མི་ཚེ།

སྟག་རིག་འབྲུག་ཐར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-04-21


   བྱིས་དུས་ཀྱི་ང་།  སྟོང་སེམས་དང་རྩེད་དགོད་ཀྱི་ཡོ་ལང་ཁྲོད་དུ།  ན་རྐོང་ན་འཚོ་བའི་སྦལ་བ་དང་ལྷན་དུ་འདམ་བག་ལ་རྫི་བཞིན་ཅི་ཡང་སློབ་འདོད་ཀྱི་འདུན་པ་དྲག་པོ་མེ་ལྕེ་བཞིན་མཆེད།
   གཞོན་དུས་ཀྱི་ང་།  ལང་ཤོར་དང་པྲ་ཆལ་གྱི་ཁྲོ་འཛིང་ཁྲོད་དུ། གྱང་ཁ་ན་འཕུར་བའི་བྱིའུ་ཆུང་དང་མཉམ་དུ་ང་རྒྱལ་ལ་སྡེབ་ནས་དུས་ཀྱི་འཇའ་ཚོན་ཨ་གསར་ཚ་བའི་ཁུགས་སྣེ་རུ་སྤྲོ་བག་གིས་བརྟས།
   དར་མའི་དུས་ཀྱི་ང་། སེམས་ཁྲལ་དང་བྱ་གཞག་གི་དྲ་བའི་ཀློང་དུ། བར་སྣང་ན་རྒྱུ་བའི་གླག་རྒོད་དང་ཆབས་ཅིག་ཁ་ཆར་བུ་ཡུག་གི་ནམ་ཟླ་ལ་འཐབ་བཞིན་བདེ་དྲོད་སྐྱིད་སྣང་གི་བསྟི་གནས་ཤིག་ལ་བརྩོན་ཞིང་རེ།
   རྒས་དུས་ཀྱི་ང་། འགྱོད་གདུང་དང་ཞེན་ཆགས་ཀྱི་ཤུགས་རིང་ཁྲོད་ན། ན་རྒས་ཁུར་བའི་སྒོ་ཁྱི་བཞིན་བསྐྱར་ཟློས་ཀྱི་འོ་དོད་དང་ལྷན་དུ་སྐྱ་ཟད་སྔོ་རྡིབ་ཀྱི་འཚོ་བར་རྫོགས་ཚིག་ཅིག་བྲི་བར་སྨོན་པའི་ཁེངས་ཡོད་ཨང་།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ཚེ།

2011-04-21 སྟག་རིག་འབྲུག་ཐར། ཀློག་གྲངས། མཆན ཡོད།


   བྱིས་དུས་ཀྱི་ང་།  སྟོང་སེམས་དང་རྩེད་དགོད་ཀྱི་ཡོ་ལང་ཁྲོད་དུ།  ན་རྐོང་ན་འཚོ་བའི་སྦལ་བ་དང་ལྷན་དུ་འདམ་བག་ལ་རྫི་བཞིན་ཅི་ཡང་སློབ་འདོད་ཀྱི་འདུན་པ་དྲག་པོ་མེ་ལྕེ་བཞིན་མཆེད།
   གཞོན་དུས་ཀྱི་ང་།  ལང་ཤོར་དང་པྲ་ཆལ་གྱི་ཁྲོ་འཛིང་ཁྲོད་དུ། གྱང་ཁ་ན་འཕུར་བའི་བྱིའུ་ཆུང་དང་མཉམ་དུ་ང་རྒྱལ་ལ་སྡེབ་ནས་དུས་ཀྱི་འཇའ་ཚོན་ཨ་གསར་ཚ་བའི་ཁུགས་སྣེ་རུ་སྤྲོ་བག་གིས་བརྟས།
   དར་མའི་དུས་ཀྱི་ང་། སེམས་ཁྲལ་དང་བྱ་གཞག་གི་དྲ་བའི་ཀློང་དུ། བར་སྣང་ན་རྒྱུ་བའི་གླག་རྒོད་དང་ཆབས་ཅིག་ཁ་ཆར་བུ་ཡུག་གི་ནམ་ཟླ་ལ་འཐབ་བཞིན་བདེ་དྲོད་སྐྱིད་སྣང་གི་བསྟི་གནས་ཤིག་ལ་བརྩོན་ཞིང་རེ།
   རྒས་དུས་ཀྱི་ང་། འགྱོད་གདུང་དང་ཞེན་ཆགས་ཀྱི་ཤུགས་རིང་ཁྲོད་ན། ན་རྒས་ཁུར་བའི་སྒོ་ཁྱི་བཞིན་བསྐྱར་ཟློས་ཀྱི་འོ་དོད་དང་ལྷན་དུ་སྐྱ་ཟད་སྔོ་རྡིབ་ཀྱི་འཚོ་བར་རྫོགས་ཚིག་ཅིག་བྲི་བར་སྨོན་པའི་ཁེངས་ཡོད་ཨང་།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།