ཁམས་ལ་ཕྱིན་པའི་ཟིན་བྲིས། ༥

ཟླ་དྲུག་པའི་ཚེས་ཉེར་གཉིས།
གྲོགས་ཆོས་ལྡན་གྱི་དྲིན་ལ་དེ་རིང་སྔ་མོ་ནས་དཔལ་ཡུལ་ཕྱོགས་ལ་འགྲོ་བའི་རླངས་འཁོར་ཆུང་ཆུང་ཞིག་རྙེད་བྱུང༌།ཞོགས་པར་ཆར་བ་འབབ་བཞིན་འདུག་ལ་ཡ་ཆེན་གྱི་གཞུང་སྲང་གང་བོ་འདམ་གྱིས་གང་འདུག་པས་ཡར་མར་ལ་འགྲོ་བའི་མི་ཚང་མས་ཞོལ་ཁ་ལག་པ་གཉིས་ཀྱིས་བཏེགས་ཤིང་མིག་ཟུང་མདུན་ནས་མངོན་སྲིད་པའི་ཆུ་འཁྱིལ་དག་ལ་གཏད་ཡོད་པས་གམ་ནས་ཕར་ཚུར་ལ་འགྲོ་བའི་མི་དག་ལ་དོ་སྣང་བྱེད་ཁོམ་མི་འདུག་པ་འདྲ།
རླངས་འཁོར་དེའི་ཁ་ལོ་བ་ནི་དཔལ་ཡུལ་གྱི་མི་ཞིག་རེད།ཁོས་སྔ་མོ་ནས་མཇལ་བ་རླངས་འཁོར་གང་བསྐྱལ་ནས་ཚུར་ཡོང་བ་ཡིན་པས་ཕར་འགྲོ་སྐབས་རླངས་འཁོར་སྟོང་བ་མ་ཡིན་པས་ཆོག་ཟེར་ཞིང་གླ་ཡང་དེའི་ཚོད་ཀྱིས་ཁེ་བོ་ཞིག་བྱས་བྱུང༌།འདུག་སྟེགས་སྔོན་མའི་སྟེང་གི་ངས་རྗེས་ན་ཡོད་པའི་མི་དེ་དག་ལ་དོ་སྣང་ཆེར་མ་བྱས་མོད་ཕ་ཡུལ་སྡེ་དགེ་ནས་ཡིན་ཟེར་བའི་བགྲེས་པོ་ཞིག་གིས་མཚམས་ཆད་རྒྱུ་མེད་པར་སྐབས་རེར་སྡེ་དགེ་ལ་སླེབས་ན་མགྲོན་ཁང་གོང་ཁེ་བོ་ཡོད་མེད་འདྲི་ཞིང་སྐབས་རེར་གམ་གྱི་མི་དེར་གནས་ཚང་ཞིག་གཡར་ཨེ་ཆོག་གི་ཞུ་བྱེད་བཞིན་ཡོད་པ་བརྗེད་རྒྱུ་མི་འདུག ལྷག་པར་དུ་ཁ་ལོ་བས་གོང་ཁེ་བོ་ཡོད་རེད།སྒོར་མོ་བཅུ་ཅན་ཡོད་རེད་ཟེར་དུས་ལྔ་ཅན་ཡོད་སྲིད་དམ་ཞེས་ཧེབ་ཀྱིས་དྲིས་པ་ནི་ད་དུང་ཡིད་ལ་གསལ་ལེར་འདུག  ཁ་ལོ་བ་ནི་ན་གཞོན་ཞིག་རེད།ངས་ངའི་ཕ་ཡུལ་རྨ་ཆུ་ཡིན་ཞེས་བཤད་པར་ཧ་གོ་མ་སོང་མོད།བདུད་པེ་དང་དཔལ་མགོན།རྡོ་རེད་སོགས་ཀྱིས་ཕ་ཡུལ་ཡིན་ཞེས་བཤད་པར་ཤེས་ཐག་ཆོད་ཅིང༌།ཤེལ་བསྟན་ཁྱོད་ཚོ་ཕ་ཡུལ་གཅིག་པ་ཨེ་རེད་ཟེར་ནས་ང་ལ་སྔར་དང་བསྡུར་ན་ཉེ་ཉེ་བྱས་བྱུང༌།
ཕལ་ཆེར་ཉིན་གུང་ཡོལ་དུས་དཔལ་ཡུལ་རྫོང་ལ་སླེབས་བྱུང༌།གཅིག་ནས་དེ་རིང་སྤྲིན་པ་འཁྲིགས་ཡོད་ཅིང་གཉིས་ནས་རྫོང་གི་སྲང་ལམ་མཐའ་ན་ཡལ་ཀ་དག་གཅིག་ལ་གཅིག་སྦྲེལ་བའི་སྡོང་རྒན་དག་བསྒྲིགས་ཡོད་པས་སྲང་ལམ་གང་བོ་ནག་འཐིབ་བེ་བརླན་ཅར་རེ་ཞིག་རེད།ཞིན་ཧྭ་དཔེ་ཁང་ནང་དུ་བོད་ཡིག་གི་དཔེ་ཆ་གདོང་ལ་ཐལ་རྡུལ་མཐུག་པོ་ཆག་པ་བསྟར་བ་ཁ་ཤས་ལས་མི་འདུག འོན་ཀྱང་རྒྱ་ཡིག་གི་དཔེ་ཆ་དག་ཀྱང་དེ་ལས་མ་འདས་པར་ཐལ་བ་གོག་གེར་འདུག