སྙིང་གཏམ་དུས་ཀྱི་འབོད་སྒྲ་ཞེས་བྱ་བ།

ཨ་འབུམ་བློ་བཟང་དམ་ཆོས།༼རེབ་གོང མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-04-02

  ༧ བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།།
   འདིར་བླ་མ་དགེ་འདུན་པའི་སྡེ་ལ་སྙིང་གི་གཏམ་འདི་སྨྲ་བ་བསླུ་མེད་མཆོག་གསུམ་དང་ལས་འབྲས་བསླུ་མེད་བདེན་པའི་སྟོབས་ཀྱིས་རང་གཞན་སེམས་ཅན་གྱི་དགེ་བའི་གྲོགས་སུ་འགྱུར་བའི་དགེ་ལེགས་སྣང་བ་སྩོལ།
དེང་སྐབས་སྤྱི་ཚོགས་སྣ་སྒོ་མོ་ནས་རྙོག་འཛིང་དང་འཁྲུག་ཆ་དོད་དུ་ཕྱིན་པའི་སྐབས་འདིར་རང་ཅག་གི་ནང་པའི་བསྟན་པ་འཛིན་པའི་གང་ཟག་གི་སྡེ་ལའང་ཤུགས་རྐྱེན་ངེས་ཅན་རེ་ཐེབས་བཞིན་ཡོད། དེ་ཡང་ཕྱི་རྐྱེན་དང་ནང་རྐྱེན་གཉིས་ཚོགས་ཀྱི་སྒོ་ནས་རྣར་ཉན་མི་བཟོད་པའི་སྐད་ཆ་འགའ་ཡང་མི་འདོད་བཞིན་འཁུར་དགོས་པ་མང་པོ་བྱུང་བ་འདིར་རྒྱས་གླེང་མི་བྱ། སྤྱིར་བཏང་བྱས་ན་རབ་བྱུང་གི་སྡེ་ལ་ཁྱིམ་པས་ཁ་འཇུག་པ་དང༌། ཁྱིམ་པའི་བྱ་བར་གྲྭ་བས་གྲོས་འཇུག་པ་བསྟན་པ་འཇིག་པའི་རྐྱེན་དང༌། ཆོས་འཛིན་མཁན་པོས་སྲིད་ལ་ཁ་འཇུག་པ་དང༌། སྲིད་སྐྱོང་དཔོན་པོས་ཆོས་ལ་ཁ་འཇུག་པ་གཉིས་མི་ཤེས་པའི་རྟགས་ཆེན་པོ་ཡིན་ཡང༌། རང་རེའི་སྤྱི་ཚོགས་འདི་གཅིག་གྱུར་གྱི་སྒྲིག་གཞི་མེད་པའི་དུས་སྐབས་འདི་འདྲའི་ནང་བསྟན་དགྲ་དང་ལྟ་ལོག་ཞེས་ཟེར་ཞོར་ཨུ་ཚུགས་ཀྱི་ཕྲེང་གོག་བགྲངས་པ་དེ་ཡང ་གནད་ཀྱི་དོན་པོར་མ་མཐོང་བས་ངེས་པར་དུ་རང་ངོས་ནས་ལེགས་བཅོས་ཡོ་བསྲང་དང་འཐུས་སྒོ་ཚང་བ་ཞིག་ཡོང་བའི་ཐབས་ལམ་ལ་འབད་པ་བྱ་རྒྱུ་གལ་ཆེ་སར་སླེབས་འདུག དེང་སྐབས་གང་སར་མཐོང་རྒྱུ་ཡོད་པའི་རྩོམ་འཆལ་རིགས་སྣ་ཚོགས་སུ་གྲྭ་བར་མཐོང་ཆུང་དང་འཕྱ་སྨོད་བྱེད་པའི་གནས་འདི་ཡང་རྒྱུ་རྐྱེན་མེད་པ་ཞིག་མ་རེད། སྔོན་དང་བསྡུར་ན་དུས་སྐབས་འདིའི་ནང་གི་མི་རྣམས་ནི་ཤེས་རིག་སྣ་ཚོགས་ལ་མཐོང་ཐོས་དང༌། མིག་རྒྱ་ཅུང་ཆེ་བ་རང་འདུག་པ་འདི་ནི་ལོ་རྒྱུས་ལས་བསླབ་བྱ་བླངས་པ་ཞིག་རེད་ལ། གཞན་དབང་གི་འཚོ་སྟངས་གཅིག་གི་འོག་ནས་སྣ་གཅིག་ཁོ་ནར་སྤར་འཐམ་རྒྱག་པ་དེས་ཀྱང་ས་ཆོད་མི་ཕྱིན་པས་དུས་བབ་དང་བསྟུན་ནས་བསྟན་པ་འཛིན་རྒྱུ་དེ་ཡང་དགོས་ངེས་ཀྱི་བྱ་བ་ཞིག་རེད་འདོད། ཇི་སྐད་བཤད་པའི་རྒྱལ་བའི་བསྟན་བཅོས་དག་གི་དགོངས་པ་ཇི་ལྟ་བ་བཞིན་བླངས་པ་ཡིན་ན་རང་ཅག་ལ་ངེས་འབྱུང་རྣམ་དག་དེ་ཡང་བརྒྱད་ཅུ་རྒན་པོའི་དུས་སུ་ཡང་འབྱུང་ཁག་ཚོད་རེད། དེས་ན་དཔེར་མཚོན་ཙམ་དྲངས་ན། འཇམ་མགོན་བླ་མའི་ནང་ཐུགས་ཀྱི་སྲས་གཅིག་པུ་མཁས་གྲུབ་་སྨྲ་བའི་ཉི་མས་ཐུབ་བསྟན་བྱི་དོར་དུ། སྤྱིར་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བ་ཞིག་གི་མཚན་ཉིད་ནི་འཁོར་བ་ལ་ངེས་པར་འབྱུང་བའི་བློ་བཅོས་མ་མ་ཡིན་པ་དེ་ཡིན་པར་གསུངས་མོད། རང་རེ་སོ་སྐྱེའི་བྱིས་པ་ལོ་བཅུ་ཁ་ལོན་ཙམ་པ་ཐམས་ཅད་ལ་དེ་འདྲའི་བློ་མཚན་ཉིད་པ་ཞིག་སྐྱེ་བའི་ཐབས་མེད་པས། དང་པོར་སྡོམ་པ་འབོག་ཆོག་གིསྐབས་སུ་སློབ་དཔོན་གྱི་བརྡ་སྤྲད་པ་ལ་བརྟེན་ནས་ཚིག་ཙམ་གྱིས་གོ་བ་ཆགས། ཕྱིས་རྒྱལ་བའི་གསུང་རབས་སྡེ་སྣོད་དང་བཅས་པ་ལཐོས་བསམ་སྒོམ་པས་ཞུགས་ཏེ་རང་རྒྱུད་ལ་ངེས་འབྱུང་བཅོས་མ་མ་ཡིན་པ་སྐྱེས་པ་དེས་གོ་ཆོད་པ་བསྟན་བཅོས་ཀྱི་གསུང་ཟུར་དག་ལས་རྟོགས་ནུས། རང་ཅག་ཀུན་ལ་རྒྱུས་མངའ་ཆེ་བ་ནང་བཞིན། དམར་དམར་གྱོན་མཁན་ཞིག་དང་དགོན་ནང་གི་གྲྭ་བ་ཡིན་ཚད་ལ་ནང་ཆོས་ཀྱི་རྒྱུན་ཤེས་དག་ཀྱང་ལབ་བརྡོལ་བྲལ་བ་ཡིན་པ་འདིས་ང་ཚོ་ལ་ཐད་ཀར་དྲི་རྟགས་ཤིག་འགོད་བཞིན་པ་དང༌། རྒྱ་ཡིག་དང་དབྱིན་ཡིག་སོགས་ཤེས་པའི་དགེ་མཚན་དང་མི་ཤེས་པའི་ཞན་ཆ་རེ་ཞིག་གླེང་བར་བྱར་མེད་ཀྱང༌། དེང་སྐབས་རྒྱལ་ཕྱི་ནང་གི་རིག་གནས་ཞིབ་འཇུག་པ་མང་པོ་བོད་ཀྱི་དགོན་སྡེ་དག་ལ་གནས་མཇལ་རྒྱང་གཟིགས་བྱེད་དུས་ཕལ་ཆེ་བར་ཐུན་མོང་དུ་དོགས་གནད་ཅིག་བྱུང་བ་ནི་དགོན་པ་གང་དང༌། ལྷ་ཁང་ཞིག་གི་དཀོར་གཉེར་མང་ཆེ་བས་ལྷའི་ཞལ་མི་ཤེས་པ་དང༌། རྒྱུད་སྡེ་སོ་སོའི་ལྷ་ཚོགས། དད་པ་བྱེད་དགོས་དོན་སོགས་བཤད་རྒྱུ་མེད་པར་གྱུར་བ་འདིས་ཕྱི་མི་དེ་དག་གིས། འདི་ཚོས་དོན་དངོས་སུ་ཁོ་ཚོས་ཀྱང་མི་ཤེས་པའི་ལྐོག་གྱུར་ཤིག་སྒོམ་གྱིན་འདུག་སྙམ་པའི་བློ་བསྐྱེད་བཞིན་ཡོད་པར། རང་རེ་ཁ་ཕྱིར་བསྐོར་གྱིས་ནང་ནས་དགར་བསྡུ་ཞིག་བྱས་ཚེ་བཤད་མི་དགོས་གསལ་གྱི་ལེར་འོང་བ་དེ་རང་རེད། ལྷག་པར་དེང་སྐབས་ཀྱི་རྒྱ་བླ་རྒྱ་ནང་དུ་ཆོས་སྤེལ་བ་དང་སྒོར་མོ་འཚོར་འགྲོ་མཁན་གྱི་གྲྭ་བ་ཚོར་ཁམས་ཕྱོགས་དང་རྔ་བ་ཕྱོགས་སུ་རྒྱ་བླ་ཞེས་འབོད་པ་དང༌། གྲྭ་བ་དེ་ཚོས་ཀྱང་བླ་མ་ག་གེ་མོའི་མིང་ཐོབ་བཏགས་ནས་རྒྱུན་དུ་ཆོས་ཚོང་བྱེད་བཞིན་ཡོད། དེ་ལྟར་འབོད་དོན་བོད་ཀྱི་བླ་མ་མ་ཡིན་པར་རྒྱ་ཡི་བླ་མ་རེད་ཅེས་པ་ཡིན། སྣང་ཚུལ་འདི་རིགས་ཁམས་ཕྱོགས་ལ་མཚོན་ན་རྒྱུན་ལྡན་དུ་གྱུར་ཡོད་ལ། ད་དུང་ཡིད་མོས་བྱེད་སར་གྱུར་ཏེ་རྒྱ་བླ་ཆེན་པོ་ཞིག་རེད་སོགས་རྒྱུ་གོམས་སུ་གྱུར་འདུག རྒྱ་བླ་དེཚོས་བཤད་བཞིན་པའི་ཆོས་དང༌། རང་རེ་དགེ་བའི་བཤེས་གཉེན་ཚོས་བཤད་བཞིན་པའི་ཆོས་ནི་འགལ་བ་ལྟག་སྤྲོད་ལྟ་བུར་གྱུར་ཡོད ། རྒྱུ་མཚན་ནི་ཆོས་ཟབ་མོ་མི་བྲིན་ཟང་ཟིང་བྲིན་པའི་དཔེ་ལྟར་རྫུན་འཆལ་གྱི་གུང་བསྒྲིགས། སྔར་མ་རྟོགས་པ་ཞིག་ཁོས་རྟོགས་སོང་ཚུལ། ཁོས་གཞན་དོན་བླ་མེད་བྱས་ཚུལ། ཁོས་བཤད་པ་སངས་རྒྱས་ཀྱི་དགོངས་པ་ཡིན་ཚུལ་སོགས་མདོར་ན་དམིགས་ཡུལ་གཅིག་སྟེ། ཆོས་ཀྱི་དོན་དག་མ་ངེས་པར་ཆོས་ཚོང་བླ་མ་ཁོ་ལ་སངས་རྒྱས་ཡང་མ་དད་པའི་དད་པ་ཞིག་སྐྱེས་སུ་བཅུག་ནས་བརྒྱ་ལོར་བརྩེགས་མ་ཐོབ་རྒྱུ་དེ་ཁོ་ན་བསམ་བྱར་བཟུང་བའི་མཇུག་འབྲས། ནང་ལོག་ནས་བོད་དུ་ཕེབས་ནས་ཆོས་ཞུས་རྗེས་མི་མང་པོས་ད་གཟོད་ཆོས་པ་ཞེས་པའི་ཚད་གསལ་བོར་རྟོགས་ནས་རྒྱ་བླ་དག་གི་དགོད་བྲོའི་གཏམ་རྒྱུད་མང་པོ་དེང་སང་གི་མཉམ་འབྲེལ་དྲ་བར་རྒྱ་ཁྱབ་ཏུ་སྤེལ་བ་ལ་གཟིགས་དང༌། གཅིག་བྱས་ན་རྒྱ་བླ་ཞིག་གིས་སྦྱིན་བདག་དེ་ཚོ་ངེས་པ་དོན་གྱི་བཤེས་གཉེན་ཚོར་ཐུག་འཕྲད་བྱེད་དུ་མི་འཇུག དེ་ལྟར་བྱས་ཚེ་ཁོའི་ཚོང་ལམ་ཆད་འགྲོ་བ་སྟེ། སྦྱིན་བདག་དེའི་བློ་ཁ་བསྒྱུར་འགྲོ་བར་དོགས་པ་སོགས། ཁྱེད་རྒྱ་བླ་ཚོར་མི་གསལ་རྒྱུ་ཅི་ལ་ཡོད། དེས་ན་ང་ རང་ཐེ་བའི་སྤྱི་ཚོགས་ཡོངས་ཀྱི་ཤེས་ཡོན་པ་དང་ཤེས་ལྡན་རབ་བྱུང་དག་ལ་ཐུང་མོང་དུ་ཚོར་འདུ་ཤུགས་དྲག་པ་ཞིག་སྐྱེ་འོང་པ་ནི། རང་རེ་རབ་བྱུང་བ་རྣམས་ཀྱིས་ནང་ཆོས་སྤྱིའི་ཤེས་བྱ་ལ་སྡུག་རུས་ཧུར་ཐག་གནང་རྒྱུ་དང་ཆོས་ཀྱི་བསླབ་བྱ་དེ་སྤྱི་ཚོགས་འདིའི་མི་རྣམས་ཀྱི་བློ་ངོས་མཐུན་སྦྱོར་བདེ་བ་ཞིག་སྤེལ་རྒྱུ་དེ་བསྟན་པ་ལ་རྨ་འབྱིན་བྱས་པ་མ་རེད་བསམ། ཆོས་འབྱུང་ཁག་ལས་ཉམས་མྱོང་བླང་བ་ཡིན་ན། སངས་རྒྱས་ཞལ་བཞུགས་པའི་པའི་དུས་སུ་ཡང་ཐེག་པ་ཆེན་པོའི་ཆོས་སྐོར་དང་སྔགས་ཀྱི་སྐོར་དེ་རྒྱ་ཆེ་བར་དར་མེད་པ་དང༌། ལྷག་པར་དུ་གསང་སྔགས་ནི་དེ་བས་ཀྱང་སྤྱི་ཁྱབ་ཏུ་མ་དར་ཞིང༌། གསང་སྔགས་ཀྱི་རྣལ་འབྱོར་བ་ནི་སྐུ་མ་འདས་བར་དུ་མི་ཤེས་པའི་གནད་ཅན་བྱེད་པར་གྲགས། སངས་རྒྱས་མྱ་ངན་ལས་འདས་རྗེས་ཙམ་ཞིག་ནས་ས་སྟེང་དུ་ཐེག་པ་ཆུང་ངུའི་ཆོས་འབའ་ཞིག་དར་བ་གྱུར་ནས་ལོ་བཞི་བརྒྱ་ཙམ་གྱི་རྗེས་སུ་རྒྱལ་བབས་ལུང་བསྟན་དཔལ་མགོན་འཕགས་པ་ཀླུ་སྒྲུ་བྱིན་ཏེ་ཐེག་ཆེན་གྱི་བསྟན་པ་རྒྱ་ཆེར་སྤེལ་བ་དེ་རང་རེད་ལ། སྟོང་པཉིད་དང་བདག་མེད་སོགས་ཀྱི་དོན་དེ་ཤིག་སྣོད་མིན་དུ་གྱུར་བའམ། སྙིགས་མ་ལྔ་བདོའི་སེམས་ཅན་ཉོན་མོངས་ཀྱི་སྒྲིབ་པ་ཤེས་ཆེན་རྟོགས་པ་གང་བྱས་ཀྱང༌། གོ་བདེ་བཟུང་སླའི་ཆོས་ལས་འབྲས་དང་སྐྱབས་འགྲོ། མི་དགེ་བཅུ་སྤོང༌། དགེ་བསྙེན་གྱི་སྡོམ་པ། སྨྱུང་གནས་བཅས་གཙོ་བོར་བས་ཏེ་མང་ཚོགས་ལ་རྒྱ་ཁྱབ་རང་བཞིན་གྱི་ཆོས་ལུགས་སློབ་གསོ་ཐོབ་ཏུ་བཅུག་ན་ཕན་ཆེ་བ་སྙམ། ངེད་ཀྱིས་འཆད་ཁྲིད་བྱེད་སའི་སློབ་གྲྭ་ནི་བོད་ཡིག་སློབ་གྲྭ་