་པར་འཛེམ་དོགས་འདྲ་བྱེད་རུང་། ཡང་བོད་ཀྱི་ཁ་དཔེ་རུ་རྟ་བོར་བའི་རྗེས་མ་འབོར། མི་ཤི་རུང་མིང་མ་བརྗེད་ཟེར་བས་གཉིས་ཀར་རྒྱུ་མཚན་འདྲེན་རྒྱུ་ཡོད་སྲིད།དེ་བས་ངས་སྤོ་བོའི་མིང་ནས་ཐད་ཀར་བོས་པ་ཡང་གུས་མེད་བྱས་པ་མིན་པས་ཁོང་གིས་བདག་ལ་གུ་ཡངས་གཏོང་སྲིད། 
      གཅིག ཚེ་རིང་དཀྱིལ་འཁོར། 
  བག་ཆགས་སུ་སྤོ་བོ་ནི་སྟོད་ཅུང་སྒུར་ཡོད་རུང་གཟུགས་བོངས་ཆེ་བར་འདུག བོད་ལྭ་ཅི་ཞིག་གྱོན་རུང་སྐེ་རགས་ལྷུག་ལྷུག་འཇོལ་འཇོལ་གྱིས་བཅིངས།  དེ་བས་ཁོའི་ལྭ་ཡི་གཅོད་ཁོག་ཚང་མ་འཁོབས་ཆེན་རྐྱང་རེད། ངས་སྤོ་བོར། བོད་ལྭར་སྡོག་པ་བྱས་ན་ཡག གཞུག་ཏུ་དེ་འདྲའི་སུལ་མོ་མང་པོ་ཀྲིག་གེར་གཏོད་ན། རྔ་མ་བཀྱག་སྟེ་རིལ་མ་གཏོང་བ་དང་མཚུངས་ཞེས་བསམ་བཞིན་དུ་ཁོང་ལ་སྙད་བརྐོས་ཏེ་བཤད་རུང་། ཁོས་དེར་ཅི་མི་སྙམ་པའི་ངང་སྡོག་པ་ལྡུམ་བུ་འཁོར་ལོ་ཅི་ཡག་ཟེར་གྱིན་ངའི་སྐད་ཆར་ཁ་ཡ་མི་བྱེད།
  སྤོ་བོའི་གྱོན་ཆས་ལས་ཆེས་ཁྱད་ཆོས་ཡོད་པ་ནི། ཁོང་གིས་རང་གི་མགོ་ལ་ཚེ་འབྱར་ལྟར་གྱོན་པའི་ཞྭ་མོ་ཚེ་རིང་དཀྱིལ་འཁོར་དེ་ཡིན་སྲིད། ཞྭ་མོ་འདིའི་མིང་ངས་རྗེས་ནས་ཤེས་པ་ཡིན། མི་དམངས་བཅིངས་འགྲོལ་དམག་གི་དགུན་ཞྭ་ཞེས་སྐབས་དེའི་འབྲོག་པ་རྣམས་ཀྱིས་རླབས་ཆེན་གཙོ་འཛིན་བཞིན་གཅེས་བཀུར་བྱེད་པའི། ཕྱི་ཤུན་ལྗང་གུ་དང་རྣ་རུ་གཉིས་ཅན་གྱི་ཞྭ་མོ་བཞུན་མོ་དེ་དང་བསྡུར་ན། གཞོག་བཞི་ན་རྣ་འབྱོག་བཞི་ལྟས་ངན་རྔ་སྒྲོ་ལྟར་བརྒྱང་ཡོད་པའི་ཞྭ་མོ་དེ་ངས་ཧ་ཅང་བཙོག་པར་སྙམ་མྱོང་།  ཐ་ན་སྐམས་ཀྱི་ཕོ་སུལ་འདྲ་བའི་ཞྭ་ངན་ཞེས་འཕྱ་རྒོད་ཡང་མངོན་སུམ་འཛེམ་མེད་དུ་བྱས་མྱོང་།
ངའི་སྤོ་བོ། ངའི་ཞྭ་མོ་ཚེ་རིང་དཀྱིལ་འཁོར། ཀ་ཁའི་རུས་མིང་གི་བརྩེ་བའི་ན་ཟུག་དེ་དེ་རིང་ཚ་བོའི་ཁོག་ཏུ་འཁོལ་གྱིན་ཡོད་ན། ད་ནི་ནོངས་འགྱོད་འདི་དང་དུ་བླངས་ན་ཨེ་ཆོག
     གཉིས། ཙན་དན་ཕྲེང་བ།