ཤར་རེར་དཔལ་ཡུལ་དགོན་ལ་སྙེགས་དུས་རི་ངོགས་གི་དགོན་པ་འདིའི་ཚེས་བཅུ་གྲོལ་ཉིན་ལ་འཁེལ་འདུག་པས་དབང་ཞུ་མཁན་དང་འདུ་འཛིར་མཚར་མཁན་གྱི་མི་ཚོགས་ཁྲོམ་མཐའ་མི་ཆོད་པ་ཞིག་འདུག  འདུ་ཁང་གི་སྔོན་ནས་གྱེན་ལ་བལྟ་དུས་རི་རྩེ་ན་མཆོད་རྟེན་ཡག་པོ་ཞིག་འདུག་པ་མཐོང་བས་རི་ངོགས་ཀྱི་གྲྭ་ཤག་རེ་རེའི་གསེང་གི་ལམ་ཕྲན་དེད་ནས་ཡར་ལ་འཛེགས་དུས།སྐབས་རེར་རིའི་རྒྱབ་ཀྱི་ལམ་ཕྲན་འགོ་མེད་རེད་གཏུགས་འདུག་ལ་ཡང་སྐབས་ཤིག་དྲི་ངན་སྣར་མི་བཟོད་པ་ཞིག་འཐུལ་ཡོང་བས་མགོ་བཏེགས་དུས་མགོ་ཐོག་ནས་ཁང་བའི་ཟུར་ནས་ཚུར་འབུར་བའི་གསང་སྤྱོད་ཅིག་བར་སྣང་ལ་དཔྱངས་ཡོད་པ་མཐོང༌། དོག་ཅིང་གཟར་བའི་སྲང་ལམ་དེ་དག་ནི་ཐ་གུ་ཕྲ་བོ་ཞིག་དང་འདྲ་ལ་ཁང་བ་དག་ལ་དཀྲིས་བརྒྱབ་ནས་ཡོད་པས་གར་ཡོད་མི་ཤེས་པའི་མདུད་པ་དེ་དཀྲོལ་དགོས་ན་མི་ཆ་རྒྱུས་མེད་པ་ཞིག་གིས་མི་ཡོང་ཁོ་ཐག་རེད།ངས་ཀྱང་ཁང་བའི་སྲུབས་ཁ་རེ་ནས་འཕུར་ཡོང་བའི་བུ།དེ་ཕྱོགས་མ་རེད།འདི་ཕྱོགས་རེད།དང་ཡང༌།བུ།ཡར་འགྲོ་ས་ཡོད་མ་རེད།སོགས་ཀྱི་སྒྲ་ཡིད་ལ་སྙན་པ་དེ་དག་ལ་བསྟེན་ནས་མགོ་འཁོར་ཕོ་བྲང་དེའི་ཕྱི་ལ་འགྲོ་བའི་ལམ་བཙལ་བ་ཡིན།
དབང་གྲོལ་རྗེས་ཕྱིར་རྫོང་མཁར་ལ་སླེབས་དུས་དཀའ་ཁག་གསར་བ་ཞིག་ལ་ཐུག་འདུག་པ་ནི་གོང་ཅུང་ཁེ་ལ་གཙང་སྦྲ་དང་བདེ་འཇགས་སོགས་བཟང་བའི་མགྲོན་ཁང་ཞིག་རྙེད་པར་དཀའ་བ་རེད།ཐོག་མར་རླངས་འཁོར་ཁ་ལོ་བ་དེའི་བཤད་པ་ལྟར་གེ་སར་མགྲོན་ཁང་ལ་ཕྱིན་མོད།ཤོག་ལེབ་ཀྱིས་བཅད་པའི་བར་གྱང་དོག་མོ་རེའི་ནང་དུ་ཉལ་ཁྲི་གཉིས་རེ་བཞག་ཡོད་པའི་གེ་སར་མགྲོན་ཁང་ནང་ལ་ཇི་འདྲ་བལྟས་ཀྱང་བདེ་འཇགས་ཕར་ཞོགས་གཙང་སྦྲ་བཟང་བའི་མིང་ཞིག་ཀྱང་ཐོག་དོན་མི་འདུག མཐར་ཆ་རྐྱེན་བཟང་རྒྱུ་མེད་མོད་སྒོ་གཏན་ཐུབ་ལ་གཟུགས་པོ་འཁྲུད་ས་ཐབས་ཆག་ཅིག་ཡོད་པའི་མགྲོན་ཁང་ཞིག་ནས་བསྡད་པ་ཡིན།འདི་ནི་དཀར་མཛེས་ནས་གྲོགས་པོ་ཚོ་དང་གྱེས་རྗེས་ཐོག་དང་པོར་རང་གཅིག་པུ་མགྲོན་ཁང་བསྡད་པ་ཡིན་པས་ཁེར་རྐྱང་གི་སྣང་བ་འགོག་དུ་མེད་པ་ཞིག་སྐྱེས་ཡོང༌།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁམས་ལ་ཕྱིན་པའི་ཟིན་བྲིས། ༥

2011-02-01 གཡག་བུ་དཔལ་རྩལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།