དྲིས་ལན་ལྷག་བསམ་རབ་དཀར།

ཨ་འབུམ་བློ་བཟང་དམ་ཆོས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-02

  དེ་ཡང་ཉེ་སྔོན་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་ཆེད་རྩོམ་རེ་གཉིས་སྤེལ་བ་ལ་རང་ཉིད་འུར་གྱིས་སྒྲོག་འདོད་སོགས་གཏན་ནས་མ་ཡིན་ཡང་མི་འདོད་པ་དང་བཅས་པའམ་ཐོས་དོན་འཚོལ་བར་དགའ་མཁན་གང་ཡིན་མ་ངེས་མོད་དྲི་བ་ཁག་ཅིག་བྱུང་འདུག་པས་གཏམ་གྱི་ལན་པོ་ཞིག་བྱ་དགོས་བྱུང་།ཁོ་བོ་མི་ཆུང་མི་ཚེ་བོད་ཀྱི་ཆོས་དང་རིག་གནས་སློབ་གཉེར་བ་ཞིག་དང་།མི་རིགས་དང་རིག་གནས་ཀྱི་དོན་དུ་ལས་དོན་བགྲང་བར་ཆོག་པ་ལོ་ངོ་བཅུ་ལྷག་ལ་མི་ངོ་རྒྱུ་ངོ་མ་བསམ་པར་ལྷག་བསམ་སེམས་བསྐྱེད་མ་ཉམས་པ་ཞིག་གིས་སྒྲུབ་པ་དང་།དེའི་རང་བཞིན་ལྟར་ཁོ་བོའི་ལུས་སེམས་རང་དབང་ལ་ཡང་འཇིགས་ཉེན་མི་ཉུང་བ་ཞིག་བྱུང་མྱོང་ཡང་ད་དུང་ཁོག་པའི་སྙིང་འདི་མ་འཁྱག་པའི་བར་ལྷོད་པོར་འདུག་འདོད་ཞིག་མེད་ཅེས་སྔོན་དུ་གླེང་ནས་འདིར་གླེང་བར་བྱ་བ་ལ།
   དྲི་བ་བྱུང་མཁན་གྱི་མ་ཡིག་སོར་བཞག་ཏུ་བཀོད་ན༼ཧུ་ཧུ །  ས་ཆའི་ཚོད་ཀྱི་རི་དྭགས་ཤིག་ཉན་ཡོད་ནི་མིན་དུས་འདི་ན་ཅི་ཡང་མེད་ཀི   ངས་ཁྱེད་ལ་དྲི་བ་ཞིག་འདྲི།  ཆོ་ག་སོགས་སུ།  མདུན་བསྐྱེད་ཟེར་བ་ཞིག་དང་།  བདག་བསྐྱེད་ཟེར་བའི་རིགས་མི་འདྲ་བ་གཉིས་ཡོད་པའི་གནད་ཀ་གང་ལ་ཐུག་པ་རེད།  འདི་སྔགས་ཕྱོགས་སུ་གཏོགས་པའི་དྲི་བ་ཞིག་ཡིན།  དེ་ལས་གཞན་དབུ་མ་འཇུག་པ་ལས།  རྡུལ་རགས་མི་འགྱུར་འཇིག་རྟེན་ཕྲ་མི་འགྱུར་ཟེར་བའི་དོན་ཅི་ལྟར་འགྲེལ།  འདི་མདོ་ལུགས་ཀྱི་དྲི་བ་ཞིག་ཡིན།  བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་ཡིན་ན་ཁྱེད་བསམ་གཏན་གྱི་དངོས་གཞི་ལ་བརྟེན་སྐྱེ་དགོས་སམ་མི་དགོས། འདི་ཡང་མདོ་ལུགས་སུ་གཏོགས་པའི་དྲི་བ་ཞིག་ཡིན། ལན་གསལ་བོར་ཐོབས།༽ཅེས་པ་འདི་རེད།
   ལགས་སོ་ལགས་སོ།།དེས་ན་བདག་གིས་ཀྱང་མ་མཐོང་མིང་མེད་ཀྱི་བགྲོ་གླེང་བ་ཁྱེད་ལ་ལེགས་བཤད་ཀྱི་སྐྱེས་འདི་ཕངས་པ་མེད་པར་སྩོལ་བར་བྱ།ཚིག་གི་བདུད་རྩིས་ཚིམས་པར་གྱིས་ཤིག
