དྲོད་ཁང་ནང་གི་མེ་ཏོག

སྟག་རིག་འབྲུག་ཐར།༼ཁྲི་ཀ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-03-04


    དུས་བཞི་ལ་མཚར་སྡུག་བཀྲ་བ་བདེན་དུ་ཆུག་ཀྱང་། ཁྱོད་ནི་འདབ་མ་དང་ལོ་མར་བཀག་རྒྱས་ཟིན་པའི་དྲོད་ཁང་ནང་གི་མེ་ཏོག་ཅིག  བལྟ་སྐལ་ལས་མྱོང་སྐལ་མེད་པ་ནི་ཁྱོད་ཀྱི་ལས་དབང་ཉིད། ཁ་དོག་ལ་མཛེས་སྡུག་རྫོགས་ནའང་། དྲི་ཞིམ་ལ་རྫོགས་མཐའ་དབེན་ནའང་། ཁྱོད་ལ་དགའ་བའི་དགའ་གྲོགས་དང་སྡུག་པའི་སྡུག་གྲོགས་ཟེར་བ་ཞིག་གཏན་ནས་ཡོད་མ་མྱོང་། ཕྱི་རོལ་ན་ཟླ་འོད་ཀྱིས་བསིལ་རླུང་འཐུང་། ཆུ་ཕྲན་གྱིས་རྒྱུ་སྐར་འཚོ། ད་དུང་གཡུ་སྦྲང་གཤོག་དྲུག་ཟེར་བས་རང་བྱུང་ཡུལ་གྱི་མཐོང་སྣང་ནས་ཞེ་འཁྲེང་བའི་གདུང་དབྱངས་གྲངས་མེད་ཅིག་ཤུགས་ཀྱིས་བླངས་མྱོང་ན་ཡང་། ཁྱེད་གཉིས་ཀྱི་བར་ཐག་སུ་ཡིས་རྟོགས། ཁྱེད་གཉིས་ཀྱི་དུང་བ་སུ་ཡིས་གཞལ། མདོར་དེད་ན་རང་དབང་ཞེས་པའི་ཐ་སྙད་འདིར་ཁྱེད་ཀྱིས་འཚོལ་སྙེག་བྱེད་མི་སྲིད། འདི་ནི་དུས་རབས་ཀྱི་འཕེལ་རྒྱས་ཨེ་རེད།
     ཉིན་མཚན་ལ་གསོན་ཉམས་བཀྲ་བ་བདེན་དུ་ཆུག་ཀྱང་། ཁྱོད་ནི་གཞུང་རྟ་དང་སྐྱེ་སྟངས་ལ་བཀག་རྒྱས་ཐེབས་པའི་དྲོད་ཁང་ནང་གི་མེ་ཏོག་ཅིག ངོམ་སྐལ་ལས་ཚོར་སྐལ་མེད་པ་ནི་ཁྱེད་ཀྱི་ལས་དབང་ཉིད། སྐྱེ་སྟོབས་ལ་གསོན་ཤུགས་ལྡན་ནའང་། བཀྲག་མདངས་ལ་ངོ་མཚར་རྫོགས་ན་ཡང་། ཁྱོད་ལ་སྤྲོ་བའི་སྤྲོ་རོགས་དང་སྐྱོ་བའི་སྐྱོ་རོགས་ཟེར་བ་ཞིག་གཏན་ནས་ཡོད་མ་མྱོང་། ཕྱི་རོལ་ན་ཉི་འོད་ཀྱིས་མུན་པ་འཐུང་། བྱིའུ་ཆུང་གིས་མཁའ་དབྱིངས་འཚོ། ད་དུང་རྐང་དྲུག་བུང་བ་ཟེར་བས་ཕྱི་རོལ་གྱི་བར་སྣང་ནས་ཞེན་ཆགས་པའི་སྙིང་གཏམ་ཅི་ཡོད་ཅིག་སྟོབས་ཀྱིས་བླངས་མྱོང་ནའང་། ཁྱོད་གཉིས་ཀྱི་འབྲེལ་བ་སུ་ཡིས་ཤེས། ཁྱོད་གཉིས་ཀྱི་བརྩེ་བ་སུ་ཡིས་མྱོང་། མདོར་དེད་ན་རང་དབང་ཞེས་པའི་ཐ་སྙད་འདིར་ཁྱེད་ཀྱིས་འཚོལ་སྙེག་བྱེད་མི་སྲིད། འདི་ནི་སྤྱི་ཚོགས་ཀྱི་འགྱུར་ལྡོག་ཨེ་རེད། 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲོད་ཁང་ནང་གི་མེ་ཏོག

