རང་གི་བཟའ་ཟླ་ལ་འཁང་ར་མེད་པ་གནང་རོགས།

ཨ་རིག་འགྱུར་མེད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-03

  བཟའ་ཚང་ཟེར་བ་ནི་ཕྱིའི་ཀུན་སྤྱོད་དང་ནང་བསམ་བློ། དགའ་ཁ་འཁྱེར་ཕྱོགས་དང་འགྲོ་སྟངས་འགྲོ་ལུགས་གཅིག་པ་ཞིག་ཡོང་མི་སྲིད་པ་ལྟ་བུ་ རེད་ལ། ལྷག་པར་དུ་ལས་ཀ་དང་རྒྱུ་ནོར། ལང་ཚོ་སོགས་ཀྱི་ཐད་ནས་འདྲ་མཉམ་ཞིག་ཡོང་མི་སྲིད་མོད། ཅེས་ཀྱང་ཕན་ཚུན་ལ་འཁང་ར་མེད་པ་ཞིག་ཡོང་བར་འབད་དགོས། དཔེར་ན། བཟའ་ཚང་ཞིག་གི་སྐྱེས་པ་དེ་གཟུགས་ལང་ཚོ་རང་གི་ཆུང་མ་ལས་བཟང་ཞིང་། དུས་ནམ་ཞིག་ནས་སྐྱེས་པ་དེས་རང་གི་ཆུང་མར་བུད་མེད་གཞན་དག་ལྟར་མཛེས་སྡུག་གི་ལང་ཚོ་མེད་པ་དང་། བུད་མེད་གཞན་དག་ལྟར་གྱི་ཤེས་འཇོན་བྲལ་བ་ལྟ་བུར་ཚོར་བས་ཉིན་དེ་ནས་བཟུང་རང་ གི་ཆུང་མར་སུན་སྣང་སྐྱེ་མགོ་རྩོམ་པ་དང་མཉམ་དུ་སེམས་ནང་སྔར་མེད་ཀྱི་འཆར་ འགོད་སྣ་ཚོགས་བྱེད། སྐབས་དེ་ལྟ་བུ་ཞིག་ཏུ་རང་གི་ཆུང་མས་སྔར་བཞིན་ཞོགས་པ་སྔ་བོ་ནས་ཡར་ལངས་ཏེ་རང་ ལ་ཞོགས་ཇ་བསྐོལ་བ་དང་གྱོན་པ་བཀྲུ་བ། ནམ་རྒྱུན་ལྟར་ཕར་འགྲོ་འཛུམ་གྱིས་སྐྱེལ་མ་དང་ཚུང་འོང་དུང་བས་བསུ་ནའང་། ཁོའི་སེམས་ངོར་སྣང་ཚུལ་དེ་དག་ཀྱང་ཡིད་མི་དགའ་བར་འབྱུང་།
    དེ་བཞིན་དུ་བུད་མེད་ཅིག་གིས་རང་གི་ཁྱོ་ག་ནི་མི་གཞན་དག་ལྟར་འཇོན་ཐང་ལྡན་པ་དང་ སྙིང་སྟོབས་ལྡན་པ། ཐབས་ལ་མཁས་པ་ཞིག་མིན་པར་དུས་རྒྱུན་རང་ཉིད་ཀྱིས་གསོ་དགོས་པ་དང་། རང་གིས་ཉིན་མཚན་མེད་པར་དཀའ་ལས་བརྒྱབས་ཏེ་བསགས་པའི་དངུལ་རྣམས་ཁྱོ་གས་སྤྲོ་ སྐྱིད་གཏོང་བར་བཀོལ་བ། སྐབས་རེར་དོན་མེད་དུ་རང་ཉིད་ལ་གཅར་རྡུང་བརྙེས་གསུམ་བྱེད་པ་ལས་ཁོའི་སེམས་ན་ བརྩེ་དུང་ཟེར་བའི་ཐ་སྙད་འདི་གཏན་ནས་མི་འདུག་སྙམ་པའི་ཚོར་བ་རྒྱུད་ལ་སྐྱེས་པ་ ནས། སྔར་རང་ཉིད་ཅིའི་ཕྱིར་འདི་ལྟ་བུའི་འཇོན་ཐང་དང་ཐབས་ལ་མི་མཁས་པའི་མི་གླེན་པ་ ཞིག་ལ་དགའ་བ་ཡིན་ཨང་སྙམས་ཏེ། འགྱོད་གདུང་དྲག་པོའི་གཏིང་རིམ་དུ་ལྷུང་། དེ་ནས་བཟུང་ཁྱོ་གས་ནམ་རྒྱུན་ལྟར་རང་ལ་སྙན་མོའི་ངག་དང་འཇམ་པོའི་ཚིག་གིས་ བྱམས་སྐྱོང་བྱེད་པར་མ་ཟད། སྒོ་ཕྱི་ཁྱིམ་བར་ནས་ཀྱང་སེམས་ཚེགས་བྱེད་ནའང་། དེ་ནི་སྡུག་བསྔལ་གྱི་རྒྱུ་རུ་འཁྲུལ་བར་འགྱུར།
སྐབས་འདིར་ཁྱེད་ཀྱིས་ཕྱིར་དྲན་ཞིག་བྱོས་དང་། གཅིག་བྱས་ན་ཁྱེད་རང་ཏན་ཏན་མིག་འཁྲུལ་བྱུང་ཡོད་སྲིད།   དཔེར་ ན། ཁྱེད་ཀྱིས་དེང་སྐབས་རང་ལ་གཏན་ནས་འཚམ་པོར་མི་མཐོང་ཞིང་དང་སྣང་བ་མི་མཐུན་པའི་ ཁར། ཉིན་ལྟར་ལྷིང་འཇགས་དང་བདེ་སྐྱིད་ཀྱི་འཚོ་བ་རོལ་མི་ཐུབ་པར། ཚར་རྒྱུ་མེད་པའི་རྩོད་ཉོག་ཁྲོད་ལྷུང་བའི་ཁྱེད་ཀྱི་བཟའ་ཟླ་དེ། ལོ་ངོ་གཅིག་དང་གཉིས། ཡང་ན་གསུམ་དང་བཞི། གང་ལྟར་ཁྱེད་གཉིས་ཐོག་མར་ངོ་ཤེས་བྱུང་སྐབས་ཁྱེད་ཀྱིས་ཁོ་མོའི་ཕྱིའི་ལུས་ ཀྱི་མཛེས་སྡུག་ལ་སེམས་ཤོར་ཞིང་། ཁོ་མོས་ཐེངས་དང་བོར་ཁྱེད་ལ་བསྟན་པའི་ལྷད་མེད་པའི་འཛུམ་མདངས་དེས་ཁྱེད་རང་ དུས་གཏན་དུ་བླ་འཁྱམ་དུ་བཅུག་ཡོད་སྲིད། ཡིན་ནའང་། དེ་དུས་གཅིག་ནས་ཁྱེད་རང་ཁོ་མོའི་ཕྱིའི་མོ་སྒོ་ཙམ་ལ་མིག་འཁྲུལ་བ་ལས་ནང་གི་ བསམ་པའི་འཁྱེར་ཕྱོགས་མི་ཤེས་ལ། གཉིས་ནས་ཁོ་མོའི་འགྲོ་འདུག་ཉལ་གསུམ་གྱི་གཤིས་སྤྱོད་མི་ཤེས་པས་དེ་རིང་གི་ འགྱོད་གདུང་འདི་བྱུང་བ་རེད།
   འདི་ལྟ་བུའི་བསམ་བློ་ནི་ཕན་ཚུན་འདྲ་མཉམ་མ་བྱུང་བ་ལས་འབྱུང་གི་ཡོད་ལ། ངེས་པར་དུ་བཅོས་བསྒྱུར་འོས་པ་ཞིག་ཀྱང་རེད་སྙམ། བཟའ་ཟླ་ཟེར་བ་ནི་ལུས་སྐྱེས་གཟུགས་ཀྱི་སྟེང་ནས་འདྲ་མཉམ་དང་ནང་བསམ་བློའི་ སྟེང་ནས་འདྲ་མཉམ། གཤིས་ཀུན་སྤྱོད་ཀྱི་སྟེང་ནས་འདྲ་མཉམ། སློབ་སྦྱོང་དང་ལག་ལས་ཀ་སོགས་གང་གི་ཐད་ནས་ཀྱང་འདྲ་མཉམ་ཞིག་ཡོང་དཀའ་རུང་། གཙོ་བོ་ཕྱོགས་སྣ་མང་བོ་ཞིག་ནས་འདྲ་མཉམ་ཡོང་རྒྱུ་དེ་རེད། དེ་ནི་དང་ཐོག་དགའ་བོ་སྒྲིག་སྐབས་ནས་ཕན་ཚུན་ཡུན་རིང་འགྲོགས་པ་དང་གཤིབ་བསྡད་ པས་ད་གཟོད་གང་དང་གང་ནས་འདྲ་མཉམ་ཡིན་མིན་རྙེད་ཐུབ། བོད་མི་རིགས་ལ་འདི་ལྟ་བུའི་གོམས་གཤིས་ད་ལྟའི་ཆར་འཇགས་མེད་ཀྱང་ངས་ནི་གོམས་ གཤིས་འདི་ལྟ་བུ་ཞིག་ངེས་པར་འཇགས་རྒྱུར་སྐུལ་སྙིང་འདོད། རང་གི་མི་ཚེ་གཅིག་གི་བདེ་སྐྱིད་དང་འཚོ་བའི་ཆེད་དུ་རང་གི་བཟའ་ཟླ་གཏན་ནས་གདམ་ ནོར་མ་བྱེད་རོགས།
རེད། ངས་བཟའ་ཟླའི་སྐོར་གྱི་རྩོམ་ཡིག་འདི་ལྟ་བུ་དག་འབྲི་བཞིན་པའི་སྐབས་སུ། སློབ་ཕྲུག་བུ་མོ་ཞིག་གིས་ང་ལ་སེམས་ཁོང་ནས་བརྡོལ་བའི་དྲི་བ་སྙིང་རྗེ་བོ་ཞིག་ བཏང་། ཁོ་མོས་ཀེམ་ཀེམ་གཡོ་བའི་མིག་ཟུང་རེ་བས་ཁེངས་བཞིན། “དེས་ན། ང་དང་ངའི་དགའ་རོགས་གཉིས་ལ་མཚོན་ན་ཕན་ཚུན་ལ་རྣམ་དག་གི་བརྩེ་བ་ཟབ་མོ་ཡོད་པས། ངེད་གཉིས་ཀྱི་གཞུག་ཕྱོགས་ཀྱི་འཚོ་བ་དེ་བདེ་སྐྱིད་ལྡན་པ་དང་ཕུན་སུམ་ཚོགས་པར་ འགྱུར་རམ།” ཟེར། ཁོ་མོའི་དགའ་རོགས་ད་ལྟ་མཐོ་རིམ་སློབ་གྲྭ་འགྲིམ་བཞིན་པའི་སློབ་མ་ཞིག་རེད་ལ། ཁོང་གཉིས་ཀྱི་ད་ལྟའི་འབྲེལ་ལམ་ནི་སྟབས་ཀ་འགྲིག་ན་རེའུ་གཟའ་ཉི་མར་ཕན་ཚུན་ལ་ཁ་པར་གཏོང་རེས་བྱེད་པ་དང་། རྒྱུན་པར་གློག་འཕྲིན་གཏོང་བ་ཙམ་རེད། མ་ཟད་ཁོ་མོ་གཞི་ནས་འཛིན་རིམ་བཅུ་བའི་ཐེམ་སྐས་བརྒལ་ཏེ་འཛིན་གྲྭ་བཅུ་གཅིག་ བཅུ་གཉིས་དང་། མཐོ་རིམ་སློབ་གྲྭ་སོགས་འགྲིམ་ཚར་བའི་བར་དུ་ཉུང་མཐར་ལོ་དྲུག་ནས་བདུན་དགོས་ ཀྱི་འདུག་ལ། དུས་ཡུན་དེའི་རིང་རང་གི་དགའ་རོགས་ཀྱིས་རང་ཉིད་ལ་སྒུག་པར་ཡིད་ཆེས་བྱེད་ཀྱིན་ འདུག
