སྙན་ངག་ལ་བཟུང་བའི་ལྟ་ཚུལ།

    སྙན་ངག་ནི་ང་དང་ཁྱོད།ཁོའམ་ཁོ་མོ་ཚང་མས་བཏུང་ཆོག་ཆོག་གི་རྒུན་ཆང་ཕོར་བ་གང་ཡིན་ཡང་།སྙན་ངག་པ་ལ་སྙན་ངག་པའི་འགྲོ་སྲོལ་ཡོད་ལ་སྙན་ངག་ལ་སྙན་ངག་གི་ཁྲིམས་ལུགས་ཡོད།དེ་ཡང་སྙན་ངག་ནི་སྙན་ངག་པའི་ན་ཟུག་གིས་བཙག་དགོས་ལ་ལྷག་བསམ་གྱིས་འབུལ་དགོས།ནད་མེད་པར་ན་ཟུག་སྐྱེས་ཁུལ་དང་སེམས་ནག་ཀྱང་ལྷག་བསམ་འཆང་ཁུལ་གྱིས་འབྲི་བ་ནི་དགོད་བྲོ་ཞིང་ངུ་སྤྲོ་བ་ཞིག་སྟེ་ཡིག་ཚོགས་གི་གད་སྙིགས་ལས་ཅང་མི་འོང་།དེ་འདྲའི་བརྩམས་ཆོས་སྤེལ་ཡང་ཕན་མི་ཐོགས་ལ་མ་སྤེལ་ཡང་གྱོང་མི་འདུག་པ་ཞིག་ཡིན་ངེས།སྙན་ངག་པ་རྣལ་མ་ཞིག་གི་འགན་འཁྲི་ཡི་འདུ་ཤེས་མཚོ་ལྟར་ཟབ་ལ་ན་ཟུག་གི་གདུང་བ་རི་ལྟར་ལྕི་ངེས་པས།དེའི་སྙན་ངག་ལ་མར་དྲི་ཡི་རྫུབས་སྟུག་ལ་རྩམ་དྲི་ཡི་རྔམས་མཐུག་པ་ཞིག་འོང་སྲིད།སྙན་ངག་པའི་ཚོར་ཤེས་བྱ་ལྟར་མྱུར་ལ་མདའ་ལྟར་སྐྱེན་པས།སྤྱིར་བཏང་གི་བྱ་དངོས་ལས་སྤྱིར་བཏང་མ་ཡིན་པའི་གནས་ལུགས་འཁྱེར་འོང་ལ་སྤྱིར་བཏང་གི་སྨྱུག་ཁ་ལས་སྤྱིར་བཏང་མ་ཡིན་པའི་སྒྱུ་རྩལ་འདྲེན་འོང་།སྙན་ངག་འབྲི་བ་ནི་སྐད་ཆ་འཆད་པ་ཡིན་ལ་སྐད་ཆ་དེ་ཡང་སུས་ཀྱང་མ་བཤད་པའི་སྐད་ཆ་དེ་ཡིན།སྐད་ཆ་འཆད་པ་ནི་གནད་དོན་ཞིག་གི་ཆེད་དུ་ཡིན་ལ་གནད་དོན་དེ་ཡང་ཁྱོད་དང་ངའི་གནད་དོན་ལྟ་བུ་མ་ཡིན།སྙན་ངག་འབྲི་བ་ནི་ཁོའ ི་ཆེད་དུ་མིན་ལ་མོའི་ཆེད་དུའང་མིན།སྙན་ངག་དགའ་ཕྱོགས་ཀྱིས་བསྐྱེད་ཅིང་ན་ཟུག་གིས་བསྐྲུན་པ་ཡིན།ན་ཟུག་དེ་ཡང་ཁྱོད་དང་ང་།ཁོའམ་ཁོ་མོའི་སེམས་ཀྱི་ཟབ་སར་འཛུལ་བའི་ན་ཟུག་དེ་ཡིན་པས།སྙན་ངག་པ་ནི་དུས་རབས་དེའི་མགྲིན་ཚབ་པ་ཡིན་ལ་སྙན་ངག་ནི་སྙན་ངག་པའི་ལྷོག་ལྷོག་ལྡིང་བའི་དམར་ཆུང་གི་སེམས་པ་དེ་ཡིན།སྙན་ངག་ནི་སྙན་ངག་པ་ཁོ་རང་འཇིག་རྟེན་དུ་འོངས་པའི་བདེ ན་དཔང་དུ་བགྲང་ཆོག་ལ་མི་ཡུལ་གྱི་ཟས་རིན་དུ་བརྗོད་ཀྱང་ཆོག་གོ
            ༢༠༠༩ ༡༠ ༣༡ལ་སློབ་གླིང་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་ལ་བཟུང་བའི་ལྟ་ཚུལ།

2011-02-14 བྱང་ཁུ་ལོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།