    ༼ཆོ་ག་སོགས་སུ།  མདུན་བསྐྱེད་ཟེར་བ་ཞིག་དང་།  བདག་བསྐྱེད་ཟེར་བའི་རིགས་མི་འདྲ་བ་གཉིས་ཡོད་པའི་གནད་ཀ་གང་ལ་ཐུག་པ་རེད།  འདི་སྔགས་ཕྱོགས་སུ་གཏོགས་པའི་དྲི་བ་ཞིག་ཡིན།  ༽དྲི་བ་འདིའི་བྱུང་ལུགས་ལ་སྔགས་ལ་མཁས་མདོག་གི་བཟོ་ཞིག་འདུག་ཀྱང་ཆོ་ག་སོགས་སུ་ཞེས་བཤད་པ་ལ་བརྟགས་ན་སྔགས་དོན་ཕར་ཞོག་ཐ་སྙད་ཙམ་ལ་ཡང་འཁྲུལ་འདུག་གོ
    དེས་ན་འདི་ནས་ཁོ་བོས་མདོ་དང་རྒྱུད་སྡེ་སྤྱིའི་དགོངས་པ་བླངས་ནས་མདོར་བསྡུས་ཙམ་ཞིག་ཁྱོད་སྣོད་ལྡན་དུ་ཤེས་ཀྱང་མ་ཤེས་ཀྱང་རུང་ཁོ་བོས་བསྟན་པ་ལ་ཕན་པའི་ཁུར་དུ་བཞེས་ནས་བཤད་པར་བྱ།
   ༡ སྤྱིར་སྤྱོད་རྒྱུད་ཡན་ཆད་ལ་བདག་བསྐྱེད་ལེན་པའི་ཆོ་ག་ཡོད་ལ་བྱ་རྒྱུད་ལ་ཡོད་མེད་གཉིས་ཀ་བཤད་ཀྱང་རྗེ་ཡབ་སྲས་ཀྱི་དགོངས་པ་ལ་བྱ་རྒྱུད་ལ་ཡང་བདག་བསྐྱེད་ཡོད་པར་གསུངས།དེས་ན་བདག་བསྐྱེད་ལེན་པའི་གནད་ནི་བདག་ཉིད་ལྷར་བསྒོམ་པས་ཐ་མལ་གྱི་ང་རྒྱལ་ལྡོག་པ་དང་།ཆོས་ཐམས་ཅད་ཀྱི་གནས་ལུགས་སུ་གྱུར་བའི་སྟོང་ཉིད་སྒོམ་པ་གཉིསམེད་ན་ཞི་སོགས་ཀྱི་དངོས་གྲུབ་གང་ཡང་མི་འགྲུབ་པས་བདག་བསྐྱེད་ལེན་པ་ཡིན་ཞིང་།མཁས་གྲུབ་ཐམས་ཅད་མཁྱེན་པས།དེ་ཡང་བདག་ཉིད་ལྷར་སྒོམ་པ་མེད་ན་ལམ་གྱི་ལུས་མ་ཚང་བར་འགྱུར་བས་བདག་བསྐྱེད་མེད་མི་རུང་ཞིང་།ཞེས་གསུངས་སོ།།གཞན་ཡང་རྒྱས་པར་རྗེའི་རིམ་ལྔ་གསལ་སྒྲོན་ལ་གཟིགས་རོགས་ཞུ།
   མདུན་བསྐྱེད་ལེན་པ་ནི་རང་ལྷར་གསལ་བར་བསྒོམས་ནས་ལྷའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དབྱེར་མེད་དུ་ལྟ་བའི་སྒོ་ནས་དབང་བླངས་ཅིང་འཇུག་པའི་དོན་དུ་ཡིན་ཞིང་།དེ་མདུན་བསྐྱེད་བསྒྲུབས་པ་ལ་རྟེན་བསྐྱེད་པ་དང་།བརྟེན་པ་ལྷ་སྤྱན་དྲངས་ཏེ་བཞུགས་སུ་གསོལ་བ་དང་།ཕྱག་རྒྱ་བསྟན་པ།མཆོད་བསྟོད་བྱ་བ།རྒྱུད་དང་འབྲེལ་བའི་བཤགས་བསྡམ་དང་།གཞན་ཡང་སྐྱབས་འགྲོ་དང་སྡོམ་བཟུང་།ཚད་མེད་བཞི་བསྒོམ་པ་བཅས་ཡིན་ལ་དེ་དག་གི་དངོས་ཤུགས་དོན་རྣམས་ཡིག་ཚོགས་ལ་འཇིགས་ནས་མ་སྤྲོས་སོ།།
