ཨ་མ་ལགས།

                                                               ༼ཀ༽
         འགྲོ་བ་སེམས་ཅན་སུ་ཞིག་ཡིན་ནའང་རང་ཉིད་ལ་ལུས་རྟེན་སྩོལ་མཁན་གྱི་ཨ་མ་རེ་རེ་ཡོད་པ་བཞིོན་ང་ལ་ཡང་དལ་འབྱོར་གྱི་མི་ལུས་སྩོལ་མཁན་གྱི་ཨ་མ་ཞིག་ཡོད། སེམས་ཅན་རང་རང་གིས་རང་ཉིད་ཨ་མར་བཅངས་པའི་བརྩེ་བ་ཡོད་པ་བཞིན་ང་ལ་ཡང་རང་ཉིད་ཨ་མར་བཅངས་པའི་བརྩེ་བ་ལྷད་མེད་ཅིག་ཅི་ལ་མེད། འོན་ཀྱང་། ངའི་ལས་དབང་མངར་སྐྱུར་ཇི་འདྲ་ཞིག་ཏུ་གྱུར་རུང་། དཀའ་སྡུག་གི་ལམ་འཕྲང་ཅི་འདྲ་ཞིག་འགྲིམས་ཀྱང་། ངའི་དྲན་འཛིན་གྱི་ངོགས་དང་འདྲེན་བྱེད་ཀྱི་ཡུལ་ནས་ནམ་ཡང་ཡལ་མི་སྲིད་པ་ནི། ཨ་མའི་བྱམས་བརྩེ་དང་ཨ་མའི་གཟུགས་རིས་དེ་ཡིན། ཨ་མ་ལགས། ངས་ཁྱེད་རང་དྲན།
                                                              ༼ཁ།༽
         ཨ་མ་ལགས།  མི་རིགས་འདིར་གོད་ཆག་ཕོག་པའི་ཉིན་དེ་ནས་བཟུང་། ངའི་ལས་དབང་གི་ལམ་ཐིག་དེ་ཡང་ཀྱག་ཀྱོག་འབར་འབུར་དུ་འཐེན་འགོ་ཚུགས་པ་མ་ཡིན་ནམ། ང་དང་ང་འདྲ་བའི་ཉམ་ཆུང་ཁྲི་མ་འབུམ་གྱིས་རང་ཉིད་ཀྱི་ཕ་མ་དང་རང་ཉིད་ཀྱི་ཚེ་སྲོག་སོགས་ཡོད་ཚད་བློས་བཏང་སྟེ། རེ་བ་དང་ཕུགས་བསམ་གྱི་ཆེད་དུ་བློ་གཏད་ཡོད་ཚད་ཧི་མ་ལ་ཡའི་རི་རྒྱབ་ཏུ་བཅོལ། ལོ་མང་དཀའ་སྡུག་དང་མནར་གཅོད། མྱ་ངན། འོ་དོད། རྡུང་རྡེག་ལ་སོགས་པའི་ལུས་སེམས་ཀྱི་ན་ཟུག་ཡོད་ཚད་ཧི་མ་ལའི་རི་རྒྱབ་དང་རི་ལྡེབས་ནས་སྲིད་པ་ཆགས་པའི་གངས་རིའི་ཁོག་པར་བསྟིམས། དུས་དེ་ནས་ང་ཚོའི་རེ་འདུན་གྱི་ས་བོན་ལ་བདེ་སྐྱིད་ཀྱི་ལྗང་མྱུག་འབུས་འགོ་ཚུགས་སོང་། ཨ་མ་ལགས། ངས་ཁྱེད་ལ་འདི་ལྟར་ཞུ་འདོད།
                                                               ༼ག༽
       ཨ་མ་ལགས།  ང་རང་ས་མཐར་གྱར་ནས་མི་ལོ་བཅུ་ཕྲག་གཅིག་ལྷག་ཙམ་འདས་སོང་། ངས་ཨ་མའི་བྱམས་བརྩེའི་བཞིན་རས་མ་མཇལ་བར་སྐྱོ་གདུང་གི་མིག་ཆུ་བཞུར་གྱིན་མི་ལོ་འདི་དག་འདས་སོང་། ཨ་མ་ལགས།  