  སྤོ་བོ་ནམ་རྒྱུན་གོ་ཁར་སྡོད་པའམ་ཉི་མར་འདེ་དུས། བྱ་རྒན་ཞིག་གིས་དོགས་ཟོན་ངང་རྒུམ་བུ་བཏུ་བ་བཞིན་ཡར་ལྟ་མར་ལྟ་བྱེད་བཞིན་ཁ་མུར་མུར་ཅི་ཞིག་ཁོག་འདོན་བྱེད་ལ། ད་དུང་རིང་དུ་ཕབ་ཡོད་པའི་ཕུ་རུང་ནང་དུ་འཚམས་མེད་པར་ཅི་ཞིག་སྒུལ་སྒུལ་བྱེད། དང་ཐོག་ངས་དེ་ཅི་ཞིག་ཡིན་པ་སྟོན་རོགས་ཞུས་ཀྱང་འདོད་ཐོག་ཏུ་མ་ཡོང་། སྐབས་ཤིག་སྤོ་བོས་གཉིད་ལྕོག་རྒྱག་གིན་པའི་གླགས་དང་བསྟུན་ནས། ངས་ཡུན་རིང་མཚར་འཛིན་བྱས་པའི་ཁོའི་གསང་བ་དེ་བླངས་བཞག དྲན་སོས་པའི་དུས་ནས་བཟུང་ང་ལ་ཁྲོ་བའི་རྣམ་འགྱུར་སྤུ་ཙམ་སྟོན་མྱོང་མེད་པའི་སྤོ་བོས། ཐེངས་དེར་སྤར་ཞགས་གཅིག་གིས་ང་རང་གཅིན་མ་ཤོར་ཙམ་དུ་བཏང་། དེར་མཐུད་ཡང་ང་ལ་གཅེས་བྱེད་བཞིན་སྐད་དམའ་མོས་དེ་ནི་མ་ཎི་འདོན་བྱེད་ཀྱི་ཕྲེང་བ་ཡིན་ཚུལ་དང་། གཞན་གྱིས་ཤེས་མི་ཉན་ཚུལ་སོགས་བྱིས་པའི་ཁམས་དང་འཕྲོད་པའི་བསླབ་བྱ་མང་པོ་གནང་བྱུང་།
ཕྲེང་བ་དེ་ངས་ད་དུང་དྲན་སོས་ཀྱིན་འདུག   རྒྱུ་ཙན་དན་སྨུག་པོས་བཟོས་ལ་བརྒྱ་དཔོན་དུ་ཆུ་ཤེལ་སེར་པོ་ཞིག་སྤྲས་འདུག དེ་ཉི་ངོགས་སུ་བཏེགས་ནས་བལྟས་ན་གསེང་དུ་བལ་གྱི་ཁ་ཆུ་འདྲ་བའི་རི་མོ་མང་པོ་འཛིང་སྟེ་ཡོད་པ་ཞིག་རེད། ད་དུང་ཕྲེང་རྡོག་ཧྲིལ་པོ་བཞི་ཆར་བགོས་པའི་མཚམས་རེ་ན་སྤོས་ཤེལ་དམར་པོའི་བརྒྱན་ཆ་རེ་བཏབ་འདུག ལན་རེར་སྤོ་བོས་སྤོས་དམར་དེ་ལྭ་བའི་སྟེང་དུ་ཕུར་ཕུར་འགའ་བྱས་རྗེས་ངའི་སྣ་སྒོར་བཞག་སྟེ་སྣོམས་དང་། འདི་ད་སྤོས་ཤེལ་གྱི་དྲི་ཞིམ་རེད་ཡཱ་ཞེས་ཡིད་ཚིམས་པའི་མིག་མདངས་གིས་ང་ལ་ལྟ་བར་བྱེད།
  ཕྲེང་བའི་དོན་དེའི་རྗེས་ནས། སྤོ་བོ་ངེད་གཉིས་སྔར་བས་ཀྱང་གྲོགས་པོ་བློས་ཐུབ་ཏུ་གྱུར། སྤོ་བོས་ད་དུང་གསང་བ་ཞིག་གྱར་བ་བཞིན་གོ་མ་མྱོང་བའི་ངག་སྒྲ་ཁ་ཤས་སྐད་དམའ་མོའི་ངང་ང་ལ་བསླབ་ཀྱིན་འདི་ཏཱ་རེ་རེད། འདི་མ་ཎི་རེད། གཞན་གྱིས་ཤེས་ཚེ་ལས་ལམ་དུ་མ་སོང་བ་རེད་ཟེར། ངས་ཀྱང་སྤོ་བོ་ངེད་གཉིས་ཀྱི་ལས་ལམ་དུ་འགྲོ་བའི་ཕྱིར་གསང་བ་དེ་ཡུན་རིང་ཁོག་ཏུ་སྦེད་པ་ཡིན། དོན་དུ་ཕན་ཚུན་ལ་གསང་བ་བརྟོལ་ཆོག་པའི་གྲོགས་པོ་ནི་གྲོགས་པོའི་མཆོག་ཡིན་པ་འདྲ་ལ། ཡང་དེ་འདྲའི་གྲོགས་པོ་ཞིག་མེད་པར་གྱུར་ཚེ་གསང་བ་ཤོད་ས་མེད་པའི་སྡུག་བསྔལ་དེ་སུ་ཞིག་གིས་རྟོགས་སྲིད།