   སྐབས་དེར་ངས་ཁོ་མོར་ལན་འདེབས་བྱས་དོན། “ད་ལྟ་ཁྱེད་ཀྱི་དགའ་རོགས་དང་ཁྱེད་གཉིས་སུ་ཡིན་རུང་བརྩེ་དུང་གི་རྒྱ་མཚོའི་ ནང་ལྷུང་འདུག ཕན་ཚུན་ལ་ཡིད་ཆེས་དང་རེ་བས་ཁེངས་འདུག དེ་ཧ་ཅང་གི་ལེགས་པོ་ཞིག་རེད། ཡིན་ནའང་།” ངས་ “ཡིན་ནའང་” ཟེར་སྐབས་ཁོ་མོ་མདུན་དུ་ནུར་ཙམ་བྱས་པ་དང་གདོང་ལ་བཀྲ་མི་ཤིས་པའི་དོན་དག་ཅིག་ བཤད་རྒྱུ་རེད་ཨང་བསམ་པའི་དངངས་སྐྲག་སྐྱེ་བཞིན་མེད་དམ་སྙམ་པ་ཞིག་འདུག ངས་མུ་མཐུད་དེ། “བཟའ་ཚང་ཟེར་བ་དེ་ཁང་ཆུང་གྲུ་བཞི་མ་ཞིག་བཞེངས་སྐྲུན་བྱེད་པར་ཆག་བཞག་ན་ཡིད་ ཆེས་དང་བརྩེ་དུང་གཉིས་ནི་ཟུར་ངོས་བཞི་ལས་གཉིས་རེད་ལ། ད་དུང་ཕན་ཚུན་ལ་བསམ་ཤེས་དང་གཤིས་སྤྱོད་མཐུན་མིན་སོགས་ཀྱང་དེའི་ཟུར་ངོས་གཞན་ དག་ཏུ་གྲུབ་དགོས། ཁྱེད་གཉིས་ལ་མཚོན་ན་ད་ལྟ་ཡིད་ཆེས་དང་བརྩེ་དུང་མ་གཏོགས་ཅི་ཡང་མེད་པས། ཟུར་ངོས་གཞན་དག་ད་དུང་བཞེངས་སྐྲུན་བྱེད་རྒྱུར་ལྷག་ཡོད། དེར་བརྟེན་ཕན་ཚུན་གྱི་ལྟ་བ་མཐུན་མིན་དང་གཤིས་སྤྱོད་མཐུན་མིན་སོགས་ད་དུང་ གཞི་ནས་ཤེས་རྒྱུར་ལྷག་སྟབས། ཁྱིམ་ཚང་གྲུབ་རྗེས་བདེ་སྐྱིད་ཡོང་མིན་ད་ལྟ་ནས་བཤད་ཚོད་ཐིག་གི་མ་རེད་ཅེས་ བརྗོད་པ་ཡིན།” ངས་དེ་ལྟར་བརྗོད་པར་རྒྱུ་མཚན་ཡོད་དེ། ཁོང་གཉིས་ཀྱིས་ཕན་ཚུན་ལ་ཁ་རེ་སྐྱེལ་མྱོང་བ་ཙམ་ལས་གཞན་མཉམ་འགྲོགས་མཉམ་འདུག་གི་འཚོ་བ་རོལ་བའི་གོ་སྐབས་ཐོབ་མྱོང་མེད་པས་ཡིན་ནོ། །
 
རྩོམ་ཁུངས། སེང་རྡོར་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་གི་བཟའ་ཟླ་ལ་འཁང་ར་མེད་པ་གནང་རོགས།

2011-05-03 ཨ་རིག་འགྱུར་མེད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།