ངས་ཁྱེད་ཀྱི་ལམ་སྟོན་བསླབ་བྱའི་གསུང་སྐད་མ་ཐོས་པར་ངའི་ངོ་གདོང་ལ་རྒས་གཉེར་གྱིས་འཇབ་རྒོལ་བྱེད་འགོ་ཚུགས་བྱུང་། ཁྱེད་ཀྱི་བཅུད་ལྡན་གྱི་ཟས་མཆོག་མ་རེག་པར་ལང་ཚོའི་ནུས་སྟོབས་ཉམས་ཀྱིན་གནས་འདིར་མི་འདོད་བཞིན་དུ་འཚོ་བཞིན་ཡོད། ད་དུང་ས་མཐའ་འདི་ནས་ངས་ངོ་ཤེས་པ་ས་དང་གནམ་མ་གཏོགས་མེད་པའི་ཉིན་ཞིག་ཏུ། ངའི་འདྲེན་བྱེད་ཟུང་ནས་དྲན་གདུང་གི་མཆི་མ་བཞུར་གྱིན། སེམས་པ་ཡམ་ཡོམ་དུ་འགྱུར་གྱིན། ལག་ཟུང་འདར་འདར་ངང་ངུ་འབོད་ཀྱི་ཚིག་ཕྲེང་འདི་དག་གཡང་གཟར་གྱི་རྦབ་ཆུ་བཞིན་དབང་མེད་དུ་ལྷུང་གིན་འདུག  ཨ་མ་ལགས།  འདི་ནི་ཁྱེད་ཉིད་དྲན་དྲགས་པའི་རྐྱེན་གྱིས་མ་ཡིན་ནམ།
                                                              ༼ང་།༽
       ཨ་མ་ལགས།  ངས་ཁྱེད་ཀྱི་བྱམས་བརྩེའི་དྲོད་འཁོལ་དང་། བརྩེ་བའི་འཛུམ་མདངས་དྲན་ཐེངས་རེ་རེར་ངའི་མིག་ཟུང་མཆི་མས་གང་གིན་འདུག ས་མཐའི་དྲོད་འཁོལ་གྱི་ཉི་འོད་ཀྱི་འོད་རླབས་དེ་ངའི་ཨ་མའི་བྱམས་བརྩེའི་འོད་སྣང་ཡིན་ན་སྙམ་ཞིང་། ས་མཐའི་དྲི་མེད་ནམ་མཁར་ལྡིང་བའི་འོ་མ་ལས་དཀར་ཞིང་། ཟླ་བ་ལས་མཚར་བའི་དཀར་གཙང་གི་ཁ་དོག་དེ་ངའི་ཨ་མའི་ལྷག་བསམ་ཡིན་ན་སེམས་བཞིན་སླར་ཡང་མིག་ཆུའི་ཐིགས་ཕྲེང་བཞུར་བྱུང་། ཨ་མ་ལགས། ངའི་མིག་ཆུར་རིན་ཐང་མེད་པ་ཡིན་ནམ། ཡང་ན་དྲན་གདུང་གི་ཚོར་བ་ལྕི་བས་ཡིན། ངས་མི་ཤེས། ཨ་མ་ལགས་ངས་ཁྱེད་ལ་འདྲི།
                                                             ༼ཅ།༽
      ཨ་མ་ལགས།  ངས་ས་མཐའི་ཀྱག་ཀྱོག་གི་འཚོ་བའི་རྐང་ལམ་རེ་འགྲིམ་བཞིན། ལམ་འཕྲང་དོག་པོར་སྐྱོ་སྣང་གི་ཉིན་ཞག་སྐྱེལ་བ་དང་།  མཐོང་ཆུང་དང་བརྙས་བཅོས་ཀྱི་རྡུང་རྡེག་ཕོག་པ། རང་ཉིད་ཀྱིས་རང་ཉིད་ལ་འཁང་རའི་ཚིག་མཚོན་རེ་འདེབས་ཀྱིན་གནས་མུར། ད་དུང་ངའི་ཉེ་འགྲམ་ནས་ཕ་མ་འཛོམས་པའི་བུ་ཕྲུག་དག་མཐོང་སྐབས། ངའི་སྙིང་ག་ཡང་གས་ལ་ཁད་དུ་གྱུར། སྐབས་དེ་དུས་ངས་ངའི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་དང་། འཇིག་རྟེན་འདི་ན་ཆེས་རིན་ཐང་བྲལ་བའི་ཨ་མ་ཁྱེད་ཉིད་མིག་ལམ་དུ་འཆར་བཞིན་སེམས་ངོགས་སུ་ཨ་མའི་བྱམས་བརྩེའི་འོ་རྒྱུན་དེ་དག་སླར་ཡང་འཐིམ་ན་སྙམ། ང་འདི་ལྟར་སུ་ཞིག་གིས་བཙན་གྱིས་བརྫངས་པ་ཡིན་ནམ། ཡུལ་གྱར་གྱི་འཚོ་བ་ངན་ངོན་འདི་ལྟར་སྐྱེལ་དགོས་པ་སུ་ཡིས་བཟོས་པ་ཡིན་ནམ། ད་དུང་དྲན་གདུང་གི་གཡང་གཟར་འགྲིམ་བཞིན་སྐྱོ་སྣང་གིས་ཉིན་ཞག་སྐྱེལ་བའི་ང་དང་ང་འདྲ་བའི་གང་ཟག་ཇི་ཙམ་ཞིག་ས་མཐར་གྱར་ཡོད་དམ། ཨ་མ་ལགས།  ངའི་བསམ་གཞིགས་ཀྱི་རྒྱ་མཚོའི་ངོགས་ནས་རྣམ་རྟོག་གི་ཟེགས་མ་འདི་ལྟར་ཇེ་མང་ནས་ཇེ་མང་མཁའ་དབྱིངས་སུ་འཕྱོར་དོན་ཅི།