2011-03-04 སྟག་རིག་འབྲུག་ཐར།༼ཁྲི་ཀ༽ ཀློག་གྲངས། མཆན ཡོད།


    དུས་བཞི་ལ་མཚར་སྡུག་བཀྲ་བ་བདེན་དུ་ཆུག་ཀྱང་། ཁྱོད་ནི་འདབ་མ་དང་ལོ་མར་བཀག་རྒྱས་ཟིན་པའི་དྲོད་ཁང་ནང་གི་མེ་ཏོག་ཅིག  བལྟ་སྐལ་ལས་མྱོང་སྐལ་མེད་པ་ནི་ཁྱོད་ཀྱི་ལས་དབང་ཉིད། ཁ་དོག་ལ་མཛེས་སྡུག་རྫོགས་ནའང་། དྲི་ཞིམ་ལ་རྫོགས་མཐའ་དབེན་ནའང་། ཁྱོད་ལ་དགའ་བའི་དགའ་གྲོགས་དང་སྡུག་པའི་སྡུག་གྲོགས་ཟེར་བ་ཞིག་གཏན་ནས་ཡོད་མ་མྱོང་། ཕྱི་རོལ་ན་ཟླ་འོད་ཀྱིས་བསིལ་རླུང་འཐུང་། ཆུ་ཕྲན་གྱིས་རྒྱུ་སྐར་འཚོ། ད་དུང་གཡུ་སྦྲང་གཤོག་དྲུག་ཟེར་བས་རང་བྱུང་ཡུལ་གྱི་མཐོང་སྣང་ནས་ཞེ་འཁྲེང་བའི་གདུང་དབྱངས་གྲངས་མེད་ཅིག་ཤུགས་ཀྱིས་བླངས་མྱོང་ན་ཡང་། ཁྱེད་གཉིས་ཀྱི་བར་ཐག་སུ་ཡིས་རྟོགས། ཁྱེད་གཉིས་ཀྱི་དུང་བ་སུ་ཡིས་གཞལ། མདོར་དེད་ན་རང་དབང་ཞེས་པའི་ཐ་སྙད་འདིར་ཁྱེད་ཀྱིས་འཚོལ་སྙེག་བྱེད་མི་སྲིད། འདི་ནི་དུས་རབས་ཀྱི་འཕེལ་རྒྱས་ཨེ་རེད།
     ཉིན་མཚན་ལ་གསོན་ཉམས་བཀྲ་བ་བདེན་དུ་ཆུག་ཀྱང་། ཁྱོད་ནི་གཞུང་རྟ་དང་སྐྱེ་སྟངས་ལ་བཀག་རྒྱས་ཐེབས་པའི་དྲོད་ཁང་ནང་གི་མེ་ཏོག་ཅིག ངོམ་སྐལ་ལས་ཚོར་སྐལ་མེད་པ་ནི་ཁྱེད་ཀྱི་ལས་དབང་ཉིད། སྐྱེ་སྟོབས་ལ་གསོན་ཤུགས་ལྡན་ནའང་། བཀྲག་མདངས་ལ་ངོ་མཚར་རྫོགས་ན་ཡང་། ཁྱོད་ལ་སྤྲོ་བའི་སྤྲོ་རོགས་དང་སྐྱོ་བའི་སྐྱོ་རོགས་ཟེར་བ་ཞིག་གཏན་ནས་ཡོད་མ་མྱོང་། ཕྱི་རོལ་ན་ཉི་འོད་ཀྱིས་མུན་པ་འཐུང་། བྱིའུ་ཆུང་གིས་མཁའ་དབྱིངས་འཚོ། ད་དུང་རྐང་དྲུག་བུང་བ་ཟེར་བས་ཕྱི་རོལ་གྱི་བར་སྣང་ནས་ཞེན་ཆགས་པའི་སྙིང་གཏམ་ཅི་ཡོད་ཅིག་སྟོབས་ཀྱིས་བླངས་མྱོང་ནའང་། ཁྱོད་གཉིས་ཀྱི་འབྲེལ་བ་སུ་ཡིས་ཤེས། ཁྱོད་གཉིས་ཀྱི་བརྩེ་བ་སུ་ཡིས་མྱོང་། མདོར་དེད་ན་རང་དབང་ཞེས་པའི་ཐ་སྙད་འདིར་ཁྱེད་ཀྱིས་འཚོལ་སྙེག་བྱེད་མི་སྲིད། འདི་ནི་སྤྱི་ཚོགས་ཀྱི་འགྱུར་ལྡོག་ཨེ་རེད། 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།