ཁམས་ལ་ཕྱིན་པའི་ཟིན་བྲིས། ༡

    ཁམས་ཕྱོགས་ཀྱི་ས་ཆ་དེ་ཚོར་ཕྱིན་ནས་ཉི་མ་ཁ་ཤས་འགོར་སོང་ལ་ད་ལྟ་ཁྲིན་ཏུའུ་ཡི་ཚད་པ་འཐིབ་པོ་དེའི་ཁྲོད་ནས་ཉི་མ་མ་འཁྱོལ་བར་ཡོད་དུས།ལྷག་པར་དུ་ཡུལ་དེ་ཚོའི་མཛེས་པ་དང་བསིལ་སྣང་ཚོ་དྲན་ཀྱིན་འདུག
    ཟླ་དྲུག་པའི་ཚེས༡༨ཉིན་གནམ་ཐིངས་ཤིང་ཁྲིན་ཏུའུ་ན་ཚད་པ་ཆེ་དུས་ང་དང་གྲོགས་པོ་གཉིས་མཉམ་པོར་སྒེར་ཁྲེ་ཞིག་ལ་བསྡད་ནས་དར་མདོའི་ཕྱོགས་སུ་ཕྱིན་པ་ཡིན།རླངས་འཁོར་ནང་ན་ང་ཚོ་ཕུད་པའི་ཁ་ལོ་བ་དང་དེ་མིན་རྒྱ་མོ་ཞིག་བཅས་ཁྱོན་མི་ལྔ་ཡོད་ཅིང༌།རྒྱ་མོ་དེའི་གཉེན་ཉེ་ར་རྔ་ཁ་ན་ཡོད་པས་དེ་རུ་འཆམ་འཆམ་ལ་འགྲོ་རྒྱུ་རེད།བདག་གི་གྲོགས་པོ་གཉིས་པོ་ནི་སྡེ་དགེ་རྫོང་དུ་གློག་བརྙན་ཕ་ཡུལ་སྡེ་དགེ་ཞེས་པ་འཁྲབ་སྟོན་ལ་འགྲོ་རྒྱུ་རེད།ང་ནི་ཚ་བ་མ་བཟོད་པའམ་ཡང་ན་འདུག་མ་བཟོད་པར་ཡུལ་དེ་ཚོ་ལ་ཉུལ་དུ་ཕྱིན་པ་ཡིན།
   ཡར་ལམ་ལ་ཁྲིན་ཡཱ་མྱུར་ལམ་ནས་བུད་རྗེས་རི་ལམ་གྱི་སྣེ་ཟིན་ཞིང༌།ལམ་དེ་དག་ནི་ཕར་ཚུར་གྱི་རི་བོ་མཐོན་པོ་གཉིས་ཀྱི་ཐོང་བར་དུ་བཙུར་ནས་ཡོད་པས་སྐབས་ལན་རེ་གདོང་སྣ་རེའི་ཕ་རོལ་ན་ད་དུང་ལམ་ཡོད་མེད་ལ་ཡང་དོགས་པ་ཟ་རུ་འཇུག་ལ་ལམ་འོག་ན་བཞུར་བཞིན་པའི་ཆུ་བོ་ནི་ཉི་མ་དང་ཉི་མ་མཐུད་པའི་འབབ་ཞོད་ཀྱིས་དྲག་ཏུ་ཁྲོས་ཡོད་པས་ལག་པ་གཉིས་ཀ་གང་ཞིག་ལ་འཐམ་ནས་སེམས་ཀྱི་འཇིགས་སྣང་དེ་སེལ་ཐབས་བྱེད་རྒྱུ་ལས་ཐབས་བཀོད་མི་འདུག་མོད།ཁ་ལོ་བ་ནི་དེ་ལས་ལྡོག་སྟེ་སྦག་འཁོར་ཞོན་པའི་གསར་བུ་ཞིག་ཐང་མེ་ལོང་འདྲ་བ་ཞིག་ན་འགྲོ་བ་ལྟར་ཕལ་ཆེར་དཀྱོགས་ས་དག་ནས་ཀྱང་འཁོར་ཁ་ཙམ་ཡང་བགག་མི་དགོས་པར་ཤེད་ཡོད་རྒུས་གཏོང་ཐུབ་ཀྱིན་འདུག སྐབས་ལན་རེར་སྔོན་ནས་རླངས་འཁོར་རེ་བུད་དུས་ད་ནི་དངོས་གནས་ཐུག་ཟེར་བ་བརྒྱབས་སོང་སྙམ་མོད་ཤག་སྒྲ་ཞིག་གྲགས་དུས་སྔ་མོ་ནས་ཕར་སྣང་ལ་བུད་ཚར་འདུག  དེ་ལྟར་འཇིགས་སྣང་དང་ཤག་སྒྲ་མང་པོ་ཞིག་བརྒྱུད་རྗེས་གཞི་ནས་དར་རྩེ་མདོ་ལ་སླེབས་སོང༌།ལམ་བར་ནས་འུར་ཆོམ་གྱི་སྒྲ་ཆེ་བས་ཡིན་ནམ་མི་ཤེས་མོད་གློ་བུར་དུ་འཇམ་ཐང་ངེར་གྱུར་སོང་བའི་སྣང་བ་ཞིག་ཤར་སོང༌།