ཆེན་མོར་གྲགས་པ་ཞིག་ཡིན་ཡང༌། མཁས་གཏམ་དང་མཁས་ཁྱད་འདོན་བསམ་པ་ཐལ་དྲགས་ན་སྐབས་ཤིག་རྒན་ཞིག་ནས་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པ་རེད། བདག་ཡོད་པ་མ་རེད་ཅེས་བཤད་པའི་རྗེས་ཙམ་ཞིག་ནས་སློབ་མ་མང་པོས་ཆོས་བཏོན་ན་ཕན་ཐོག་ཡོད་པ་མ་རེད། སྟོང་པ་ཉིད་ཡིན་པ་རེད་སོགས་ཀྱི་ལབ་བརྗོད་སྣ་ཚོགས་སྤྲོ་མཁན་བྱུང༌། འདི་ལྟ་བུའི་གནས་ཚུལ་སྤྱི་ཚོགས་སྟེང་ན་མི་མང་ན་མི་ཉུང་བསམ། སངས་རྒྱས་ཀྱིས་ཀྱང་ཐོག་མར་འཇིག་རྟེན་ན་ གང་ཡོད་པ་དེ་ཡོད་པར་སྨྲ་བ་དང༌། སྦྱར་ནས་གསུང༌། གང་མེད་པ་དེ་གང་མེད་པར་སྨྲ་བ་དང་སྦྱར་ནས་རིམ་གྱིས་གདུལ་བྱ་ཐེག་པ་ཆེན་པོའི་ལམ་ལ་བཀྲི་བ་མ་གཏོགས། དང་པོ་ནས་སྡོད་ཁ་བྱོ་བ་ལྟར་གསུངས་པ་མིན་པར་རང་ཅག་ལ་གསལ། མདོ་ལས་རྣམ་གྲངས་མང་པོར ་མི་རྟག་སོགས་ཀྱིས་རྒྱུད་མ་སྦྱངས་པའི་གང་ཟག་ལ་སྟོད་ཉིད་དང་གསང་སྔགས་བཤད་མི་རུང་བ་སོགས་གནང་བཀག་གི་ཚད་མི་འདྲ་བ་གསུངས་པ་རྣམས་དེང་སྐབས་རང་ཅག་གི་དགེ་རྒན་ཚོར་ཐུགས་སྣང་ཆེན་པོ་མེད་པའམ་བཤད་པ་སྐམ་པོར་དགྱེས་པ་གང་ཡིན་སོམས། གོང་ས་མཆོག་གིས་བསམ་པ་བཟང་པོ་དང༌། སྙིང་རྗེ་དང་ཡ་རབས། དྲང་བདེན་ཞེས་གསུངས་པ་འདིས་ཆོས་ཀྱི་དོན་གོ་མི་ཆོད་ན་ནི་དེར་ཟད། དེ་ལས་ལྷག་པའི་ཟབ་ཁྱད་འདོན་པ་ཁྱོད་འཆད་མཁན་ཡོད་ཀྱང་དེ་འདྲིའི་སྣོད་ལྡན་སློབ་མ་ཡོད་མེད་ལྐོག་ཏུ་གྱུར། མདོར་ན་རང་ཅག་གནས་བསྟན་སྙིང་རྗེ་ཅན་འདིའི་བརྟན་པ་ལ་སྙིང་རྗེའི་བསྟན་པ་ཞེས་གསུངས་པ་ལྟར་རང་ཅག་གི་ནང་ཆོས་དེ་ཡང་བཤད་གྲྭ་དང་དགོན་པའི་སྒེར་སྡིམ་རིག་གནས་ལྟ་བུར་མ་གྱུར་བར་མང་ཚོགས་ནང་བྱམས་སྙིང་རྗེའི་སློབ་གསོ་རྒྱལ་ཁྱབ་གོ་བདེར་སྤེལ་རྒྱུ་དང་རང་ཅག་གི་ཡོན་བདག་རྣམས་ཀྱང་ཁྱིམ་བརྒྱུད་མཆོད་བཀུར་མཁན་ནས་དད་བརྩོན་ཆེ་བ་བསྟན་པ་ལ་ཤེས་ནས་བསྙེན་བཀུར་བྱེད་མཁན་ཞིག་ཏུ་གྱུར་ཚེ་དགོན་པ་འགའ་རེར་ཡོན་བདག་མེད་པར་ཆོས་ཐོག་ཆད་པའི་སྣང་ཚུལ་འདི་རིགས་གཏན་ནས་འབྱུང་མི་སྲིད།
གཉིས་པ། རང་གི་མཁས་ནུས་དང་གྲགས་འདོད་ཙམ་གྱིས་མ་ཡིན་པར་སྔོན་དང་བསྡུར་ན་དགོན་པའི་ལོ་ཆུང་གྲྭ་བ་རྣམས་རིག་གནས་དོན་གཉེར་ལྡབ་འགྱུར་གྱིས་ཇེ་ཞན་དུ་སོང་བ་ནི་མངོན་སུམ་དུ་གྱུར་ཡོད་པ་དང༌། ལྷག་ཏུ་ནད་ཡམས་གསར་བ་ཞིག་ཐོན་བཞིན་པ་ནི་རེ་འགས་རིག་གནས་ཙམ་སྦྱང་ལོ་བྱས་ཀྱང་རྩོམ་ཡིག་དམ་དུམ་རེ་ནམ་ལངས་ནས་ས་རུབ་བར་སྡུག་འཁྱོངས་བྱས་ཏེ་དུས་དེབ་ག་གེ་མོར་བཀོད་ཚེ་རྩོམ་པ་པོ་དང་སྙན་ངག་པ་ཞེས་པའི་ཆོ་ལོ་ཞིག་རང་གིས་རང་ལ་རྒྱུས་མེད་ཀྱི་རྒྱུས་གཏམ་སྨྲ་བའི་ཚུལ་ཏུ་བཏགས། ཕྱི་ཡི་སྤྱོད་པ་དེ་ཡང་ཡ་མཚན་སྣ་ཚོགས་པ་དག་ཏུ་བཅོས་ནས་འདུལ་ཁྲིམས་རྒྱན་གྱིས་མཛེས་པ་དེ་ནི་ཤེས་མེད་ཚོར་མེད་དུ་བོར་ནས་མཁན་པོ་ལས་སྡེ་དག་ཀྱང་རྙིང་རུལ་དུ་ལྟ་བའི་བྱིས་པ་ལོ་ཆུང་དག་ཐོན་བཞིན་པ་དེ་རང་རེད། བློ་ཆུང་འདི་དག་གི་བསམ་ངོར་རྩོམ་པ་པོ་དང་སྙན་ངག་པ་ནི་རྒྱལ་སྲས་ལས་ཀྱང་སྙན་པ། སངས་རྒྱས་ལས་ཀྱང་གཟི་བྱིན་ཆེ་བ། གྲུབ་ཆེན་ལས་ཀྱང་ནུས་པ་ཆེ་བ་ཞིག་བསམ་གྱིན་པ་ནི་དཔྱོད་ཤེས་པ་ཞིག་གིས་བརྟགས་ན་དགོད་བྲོ་ལ། བསྟན་འཛིན་གྱི་སྐྱེས་བུ་དག་གིས་བསམ་ན་གདུང་བ་བསྐྱེད་པ་འབའ་ཞིག་ཏུ་ཟད། རྗེ་བླ་མའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས། སྙན་ཚིག་རིག་པ་དེ་ས་སྟེང་གི་རིན་པོ་ཆེ་གཅིག་ཏུ་བགྲངས་པ་ཁྱོད་ཅག་གི་རྩོམ་འཆལ་དེ་རིགས་ལ་དགོངས་ནས་གསུངས་པ་ག་ལ་ཡིན། རབ་ལ་བྱུང་ན་སངས་རྒྱས་སུ་འགྱུར་བ་བསྐལ་བཟང་སངས་རྒྱས་སྟོང་ལས་སྙན་ཚོག་གིས་བསྟོད་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། དེ་ཙམ་མ་བྱུང་ན་ཡང་འཇིག་རྟེན་གྱི་སྐྱེ་འགྲོ་རྣམས་ལ་བདེ་ལེགས་སྦྱིན་པ་དང་ཡིད་སེམས་གསོ་བའི་གསོས་སུ་འགྱུར་བ་ཞིག་དགོས། སྙན་ཚིག་མཁས་པའི་དགོས་པ་ནི་ལོས་ཡོད་དེ། སློབ་དཔོན་དཔའ་བོ་དང༌། རྒྱལ་པོ་དགེ་དབང༌། སློབ་དཔོན་ཙཎ་ཊ་གོ་མི་སོགས་ཀྱིས་སྙན་ཚིག་གི་ལམ་ནས་སངས་རྒྱས་ཀྱི་ཆེ་བ་རྨད་དུ་བྱུང་བར་བརྗོད་པ་དང༌། རྗེ་བླ་མས་སྙན་ཚིག་གི་ལམ་ནས་བྱང་ཆུབ་སེམས་དཔའ་རྟག་ངུའི་རྟོགས་པ་བརྗོད་པ་དང༌། བསྟོད་ཆེན་བཞི་སོགས་ངེས་པ་དོན་རིན་པོ་ཆེའི་སྙན་ཚིག་བསྐྲུན་པར་མཛད་པ་བགྲངས་པས་ག་ལ་ལང༌། རྩོམ་པ་བཟང་པོའི་ཡོན་ཏན་དང་སྙན་ཚིག་ལ་མཁས་པའི་ཡོན་ཏན་འདི་ཐམས་ཅད་བྱུང་ན་རང་གི་རྒྱུ་ཚོགས་བསོད་ནམས་གསོག་བྱེད་ཅིག་ལས་ངན་སོང་རྣམ་སྨིན་གྱི་རྒྱུ་བྱེད་པ་ཞིག་མ་ཡིན། མདོར་ན་འཇམ་མགོན་ས་པཎ་གྱིས།
རྟག་ཏུ་སངས་རྒྱས་སངས་རྒྱས་སྲས། །
རྣམ་པ་ཀུན་ཏུ་མཆོད་བྱེད་ཅིང༌། །
སྐྱེ་བ་ཀུན་ཏུ་སངས་རྒྱས་ཀྱི། །
སྙན་ངག་མཁན་དུ་འགྱུར་བར་ཤོག ། ཞེས་གསུངས་པ་ལྟར་རེད། ཡང་དེང་སྐབས་ཀྱི་རིག་གནས་གསར་བ་དང་བསྟུན་ནས་བཤད་ན་ཡང་སྙན་ངག་པ་དང་རྩོམ་པ་པོ་ནི་མི་རིགས་ཀྱི་བདེ་སྡུག་གླུ་རུ་ལེན་མཁན་དང༌། མི་རིགས་ཀྱི་བླ་སྲོག་སྒུལ་བསྐྱོད་བྱེད་མཁན་ཡིན་ཞེས་པ་ལྟར། སྤྱི་ཚོགས་ལ་གཞོག་འདེགས་བྱེད་པ་ལས་སྤྱི་ཚོགས་ཕུང་དཀྲུག་མཁན་དུ་འགྱུར་ག་ལ་རུང༌། དེང་རབས་ཀྱི་སྙན་ངག་པ་གྲགས་ཅན་ཡི་དམ་ཚེ་རིང་ལགས་ཀྱི་སྙན་ངག་གི་བླ་སྲོག་བཤད་པ་ཞེས་པར་གཟིགས་དང་དེང་རབས་སྙན་ངག་པ་དང་རྩོམ་པ་པོ་ཞིག་གི་གཟི་བརྗིད་དང་འོས་འགན་མཐོང་ཐུབ། ཡང་ན་ཕྱི་གླིང་སྙན་ངག་པའི་ལེགས་བཤད་སྙན་ངག་པས་རང་གི་བློ་གྲོས་དང་ཤེས་རབ་ལ་བརྟེན་ནས་འཇིག་རྟེན་གྱི་མི་རྣམས་ཀྱི་སེམས་ཁོང་གི་བྱམས་དང་སྙིང་རྗེ་སྐུལ་ཞེས་པ་རང་བྱུང་ཡང་ཕན་ཡོན་ནི་རྨད་དུ་ཆེའོ། ། དེ་དང་ཆ་མཉམ་དུ་ལ་ལ་གཞུང་ཆེན་པོར་འཇུག་ཚེ་རིག་གནས་ལ་ཐན་དུ་ལྟས། རིག་གནས་ལ་འཇུག་ཚེ་གཞུང་ཞེན་པོ་དགོས་མེད་དུ་མཐོང་བའི་ལོག་རྟོག་ཀྱང་མཐའ་མེད་དུ་འབྱུང་གིན་ཡོད་ཀྱང༌། རྒྱལ་དབང་བརྒྱད་པ་ཆེན་པོའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་ཚིག་དུམ་བུ་གང་ན་ཡི་གེ་རྣམ་པར་དག་པ་དེ་ན་སངས་རྒྱས་ཀྱི་བསྟན་པ་ཡང་རྣམ་པར་དག་ལ། གང་ན་ཡི་གེ་མ་དག་པ་དེ་ན་བསྟན་པ་ཡང་ཆལ་ཆོལ་དུ་འགྱུར་རོ། །ཞེས་པ་དྲན་པ་ལ་ཐེབས་པར་ཨེ་འདུག དོན་གནད་ཤེས་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ནི་གཅིག་གྲོགས་གཅིག་གིས་བྱེད་པ་མ་གཏོགས་འགལ་བར་གྱུར་བའི་གསུང་ཚིག་ནི་ཡོད་རེ་སྐན། ལུང་ལ་དགའ་བ་དག་གི་ངོར་ཡང༌། རྗེ་བཙུན་བྱམས་པས་མདོ་སྡེ་རྒྱན་དུ། རིག་པའི་གནས་ལྔ་དག་ལ་བསླབ་པར་མ་བྱས་ན་ཞེས་སོགས་དང༌། སངས་རྒྱས་གཉིས་པ་འཕགས་མཆོག་ཀླུ་སྒྲུབ་ཀྱིས།
རྒྱལ་བའི་སྲས་ཀྱིས་མི་བསླབ་པའི། །
དངོས་དེ་གང་ཡང་ཡོད་མ་ཡིན། ། ཞེས་དང༌།
མདོ་སྡེ་བསྐལ་བཟང་ཟླ་བ་སྙིང་བོས་ཞུས་པའི་མདོ་སོགས་ལས་གསུངས་པ་ཡིག་ཚོགས་ལ་འཇིགས་ནས་འདིར་མ་དྲངས་མོད། རིག་གནས་ཡོན་ཏན་སློབ་པ་འདི་མིའི་སྤྱི་ཚོགསདང་གཏན་ནས་ཁ་འབྲལ་ཐབས་མེད་པ་བཤད་ཅི་དགོས། ཡང་འགའ་རེས་གུང་ཐང་སློབ་གཉེར་བསླབ་བྱ་ལས།
སྒྲ་སྙན་སྨན་རྩིས་སོགས་ན་མགོ་འཁོར་ན། །
གཞུང་ལུགས་གདམ་པར་འཆར་བའི་གེགས་ཡིན། །
ཞེས་པའི་ལུང་ཚིག་འདོན་རྐྱང་བྱས་ཀྱང་དེའི་དགོངས་པ་ལོན་ཡོད་མེད་མི་ཤེས། དེས་ན་དེའི་དོན་ནི་འཇིག་རྟེན་ན་སྐྱེས་བུའི་དོན་སྒྲུབ་པ་ལ། གཞན་དོན་གཉེར་བ་དང༌། རང་དོན་གཉེར་བ་གཉིས་ཡོད་པ་ལྟར། སངས་རྒྱས་ཀྱིས་ཀྱང་རང་དོནདོན་གཉེར་གྱི་སྐྱེས་བུའི་ངོར་སྐྱེས་བུ་ཆུང་འབྲིང་གི་ལམ་གྱི་རིམ་པ་དང༌། གཞན་དོན་དོན་གཉེར་གྱི་སྐྱེས་བུའི་ངོར་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་གསུངས་པའི་གནད་འདི་སུས་མི་ཤེས། དེའི་ཕྱིར་སྐབས་འདིའི་བསྟན་བྱ་ཡང་སྐྱེས་བུ་ཆེན་པོའི་ལམ་ཉམས་སུ་ལེན་མཁན་ཞིག་གི་ངོས་ནས་སྒྲ་སྙན་སྨན་རྩིས་སོགས་ཐུན་མོང་རིག་གནས་དག་ཀྱང་རང་ཉིད་མ་འོངས་པ་ན་གང་དུ་སངས་རྒྱས་པའི་དེའི་གདུལ་བྱར་གྱུར་པའི་སེམས་ཅན་དག་ལ་ཐབས་ཀྱི་འགྲོ་དོན་དུ་གོ་ བར་བྱ་ལ། གཏན་གྱི་འདུན་མ་སངས་རྒྱས་དེ་ཐོབ་པ་ལ་ཐུན་མོང་རིག་གནས་དག་གིས་འཚང་རྒྱར་མེད་པ་དང༌། དེའི་སྟེང་དུས་ཚོད་ཐམས་ཅད་ཤོར་ན་དལ་འབྱོར་ལ་རྟེན་ལ་སྙིང་པོ་ལེན་པའི་གང་ཟག་གིས་ཆོས་སྒྲུབ་མི་བཏུབ་པ་དང༌། དེལས་སྙིང་པོ་བཙལ་དུ་མེད་པས་བཀག་པར་རིགས་སོ། དེས་ན་ཐུན་མོང་རིག་གནས་དག་ལ་གཏན་དུ་རྒྱུས་མངའ་བྲལ་བའི་ཨུ་ཚུགས་སྐམ་པོ་ཅན་དག་ལ་བཀག་པ་མ་ཡིན་པ་ཤེས་པར་བྱོས་ལ། སངས་རྒྱས་ཀྱི་བསྟན་པ་འཛིན་བྱ་བ་དེ་ཡང༌། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །
ལུང་དང་རྟོགས་པའི་བདག་ཉིད་དོ། །
དེར་འཛིན་བྱེད་པ་སྨྲ་བྱེད་པ། །
སྒྲུབ་པར་བྱེད་པ་ཁོ་ནའོ། །གསུངས་པ་ལྟར་ལུང་རྟོགས་ཀྱི་ཆོས་ལ་བཤད་སྒྲུབ་གྱི་སྒོ་ནས་འཛིན་པ་ཞིག་ལ་བྱ་ཡི། དེ་ལས་ཡན་གར་དུ་ཅི་ཡང་མེད་དོ། །ལུང་གི་བསྟན་པ་འཛིན་བྱ་བ་དེ་ཡང་སྡེ་སྣོད་གསུམ་ལ་འཆད་ཉན་ལས་ལྷག་པར་དུ་ཅི་ཡང་སྟོན་གྱིན་མེད་པ་རང་ཅག་གིས་མཐོང་ལ། ཐུན་མོང་རིག་གནས་དག་ཀྱང་མངོན་པའི་སྡེ་སྣོད་དུ་གཏོགས་པར་ཆོས་རྒྱལ་ལོ་པཎ་དག་ཞལ་མཐུན་ནོ། ། རྟོགས་པའི་བསྟན་འཛིན་བྱ་བ་དེ་ཡང་སྡེ་སྣོད་གསུམ་གྱི་བརྗོད་བྱ་བསླབ་པ་གསུམ་ཉམས་སུ་ལེན་པ་ལས་ཅི་ཡང་མེད་པའང་བདག་ཅག་གིས་རྟོགས་ལ། གཟུགས་ནས་རྣམ་མཁྱེན་བར་གྱི་ཤེས་བྱའི་རྣམ་གྲངས་མཐའ་ཡས་པ་རྣམས་ཀྱང་དོན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་སུ་འདུ་བ་ཡང་བདག་གིས་སྨྲ་བར་སྤོབས་སོ། ། མང་དུ་བཤད་ཅི་དགོས། སྙིང་ནས་སངས་རྒྱས་ཐོབ་འདོད་ཅན་ཞིག་ཡིན་ཕྱིན་ཆད་ཤེས་བྱའི་སྒྲིབ་པ་མ་བཅོམ་པར་འཚང་རྒྱ་ཐབས་ཤིག་ཨེ་ཡོད། ཉོན་སྒྲིབ་སྤོང་པར་ཤེས་བྱ་རིག་གནས་དག་ཐོས་པ་ལ་རག་ལས་ཡོད་དམ་མེད། འདི་དག་ལ་བསམ་བློ་ཐོང་དང་རང་ངོས་ནས་གདམས་ངག་ཏུ་འཁྱེར་བ་མ་ཤེས་པ་མ་གཏོགས་རིག་གནས་ཤེས་པའི་ཉེས་སྐྱོན་ཞིག་སྣ་འཐེན་ནས་ཁ་ནང་དུ་མི་སླེབས་པའི་ཚོད་ཡིན། གོང་དུ་གཏམ་གྱི་སྤྲོས་པ་རྒྱ་ཆེར་ནི་མ་བྱས་ལ། ཕྱོགས་ཙམ་སོང་བ་དེས་རིག་གནས་ཆེ་ཕྲ་ཀུན་ལ་སྤང་བླང་འདེམ་གསེས་ཀྱི་ལོག་རྟོག་ནི་བཟློག་པར་བྱོས་ལ། གཏན་གྱི་འདུན་མ་སྐུ་ཚེ་གཅིག་ལ་མཆོག་གི་དངོས་གྲུབ་ཐོབ་པར་འདོད་པ་རྣམས་ལ་ནི་དགེའོ་ལེགས་སོ་ཞུ་ལ། དེ་བྱིངས་རང་གི་སྙིང་རུས་དང་ཁམས་ལ་བརྟགས་ནས་ཐུབ་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་འཕྱར་བ་གྲུ་འདེགས་ཀྱིས་ཚུལ་དུ་བསྙེན་བཀུར་དང༌། འཛིན་སྐྱོང་སྤེལ་གསུམ་བྱེད་པ་དག་ལ་ནི་རང་གིས་རང་ལ་སྙིང་ཕུར་བརྡབ་ཏེ་བསྟན་པའི་ལ་རྒྱ་ཟིན་པའི་ནང་པའི་རབ་བྱུང་ཤེས་ཡོན་གྱིས་ཕྱུག་པ་ཞིག་དང༌། བསྟན་པའི་གཞི་མ་འཛིན་པའི་ནང་བའི་རབ་བྱུང་ཁྲིམས་ལྡན་ཞིག་དང༌། བསྟན་པའི་སྙིང་པོ་འཛིན་པའི་ནང་པའི་རབ་བྱུངརིག་པ་འཛིན་པ་ཞིག་ཨེ་ཡོང་བ་ལྟ་རྒྱུ་ནི་སྟོན་པ་གཅིག་གི་བསྟན་པས་བསྡུས་པའི་ཆོས་གྲོགས་རྣམས་ལ་སྙིང་ནས་གཏམ་དུ་བྱས་ལ།