     ༢ རྡུལ་རགས་མི་འགྱུར་འཇིག་རྟེན་ཕྲ་མི་འགྱུར།།ཞེས་པ་ནི་དབུ་མ་འཇུག་པ་ལས་བྱང་ཆུབ་ཀྱི་ངོ་བོའི་སྐུ་དང་ཡོན་ཏན་གྱི་ཁྱད་པར་བཤད་པའི་སྐབས་ཏེ།རང་དོན་ཆོས་སྐུ་དང་གཞན་དོན་གཟུགས་སྐུ་བཤད་པ་ལས་གཞན་དོན་གཟུགས་སྐུ་ལ་གསུམ་བཤད་པ་ལས་དེའི་གཉིས་པ་རྒྱུ་མཐུན་པའི་སྐུ་བཤད་པའི་སྐབས་སུ་གསུམ་ཡོད་པ་ལས་གཉིས་པ་བཞེད་པ་ལ་མངའ་བསྒྱུར་བ་ཕུན་སུམ་ཚོགས་པ་སྟོན་པའི་སྐབས་སྟེ།ལུང་ཆ་ཚང་ནི།
དབུ་མ་འཇུག་པ་ལས།
དག་པ་འདི་ནི་བཞེད་པར་འཇུག་པ་ཡིས།།
རྡུལ་གཅིག་ཡུལ་ལ་མཐས་གཏུགས་འཇིག་རྟེན་དང་།།
འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་སྟོན་མོད།།
རྡུལ་རགས་མི་འགྱུར་འཇིག་རྟེན་ཕྲ་མི་འགྱུར།།ཞེས་པའི་སྐབས་དང་འབྲེལ་ནས་སྨྲ་དགོས་སྟེ།
དོན་ནི་མཁྱེན་པ་ལ་སོགས་པ་ཡོངས་སུ་དག་པའི་དེ་བཞིན་གཤེགས་པ་འདི་ནི་བཞེད་པ་ཙམ་གྱིས་རྡུལ་ཕྲ་རབ་གཅིག་གི་ཡུལ་ལ་ནམ་མཁའི་མཐའ་ལ་གཏུགས་པའམ་མཐས་ཁྱབ་པའི་འཇིག་རྟེན་མ་ལུས་པའི་རང་གི་ངོ་བོ་ཇི་ལྟར་གནས་པ་ལྟར་སྟོན་ཅིང་།འཇིག་རྟེན་མཐའ་ཡས་པའམ་མཐའ་མེད་པའི་ཞིང་རྡུལ་ཕྲ་རབ་གཅིག་གིས་ཁྱབ་པར་སྟོན་མོད།རྡུལ་གཅིག་པོ་དེ་རགས་པའམ་ཆེ་བར་མི་འགྱུར་ལ་འཇིག་རྟེན་ཕྲ་བ་སྟེ་ཆུང་བར་ཡང་མི་འགྱུར་ཞེས་པ་ཡིན་ཞིང་།ད་དུང་དེ་ལས་གསལ་ཙམ་འདོད་ན་ནི་རྗེ་བླ་མའི་དབུ་མ་དགོངས་པ་རབ་གསལ་དང་མཁས་གྲུབ་རྗེའི་དབུ་མའི་སྟོང་ཐུན་སོགས་ཚད་ལྡན་གྱི་བསྟན་བཅོས་ལ་འཇལ་ན་དགོས་པ་ཆེ་བར་མཐོང་ཞིང་།གཞན་དགེ་ཆོས་དང་རྗེ་ཤེས་རབ་རྒྱ་མཚོའི་བར་གྱི་གསུང་གླེང་གི་གཏམ་དག་ཡོད་ཀྱང་རེ་ཞིག་དེ་ཙམ་གྱིས།
    ༣ བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་ཡིན་ན་ཁྱེད་བསམ་གཏན་གྱི་དངོས་གཞི་ལ་བརྟེན་སྐྱེ་དགོས་སམ་མི་དགོས།
དེ་ནི་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་སྐྱེ་དགོས་པར་འདོད་པ་དང་མི་འདོད་པ་གཉིས་ཡོད་དོ།།
   ༼ཧུ་ཧུ །  ས་ཆའི་ཚོད་ཀྱི་རི་དྭགས་ཤིག་ཉན་ཡོད་ནི་མིན་དུས་འདི་ན་ཅི་ཡང་མེད་ཀི ་ཞེས་པས་ཁྱེད་ཀྱི་དེ་ཉིད་དམ་གཤིས་ལུགས་ཁ་རུ་ཁ་ཐུག་ཅན་ཞིག་དང་།སྣང་བ་མཐོ་མདོག་དང་མཁས་མདོག་ཅིག་དང་།ཡང་མདོ་ཡི་སྐབས་ཀྱི་ཞེས་སམ་སྔགས་ཀྱི་སྐོར་སོགས་བཤད་ཡོང་ལས་མཁས་མདོག་སྟོན་མཁན་ཞིག་གམ་ཐོས་བསམ་སྒོམ་པ་རྒྱ་ཆེན་ཞིག་གི་ཚུལ་བསྟན་འདུག་སྙམ།༽