དེའི་རྗེས་ཆོས་ལ་དཀར་འདོན་བྱས་སོང་ཞེས་སྤོ་བོ་ཧ་ཅང་དགའ་བར་གྱུར། འོན་ཀྱང་དེ་ལས་ལྡོག་སྟེ་ངའི་སེམས་ཡུན་རིང་ཞིག་ལ་གཏིང་ནས་མི་སྐྱིད་པར་གྱུར་སོང་། དེ་ནི་སྤོ་བོ་ངེད་གཉིས་ལ་གཅིག་པོར་དབང་བའི་གསང་བ་མེད་པར་གྱུར་སོང་བས་མ་ཡིན་ནམ།
  གང་ལྟར། དེ་ནས་བཟུང་ཞལ་འདོན་འུར་གྱིས་འདོན་ཕོད་པའི་སྤོ་བོ་པགས་གདན་དུ་བག་ལྷོད་པོར་སྡོད་ལ། གཞན་དང་འདས་དོན་ཅི་ཞིག་གླེང་རུང་ཁ་མ་ཎི་དང་གཏན་མི་འབྲལ། དཔེར་ན། ༀ་མ་ཎི་པདྨེ་ཧུཾ། འུ་ཚང་གི་དག་ཞིང་པོ་དེས་ཉིན་ཞིག་བོའུ་ཁུར་ཏེ་རི་དྭགས་གཤོར་དུ་སོང་ལ། ༀ་མ་ཎི་པདྨེ་ཧུཾ། དོང་ནས་འཕྱི་བ་དྲུས་ཏེ་གསོད་ཀྱིན་པའི། ༀ་མ་ཎི་པདྨེ་ཧུཾ། དྲེད་མོང་ཡ་རུ་ཙམ་ཞིག་བསད་སོང་། ༀ་མ་ཎི་པདྨེ་ཧུཾ་ཟེར།
ཡང་ཁ་བརྡ་བྱས་དེ་ངལ་དུབ་དུས། ཐལ་མོ་སྦྱར་ཞིང་མིག་ཟུང་བཙུམས་ཏེ་ཡུན་རིང་བོར་གསོལ་འདེབས་སྣ་ཚོགས་བྱེད། ལན་རེར་དེ་ག་ཉིད་དུ་གཉིད་དུ་ཡུར་ལ། སྦེད་མི་དགོས་པའི་ཕྲེང་བ་དེ་ཡང་མཛུབ་བར་ནས་ལྷོད་དེ་གོ་ཁའི་ཐལ་འདབས་སུ་ལྷུང་གིན་འདུག ཉིན་ཞིག་ངས་ཁོང་ལ། ཁྱིམ་མཚེས་ཚང་གི་ཨ་མྱེས་ཀྱིས་མ་ཎི་དོང་ཕྱུར་འདོན་དགོས་ཞེས་ཉིན་རེ་བཞིན་དུ་ཕྲེང་བའི་སྒང་ལ་གྲངས་ཀ་གསོག་གིན་འདུག ཁྱོད་ཀྱིས་ཅིའི་ཕྱིར་གཉིད་ཞོར་འདོན་ཞོར། ད་དུང་ཕྲེང་བར་བདག་ཀྱང་མི་ཐུབ་པར་གོ་ཁར་ལྷུང་གིན་འདུག་ཅེས་བཤད་པར་ཁོས། ཁྱོད་ཀྱིས་ཅི་ཤེས།  གྲངས་མེད་མ་ཎི་རྫ་རྡོ་ཉུལ་འདྲ་ཟེར་ནི་རེད་ཟེར་གྱིན་མུ་མཐུད་དུ་གཉིད་ཞོར་སད་ཞོར་ཕྲེང་བ་འདྲེན་པར་བྱེད།
  ངས་བསམ་ན། ཚེ་མཐའི་བར་སྤོ་བོས་གྲངས་ཀ་ཅི་ཙམ་བསགས་ཡོད་པ་མི་ཤེས་རུང་། ཁོང་གིས་རང་ཉིད་དག་ཞིང་དུ་འགྲོ་བར་མ་ཎི་ལྡང་ཙམ་བཏོན་ཡོད་སྲིད། 
    གསུམ། གྲི་ཆུང་གློ་གཟུར།