ཆོས་དང་མཐུན་པའི་རྩོད་པ་ལ། །
ལོག་རྟོག་བཟློག་ཕྱིར་བརྩད་བྱ་ཡི། །
ཆགས་སྡང་དབང་གིས་རྒྱལ་འདོད་དང༌། །
ཕ་རོལ་ཕམ་པ་བསྐྱེད་ཕྱིར་མིན། །ཞེས་གསུངས་པ་ལྟར་ཕྱོགས་སྔ་བཀག་པའི་ཚུལ་གྱིས་འགའ་རེ་ལ་ཚིག་ཚོག་གནད་དུ་འབབ་པ་རེ་ཐེབས་ས་ཡོད་ཀྱང༌།
ཆོས་བཟང་རིགས་པས་རྣམ་དཔྱོད་བསམ་པ་ཅན། །
དེ་ལ་བདུད་ཀྱིས་བར་ཆད་ བྱེད་པ་མེད། །གསུངས་པ་ལྟར་བསྟན་པ་ལ་སྙིང་ནས་གཅེས་པའི་ཚུལ་དུ་སྨྲས་ན་ཡང་སོ་སོའི་སྐྱེ་བོ་འདིའི་རྟོག་དཔྱོད་ལ་ཚད་མར་གྱུར་བའི་གདེང་ནི་ཅི་ལ་ཡོད། དེས་ན་འགལ་འཁྲུལ་ཅི་མཆིས་ཡེ་ཤེས་སྤྱན་ལྡན་རྣམས་དང་སློབ་དཔོན་བཤེས་གཉེན། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་དག་ལ་སོར་བཅུ་སྙིང་གར་སྦྱར་ཏེ་འཆགས།
སྨྲས་པ།
སངས་རྒྱས་བསྟན་པའི་རྗེས་འཇུག་ཁས་འཆེས་ཀྱང༌། །
ནང་ན་དོན་གྱིས་དབུལ་བའི་ཕྱི་ཚུལ་འདིས། །
རང་ཉིད་ཐར་བའི་སྒོར་ཡང་མ་སླེབས་པར། །
གཞན་དག་རྨོངས་འཇིགས་ བསྐྱེད་ན་ཡ་རེ་ང༌། །
བསམ་པ་དཀར་པོ་བྱང་ཆུབ་སེམས་རྩ་ཡིས།།
ལེགས་བྱས་བསོད་ནམས་སྤེལ་བའི་སྐུལ་མ་དང༌། །
མངོན་གྱུར་ཡམས་ནད་གསོ་བའི་སྨན་མཆོག་ཏུ། །
གསོང་བའི་གཏམ་འདི་སྨྲས་ལ་ཉེས་ཅི་ཡོད། །
     ཅེས་པ་འདི་ནི་རང་ཅག་གི་ཡབ་གཅིག་པཎ་ཆེན་སྣང་བ་མཐའ་ཡས་དེ་ཉིད་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་བརྩིས་པའི་བགྲངས་བྱ་བཅོ་བརྒྱད་པ་སྤྱི་ལོ་ཉིས་སྟོང་བརྒྱད་ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་ཉིན་ཡུལ་མདོ་སྨད་ཀྱི་མང་དུ་ཐོས་པའི་ཐ་སྙད་པ་རོང་སྲས་སམ་ཨ་འབུམ་བློ་བཟང་དམ་ཆོས་ཀྱིས་སྤེལ་བ་དགེ་གྱུར་ཅིག
གསལ་བཤད།རྩོམ་ཡིག་འདི་དེ་སྔོན་དགེ་འདུན་ཆོས་འཕེལ་དྲ་ཚིགས་དང་སྒེར་གཉེར་དུས་དེབ་གྲགས་ཅན་གུར་ཀུམ་ཆེན་པོ་སོགས་སུ་བཀོད་པ་ལ་ཀློག་པ་པོ་མང་པོས་ཁ་སྐོང་གི་ཚུལ་དུ་རྒྱས་སུ་གཏོང་རོགས་བཤད་ཀྱང་བར་སྐབས་གཡེང་བར་གྱུར་ཏེ་དུས་ཚོད་མ་བྱུང་བ་དང་།རང་ཉིད་ཀྱང་བླ་མ་དགེ་འདུན་པའི་སྡེ་ལ་ཁ་ཚོད་ཞུ་བ་ཆེ་དྲག་སྙམ་ཏེ་བཏང་སྙོམས་སུ་བཞག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙིང་གཏམ་དུས་ཀྱི་འབོད་སྒྲ་ཞེས་བྱ་བ།

2011-04-02 ཨ་འབུམ་བློ་བཟང་དམ་ཆོས།༼རེབ་གོང ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།