རྒས་སླ་བ།

ལབ་ཚེ་རིང་།༼ཟི་ཁྲོན༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-06

      རྒས་སླ་བའི་ང་ཚོ།  ཡོད་ཚད་རུམ་ལ་བཅུག་ནས་ལོ་རྒྱུས་ཀྱི་ཁུགས་སོ་ནས་ཁེར་རྐྱང་དུ་བུད།  རི་ཆུ་ནགས་གསུམ་བསྲུངས་ནས་འཚར་ལོངས་ཀྱི་ལང་ཚོ་རྒུད་ཅིང་། ལྗིད་ཏིག་ཏིག་གི་གོམ་ཁ་མྱ་ངམ་ཐང་ནས་འཆོལ་འགྲོས་བྱུང་དུས།  ཕ་ཡུལ་དུ་འཆར་སྣང་ཡན་པའི་གླུ་སྐད་འགགས་ཀྱང་ངའི་བློ་ཁོག་གི་གཟུགས་བརྙན་དེའང་ཝལེར་ཝ་ལེར་ངེས།  དྲན་ཤེས་རྦ་རླབས་བཞིན་སྐྱོམ་པའི་རྗེས་ཉུལ་བའི་མིང་བྱང་དེ་ཐོགས་པ་ནས།  ཕ་བོང་འདྲ་བའི་དམ་བཅའ་ཞིག་གི་རྡོ་རིང་སུ་ཞིག་ལ་བཞག་པའི་དྲན་ཤིང་དམར་བོ་ཡིན།  ཞེ་ཐོགས་སའི་ཡུལ་མི་ཚོའི་གདོང་ན་བྲིས་མི་ཚར་བའི་སྐྱོ་ཉམས་ཀྱི་མིག་ཆུས་བརླན་ཞིང་སྲ་འཐས་ཀྱི་གཉེར་རིས་སུ་ཞིག་ལ་བརྐོས་པའི་ཆག་འཇིག་གི་འཁྲེང་ཞེན་ཡིན།  སྙིང་གི་དཀྱིལ་ཐུག་ཏུ་ལྷུང་བའི་རྟོགས་བརྗོད་ཀྱི་མེ་ཏོག་རེ་རེ།  བརྩེ་བ་དེའི་དོད་དུ་འབྱུང་བཞིའི་ཁམས་ཀྱི་མཛེས་སྡུག་ཏུ་འགྱུར་སྲིད་སྙམ།  བོར་ཟིན་པའི་རྩྭ་ཐང་།  ངའི་གཞིགས་ཀྱི་རྭ་རྩེར་ བསྐྱོན་པའི་ཕྱིར་མིག་གི་ཐ་སྙད་ཞིག་ཏུ་སྣང་།  དེར་དུས་ཡོད་ཚད་རང་དབང་ན་མེད་པའི།  རང་དབང་གི་གོམ་པས་གཞལ་བའི་ཐང་ཆེན་པོ་རྨི་ལམ་ཞིག་གི་བསླུ་བྲིད་ཡིན་ལ།  ནར་སོན་རྒྱུ་མེད་པའི་ང་ཚོ་བག་ལ་ཞ་བའི་སློང་མོ་བའི་མལ་འཛོམས་སུ་ཚང་ཁ་བྱེད། ཚེ་སྲོག་གི་འོབས་ལམ་རིང་མོར་སྨྲེ་སྔགས་ཀྱི་སྐྱི་བུན་འཐིབས་ཐེངས་རེ།  ཡིད་འཕྲོག་གི་རྣམ་ཐར་ང་ལ་བཞག་པའི་ལས་སྐལ་གྱི་བེམ་རོ་ཞིག་ཏུ་ངེས་ལ་སེམས་ངལ་ཁྲི་ཕྲག་གིས་བཏེགས་པའི་སྨོན་འདུན་ཆུ་སྤྲིན་ཇི་བཞིན་ཁད་ཀྱིས་ཡལ།  བྱུང་འདས་ཀྱི་ལྷ་སྒྲུང་ཐང་མར་བརྡལ་བཞིན་སྙིང་གཏམ་རེ་རེའི་ཀློང་ནས་ལྟེབ་གཉེར་བགྱིད་ལ།  སྒྲོན་མེ་རྐང་གཅིག་གི་འོད་སྣང་དང་འགྲོགས་ཏེ་སྐྱབས་ཡུལ་གྱི་ཁམས་ཆེན་པོར་བག་ཡངས་ཀྱིས་རྒྱུ།  དར་ལྕོག་དམར་པོའི་སྨུག་སྤྲིན་གྱི་མཐའ་ནས་བདག་གི་འཆར་ཡན་དང་འདྲེས་ཤིང་སེར་རླུང་གི་ལྷབ་སྒྲའི་ཁྲོད་ནས་དལ་གྱིས་གཡུག་མགོ་བརྩམས།  ཅིས་ཀྱང་འགྲོ་རན་པའི་ང་ཚོ།  ལྷིང་འཇགས་ནི་མནོ་བསམ་རིགས་ཤིག་ཡིན་ཏེ།  བསམ་བློའི་འཇིག་རྟེན་ཡངས་པོ་ཞིག་ནས་བཞུད་དགོས་པའི་གཏན་ཚིགས་ཤིག་རྙེད་མ་བྱུང་ནའང་།  ཆེས་རྒྱང་རིང་ནས་ཐོས་པའི་དབྱངས་རྟ་རྙིང་བ་ད་ལྟ་ཉིད་དུ་ལེན་མཚམས་འཇོག་རོགས་ཀྱེ།

                                                                                                                                    ༢༠༡༠ .༡༢ .༡༦ཉིན་རང་ཤག་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒས་སླ་བ།

2011-05-06 ལབ་ཚེ་རིང་།༼ཟི་ཁྲོན༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།