  སྲུབས་དག་ཏུ་བཙའ་ཕྲན་བུ་ཡང་བརྒྱབ་ཡོད་པའི་ལྕགས་ཤུབ་ནག་པོ་དེ་ཡག་རྒྱུ་མེད་ན་ཡང་། ཡུ་བ་རྭ་དང་ཟངས་དམར་གྱིས་གཟི་རིས་སུ་བཟོས་ཡོད་པའི་གློ་གྲི་ཁྲ་བོ་དེ་སྤོ་བོས་རང་གི་གཅེས་ནོར་ཞིག་ཏུ་འཛིན། ལག་ཏུ་བདེ་ལ་རྣོ་ཆོད་ཆེ་བས། གྲི་དེའི་རིགས་ལ་དེང་སྐབས་དབུས་པ་ཚོས་ཨམ་གྲི་ཞེས་རྩ་ཆེར་བརྩི།  མཚོ་སྔོན་པོའི་འབྲོག་ཕྱོགས་ནས་རོང་གྲི་ཁྲ་བོ་ཡང་ཟེར། ངའི་སྤོ་བོའི་ཨམ་གྲིའམ་རོང་གྲི་ཁྲ་བོ་དེ་ཡང་རྣོ་ངར་ཅན་ཞིག་ཡིན་པས་ང་རང་གཏན་ནས་ཐུག་ཏུ་མི་འཇུག འོན་ཀྱང་ཁོས་གློ་གྲི་དེ་བྱང་ཆ་དོད་པོའི་ངང་བཀོལ་གྱིན་ང་ལ་འགྱིག་གི་ཕྱེ་མ་ལེབ་སྣ་ཚོགས་བཟོས་མྱོང་། དེ་ཡང་ཆུ་སོགས་འཆུ་སའི་འགྱིག་སྣོད་ཆག་རོ་ལས་རན་པོ་ཞིག་དྲུས། དེའི་རགས་དབྱིབས་ཕྱེ་མ་ལེབ་ཅིག་ཏུ་གཞོག་རྗེས་མེ་ཡོག་གིས་སྟེང་དུ་རི་མོ་གསུར། དཀྱིལ་དུ་ཨུ་ཁུང་ཞིག་གཏོད་དེ་སྐུད་པར་བརྒྱུ། མཐར་སྐུད་པའི་སྣེ་གཉིས་ནས་བཟུང་སྟེ་འཐེན་ཤུགས་རན་པའི་ངང་སྟེང་འོག་ཏུ་སྒུལ་སྒུལ་བྱས་ན།  འགྱིག་གི་ཕྱེ་མ་ལེབ་དེ་ཡང་འཁོབས་ཏོའི་ངང་ལྷེམ་ལྷེམ་ལྡེམ་ལྡེམ་མར་འབབ་པར་བྱེད།
  ངས་ཐེངས་འགར་ཕྱེ་མ་ལེབ་དེ་སྐུད་པར་བསྟེན་མི་དགོས་པར། རང་དབང་ངང་རི་ངོས་ལྗང་གུ་ཞིག་ན་འཕུར་གྱིན་ཡོད་པ་རྨི་ལམ་དུ་རྨིས་མྱོང་།   འོན་ཏེ་སྤོ་བོ་མཐོང་རྒྱུ་མི་འདུག དོན་དམ་ཁོང་ག་པར་ཕེབས་སོང་བ་ཡིན་ནམ། ཁོའི་རྨི་ལམ་དུ་ཡང་ཕྱེ་མ་ལེབ་དེ་འཕུར་གྱིན་ཡོད་དམ།   ཁོས་ཀྱང་རང་གི་ཚ་བོ་མ་མཐོང་བས་ཐུགས་མ་སྐྱིད་པར་ཡོད་དམ།
    མཇུག་སྡུད།
   སྤོ་བོ་གཅིག་དགུ་བདུན་ཅུའི་སྨད་ཙམ་དུ་ཚེ་ལས་འདས་སོང་། བྱེ་བྲག་ནམ་གྱི་ལོ་ཡིན་པ་ཡིད་ལ་དྲན་གྱི་མི་འདུག  འོན་ཏེ་ངས་དེ་རིང་དེ་དོན་ཕ་མར་འདྲི་འདོད་མི་འདུག  ངས་སྤོ་བོ་ཁོང་ཟླ་ཚེས་ལྟ་བུའི་གྲངས་ཀ་འཁྱག་པོ་ཞིག་དང་སྦྲེལ་ཏེ་གླེང་མི་འདོད། མ་མཐའ་ཡང་། ཁོང་བདག་གི་ཡི་གེའི་དྲོད་རླངས་ཁྲོད་ན་སྔར་བཞིན་དགའ་འཛུམ་ལྷུག་ལྷུག་ཏུ་འདུག་ཨང་།