    སྤྱིར་དྲི་བ་འདི་འདྲ་གཞུང་གི་དོན་ལ་ཞུགས་མྱོང་བ་ཞིག་ཡིན་ན་ནི་བློ་ལ་གསལ་ལམ་མེ་ཞིག་ཡོད་པས་ཚིག་ཚོགས་ཀྱི་སྤྲོས་པས་ངལ་བ་བསྟེན་མ་དགོས་པ་ཡིན་ཀྱང་།དྲི་བ་འདྲི་མཁན་ཁྱེད་ང་ལ་ཉམས་སད་བྱེད་མཁན་ཅིག་གམ་རྒྱུད་མ་དག་པས་དཀྲུགས་པ།བཤད་འཁྱེར་གུང་བསྒྲིགས་ནས་དྲི་བ་བྱས་པ་གང་ཡིན་ཡང་བདག་གིས་ངང་རྒྱུད་རིང་པོས་ཁྱེད་ཀྱི་དྲི་བ་ལ་ལན་རེ་རེ་ཕུལ་བ་ཡིན།ཆོས་བཟང་རིགས་པས་རྣམ་དཔྱད་བསམ་པ་ཅན།།དེ་ལ་བདུད་ཀྱིད་བར་ཆད་བྱེད་པ་མེད།།གསུང་པ་ལྟར་རང་ཅག་ནི་ཐ་མལ་སོ་སྐྱེ་ཀྱི་བློ་ལ་ཅི་ཡང་འཆར་ཞིང་སྣང་ན་རྒྱུ་དུས་ཀྱི་ཀུན་སློང་ཡག་པོ་ཞིག་ཡོད་མེད་འདི་རང་རེ་ལ་གལ་ཆེན་པོ་རེད།གཞན་མདོ་དང་བསྟན་བཅོས་དང་འགལ་ན་དེ་བཞིན་དགག་སྒྲུབ་བྱེད་པ་ནི་གནད་དུ་ཆེ།ཁོ་བོ་ཡང་ཐོས་པ་ཆུང་བར་སོང་གཤིས་མ་དག་པ་ཡོད་ནི་ཇི་སྐད་དུ།བཞི་བརྒྱ་བ་ལས།བདག་ནི་སངས་རྒྱས་ཕྱོགས་མི་འཛིན།།སེར་སྐྱ་ལ་སོགས་མི་སྡང་ཡང་།།གང་ཞིག་རིགས་པར་ལྡན་པའི་ཚིག།
    དེ་ཉིད་སྟོན་པར་ཡོངས་སུ་འཛིན།།ཞེས་པ་གསུང་པ་ལྟར་ཁོ་བོས་གུས་པས་ལུང་རིགས་ནོད་པར་འདོད་དོ།།ཆོས་དང་མཐུན་པའི་རྩོད་པ་ལ།།ལོག་རྟོག་ཟློག་ཕྱིར་བརྩད་བྱ་ཡི།།ཆགས་སྡང་དབང་གིས་རྒྱལ་འདོད་དང་།།རྩོད་སྨྲ་དམ་པ་མ་ཡིན་གྱི།།ཞེས་གསུང་པ་རང་གཞན་གཉིས་ཀས་ལེགས་པར་བསམ་ལ་སླར་ཡང་བདག་ཅག་གཉིས་བརྒལ་བརྟག་གི་དཀྱིལ་འཁོར་ཅི་དགར་མངོན་པར་བྱའོ།།
ཅེས་པ་འདི་ནི་རང་ཅག་གི་ཡབ་གཅིག་པཎ་ཆེན་སྣང་བ་མཐའ་ཡས་དེ་ཉིད་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་བརྩིས་པའི་བགྲང་བྱ་ཉེར་གཅིག་པ་སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་སྤྱི་་ཟླ་བཞི་པའི་ཚེས་ལྔ་ཉིན་ཡུལ་མདོ་སྨད་ཀྱི་མང་དུ་ཐོས་པའི་ཐ་སྙད་པ་རོང་སྲས་སམ་ཨ་འབུམ་བློ་བཟང་དམ་ཆོས་ཀྱིས་རྒྱ་བོད་ཀྱི་ཚོང་འདུས་ཆེན་མོ་དར་རྩེ་མདོར་འཕྲལ་མར་སྤེལ་བ་དགེ་གྱུར་ཅིག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲིས་ལན་ལྷག་བསམ་རབ་དཀར།

2011-05-02 ཨ་འབུམ་བློ་བཟང་དམ་ཆོས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།