བྱིས་པ་ཚོ།

ཆོས་འཁོར. ཚེ་དཔག་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-01-31

______________ཤེས་བྱའི་གནས་ལ་བརྩོན་བཞིན་པའི་བྱིས་པ་ཚོར།
   བྱིས་པ་ཚོ་ནི་མཐོན་མཐིང་གི་མཁའ་དབྱིངས་ན་ལམ་ལམ་འཚེར་བའི་ཉི་འོད་དེའི་ཟེར་མ་རྒུམ་མཁན་ཡིན་ལ།བྱིས་པ་ཚོ་ནི་མཐའ་ཡས་པའི་རྩྭ་ཐང་ན་མཚར་སྡུག་གིས་བཞད་པའི་མེ་ཏོག་དེའི་དྲི་བསུང་དང་མཛེས་པ་འཐུ་མཁན་ཡིན།  
    བྱིས་པ་ཚོ་ནི་སོ་ནམ་པས་ཞིང་ནང་དུ་གཏོར་བའི་ས་བོན་གྱི་འབྲུ་རྡོག་རེ་རེ་ཡིན་ལ། བྱིས་པ་ཚོ་ནི་འབྲོག་པ་ཚོའི་འཚོ་རྟེན་དུ་གྱུར་བའི་རྩྭ་ཕྲན་གྱི་ཉག་མ་རེ་རེ་ཡིན།
    བྱིས་པ་ཚོ་ནི་འཇིག་རྟེན་གྱི་མཐོ་ས་ན་རྔམ་བརྗིད་ཀྱིས་འགྲེང་བའི་གངས་དཀར་གྱི་འོད་ཐིགས་རེ་རེ་ཡིན་ལ།བྱིས་པ་ཚོ་ནི་སྐྱེ་དགུའི་ཚེ་སྲོག་གི་ཁྲག་རྒྱུན་དུ་གྱུར་བའི་རྨ་འབྲི་རིང་མོར་འཕྱོ་བའི་དྭངས་གཙང་གི་ཟེགས་མ་རེ་རེ་ཡིན།

  བྱིས་པ་ཚོ་ནི་དཔྱིད་དཔལ་སྒེག་མོའི་ཕང་བར་རེ་བ་སྟོང་གིས་འཁྲུངས་པའི་གཡུ་མདོག་གི་ལྗང་མྱུག་རེ་རེ་ཡིན་ལ།བྱིས་པ་ཚོ་ནི་སྤྲིན་པ་དཀར་པོའི་གསེབ་ནས་བརྩེ་བ་དང་སྨོན་འདུན་གྱིས་ཤོར་བའི་སྦྲང་ཆར་གྱི་ཐིགས་པ་རེ་རེ་ཡིན།
    
   བྱིས་པ་ཚོ་ནི་མུན་ནག་གི་བར་སྣང་དུ་ཁྲ་ཆིལ་ལེར་བཀྲ་བའི་སྐར་ཚོགས་ཀྱི་དགོད་འཛུམ་རེ་རེ་ཡིན་ལ། བྱིས་པ་ཚོ་ནི་གྲང་ཤུར་ཤུར་གྱི་དུས་ཚིགས་ནང་འཁྲེང་ཞེན་གྱི་གར་ལ་རོལ་བའི་ཁ་བའི་འདབ་མ་རེ་རེ་ཡིན།

  བྱིས་པ་ཚོ་ནི་མི་རིགས་ཀྱི་ལས་དབང་གསང་མཐོར་གྱེར་བའི་གཞས་མཁན་ཚོའི་གྲེ་བ་ནས་མཆེད་པའི་དབྱངས་ཀྱི་འགྱུར་ཁུག་རེ་རེ་ཡིན་ལ། བྱིས་པ་ཚོ་ནི་དུས་རབས་ཀྱི་མགྲིན་ཚབ་པར་འབོད་པའི་སྙན་ངག་པའི་སྨྱུག་རྩེ་ནས་བཞུར་བའི་ཡི་གེའི་གྲལ་ཕྲེང་རེ་རེ་ཡིན།
    
      བྱིས་པ་ཚོ་ནི་འཁོར་བའི་སྐྱིད་སྡུག་སྐྱབས་གསུམ་ལ་བཅོལ་བའི་ཨ་མའི་ངག་ན་མཚམས་མེད་དུ་ཟློ་བའི་ཡིག་དྲུག་གི་སྲུང་བྱ་རེ་རེ་ཡིན་ལ།   བྱིས་པ་ཚོ་ནི་འགྲོ་དྲུག་སེམས་ཅན་རིགས་གཅིག་ཏུ་མཐོང་བའི་ཨ་ཕའི་སེམས་ཁོངས་ན་ང་རྒྱལ་གྱིས་ཉར་བའི་གཟི་བརྗིད་ཀྱི་དར་ཆ་རེ་རེ་ཡིན། 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྱིས་པ་ཚོ།

2011-01-31 ཆོས་འཁོར. ཚེ་དཔག་སྐྱབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།