    དར་རྩེ་མདོ་ནི་སྔོན་མ་རྒྱ་བོད་བར་ཚོང་འགྲུལ་གྱི་འགག་གལ་ཆེན་པོ་ཞིག་ཡིན་ཚོད་འདུག་ལ་བར་སྐབས་ཞིག་ནས༼དར་མདོའི་མཛའ་གཞས༽ཞེས་པའི་གླུ་དབྱངས་ཤིག་གིས་ཤུགས་རྐྱེན་ཐེབས་པས་ཡུལ་སྐོར་བ་མང་པོ་འདུ་ས་ཞིག་དུ་ཡང་གྱུར་འདུག ཁོ་ཚོས་གདན་ཐང་རི་བོ་ནི་རྟ་རྒྱུག་ས་ཡིན་ཞིང་དར་མདོ་ནི་གླུ་ལེན་ས་ཞིག་ཡིན་ཚོད་སྙམ་འདུག ཕྱི་དྲོ་བོད་ཟས་ཟ་དུས་ཡུལ་སྐོར་བ་རྒྱ་མི་ཁ་ཤས་ཀྱིས་ཟ་ཁང་གི་བདག་མོར་གླུ་ཞིག་ལོངས་དང་ཞེས་ཡང་ཡང་བསྐུལ་མོད་ཟ་ཁང་བདག་མོས་སྒོར་མོ་མ་གཏོགས་གླུ་བླངས་མ་སོང༌།
     དར་རྩེ་ནི་སྔོན་མ་ནས་མི་མང་འདུ་ས་ཞིག་ཡིན་ཚོད་རེད་དེ་ད་ལྟའང་རིག་གནས་སྣ་ཚོགས་པའི་རྗེས་ཤུལ་མཐོང་རྒྱུ་འདུག  ང་ཚོ་ཕྱི་དྲོ་སྲང་ལ་ཉུལ་དུས་ཁ་ཆེའི་སློབ་འབྲིང་ཞིག་མཐོང་སོང་ལ་དེ་ནས་གོམ་པ་འགའ་ཕྱིན་དུས་ཡེ་ཤི་ཆོས་ལུགས་ཀྱི་ལྷ་ཁང་ཞིག་མངོན་ཡོང༌།ང་ཚོས་དེ་གཉིས་ཁྱིམ་མཚེས་ཡིན་པའི་སྐོར་གླེང་བཞིན་པའི་སྐབས་ཆུའི་ཕ་རོལ་ན་ནང་བསྟན་གྱི་དགོན་པ་ཞིག་ཡོད་པའང་མཐོང་སོང༌།དགོན་པ་དེའི་གྲྭ་བ་ཞིག་གིས་བཤད་པ་ལྟར་ན་དགོན་པ་དེའི་མཚན་ལ་ལྔ་མཆོད་དགོན་ཟེར་ཞིང་རྒྱལ་དབང་ལྔ་བའི་རིང་བཏབས་པ་ཞིག་ཡིན་ཟེར།གང་ལྟར་གྲོང་ཁྱེར་དཀྱིལ་ནས་འཆད་ཉན་སྤེལ་དགོས་ཟེར་ན་དཀའ་མོ་ཞིག་ཡིན་ངེས་པས་དེང་སྐབས་ཀྱི་ཁོ་ཚོའི་གནས་བབས་ལ་ང་ཚོས་སེམས་ཁུར་རེ་མ་བྱས་ག་མེད་དུ་གྱུར།
     ཁོ་ཚོའི་བཤད་ན་དར་མདོ་ན་ཏཱ་གོ(ནག་ཚོགས་ཀྱི་འགོ་བ)མང་པོ་ཡོད་ཟེར་གི

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁམས་ལ་ཕྱིན་པའི་ཟིན་བྲིས། ༡

2011-01-25 གཡག་བུ་དཔལ་རྩལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།