དེ་ལྟར་ཞོགས་པ་ཞིག་ལ་སྤོ་བོ་གློ་བུར་དུ་ཁྱིམ་ནས་བོར་སོང་། གློ་གྲི་ཁྲ་བོ་དང་ཙན་དན་གྱི་ཕྲེང་བ་སྨུག་པོ་དེ་གཉིས་མ་གཏོགས། ཐ་ན་མཛེས་པའི་ཞྭ་མོ་ཚེ་རིང་དཀྱིལ་འཁོར་དེ་ཡང་ཁོང་གིས་བསྣམས་ཏེ་ཕེབས་སོང་འདུག   རྗེས་སོར་ཕྲེང་བ་དེ་ཤ་ཉེ་ཞིག་གིས་ཁྱེར།  ད་ལོ་ཤ་ཉེ་དེ་ཡང་ཚེ་ལས་འདས་ཚར།  གློ་གྲི་དེ་རྗེས་སོར་ཧ་ཅང་ཟད་པོར་གྱུར་ལ། དེ་ཡི་ཡང་རྗེས་ནས་གར་སོང་མ་ཤེས།
དོན་དུ་མི་ཞིག་འཇིག་རྟེན་དུ་སྐྱེས་པ། མཐར་གཏུགས་ན་གཞན་གྱི་ཆགས་སྡང་གི་ཕྱིར་དྲན་ཙམ་ཡིན་འདྲ། ནམ་ཞིག་དེ་ལྟར་ཕྱིར་དྲན་བྱེད་པའི་མི་དེ་ཡང་མེད་པར་གྱུར་དུས།  སྐྱེ་འཆི་ཟེར་བ་འདི་ཡང་མ་གཞི་ནས་རང་ཉིད་གཅིག་པུའི་དོན་ཞིག་ཏུ་གྱུར་འདུག 
   སྤོ་བོ་ལགས་ང་དང་ཁ་གྱེས་ཏེ་མི་ལོ་སུམ་ཅུ་ལྷག་འདས་པའི་ཉིན་ཞིག   ཚེ་སྲོག་གི་གཞི་ལ་འདི་ལྟར་གདོད་ནས་གྲུབ་སྟེ་ཡོད་པའི་ཁེར་རྐྱང་གི་མདུན་ནས། ངས་རང་ཉིད་དགུན་ཁ་འདིའི་ཞོགས་པའི་རླངས་པ་སྐྱ་ཐོལ་ཐོལ་ཅིག་གམ། ཡང་ན་མཚན་གཞུང་གི་སྐར་ཕྲན་ཁྲ་འདར་འདར་ཞིག་ཏུ་འཁྲུལ་ཏེ་ཡོད།
སྤོ་བོ། གལ་སྲིད་དག་པའི་ཞིང་ན་ཡང་མི་ཡུལ་ལྟར་སྤྱི་ལོ་བརྩི་སྲོལ་ཡོད་ན།  ད་ལྟ་ཁྱོད་རང་དགུང་གྲངས་བརྒྱ་ལྷག་བརྒལ་འདུག  ངའི་རྟོག་ངོ་རུ། ལུག་ཆུང་ཚར་དཀར་འདྲ་བའི་སྐྲ་ལོ་རླུང་གིས་སྐྱོད་པའི་བགྲེས་པོ་གཞོན་ནུ་ཞིག དག་པའི་ཞིང་གི་རི་རྩེ་ན་ཐང་དཀར་བཞིན་ཡང་ཟོར་ལྡན་པའི་ངང་འཕུར་ལྡིང་བྱེད་ཀྱིན་འདུག དེ་ནི་ཁྱོད་རང་ཡིན་ནམ། སྤོ་བོ།                                   
                                                                                                                                      2011.1.14
 
རྩོམ་ཁུངས། སེང་རྡོར་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དག་པའི་ཞིང་ན་སྤྱི་ལོ་ཡོད་དམ།

2011-05-12 མི་ལ་ཙི་ཙི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།