                                                             ༼ཆ།༽
      ཨ་མ་ལགས།  ཐུགས་ཁྲལ་མ་གནང་རོགས། ཁྱེད་ཉིད་ཀྱི་ཤ་ཁྲག་ལས་མཆེད་པའི་ཡུལ་གྱར་བ་ང་འཛམ་གླིང་གི་ཡུལ་གྱར་བ་དམིགས་བསལ་བ་ཞིག་ཡིན། ང་ལ་ཡང་ངའི་ལུས་ངག་ཡིད་གསུམ་གྱི་བློ་གཏད་བཅོལ་སའི་མགོན་དང་སྐྱབས་དང་དཔུང་གཉེན་ཞིག་གནས་འདི་ན་ཡོད། ད་ལྟ་ང་རང་ཁང་ཆུང་གྲུ་བཞིའི་ནང་ནས་མལ་གདན་གྲུ་བཞི་ཞིག་གི་སྟེང་དུ་ལུས་པོ་ལྷོད་པོར་གནས་ཀྱང་། ངའི་སེམས་ཁམས་ཡོད་ཚད་མ་བུ་ཁ་བྲལ་སོང་བའི་སྐྱོ་གར་ལ་ཕྱིར་དྲན་བྱེད་བཞིན་མིག་ཟུང་རབ་རིབ་ངང་དུ་ལུས་ཡོད་པ་གཞི་ནས་ཚོར་བྱུང་། ངའི་སེམས་ཀྱི་བུ་ཆུང་ལ་མནར་གཅོད་ཕོག་སྟེ། ནམ་ཡང་གསོ་མི་ཐུབ་པའི་རྨ་ཁ་ཞིག་བཟོས་ཡོད་ཀྱང་།  ས་མཐའི་གནམ་འོག་ནས་ང་ལ་འོད་སྣང་ལྡན་པའི་ལམ་བུ་ཞིག་རྙེད་དུས། ང་ལ་སྤོབས་པ་ཞིག་སྐྱེས་བྱུང་། ལམ་བུ་དེའི་སྟེང་ནས་ངས་རང་ངོ་རང་ཤེས་དང་། རང་འགན་རང་ཁུར་གྱི་སེམས་ཁམས་ཤིག་བསྐྲུན་ཐུབ་ཡོད་པས། ཨ་མ་ལགས་ཁྱེད་བདེ་བར་བཞུགས། འདི་ནི་ཁྱེད་ཀྱིས་གཅེས་པར་བསྐྱངས་པའི་བུ་ཆུང་དེས་ཁྱེད་ལ་ཕུལ་བའི་ལེགས་སྐྱེས་ཆུང་ཆུང་ཞིག་ཡིན།
                                                              ༼ཇ།༽
      ཨ་མ་ལགས།  ང་ལ་མདང་ནུབ་རྨི་ལམ་སྣ་ཚོགས་པ་ཞིག་རྨིས་བྱུང་། ཨ་མའི་སྐུ་གཟུགས་ལ་རྒས་ཉམས་བྲལ་ཞིང་། བཞིན་རས་ཀྱི་འཛུམ་མདངས་འཕྱུར་གྱིན། ཨ་མའི་བུ་ཞེས་ཡང་ཡང་གསུངས་ནས། ངའི་མགོ་བོར་བྱིལ་བྱིལ་གནང་གིན་ང་ལ་འདི་ལྟར་གསུངས་བྱུང་། ཁྱེད་རང་མི་ཡུལ་དུ་སྡུག་པོ་མྱངས་སོང་། ད་རང་ཡུལ་དུ་སླེབས་པ་རེད། ད་ནས་བཟུང་ངེད་མ་བུ་ལྷན་འཛོམས་ཀྱི་ཉི་མ་ཤར་བ་རེད། འབྱུང་འགྱུར་ང་ཚོའི་མི་རིགས་འདིར་མི་རབས་ནས་མི་རབས་བར་ངེད་ཚོ་ལྟ་བུའི་མ་བུ་ཁ་བྲལ་སོང་བའི་དཀའ་སྡུག་གི་ལོ་ཟླ་དེ་ལྟ་བུ་མ་ཡོང་བར་ཤོག མུན་ནག་གི་ལོ་རྒྱུས་དེ་ལྟ་བུ་ཇི་སྲིད་བསྐལ་པ་མ་སྟོངས་བར་དུ་མ་ཡོང་བར་ཤོག དཀོན་མཆོག་མཁྱེན། ད་སང་ཉིན་ཨ་མ་ང་ཚོ་ལྷན་དུ་ཕོ་བྲང་པོ་ཏ་ལ་དང་། ལྷ་ལྡན་གཙུག་ལག་ཁང་སོགས་སུ་གནས་མཇལ་དུ་འགྲོ་ཞེས་པའི་གསུང་སྐད་ངའི་རྣ་ལམ་དུ་གྲགས་སྐབས། ང་རང་གློ་བུར་དུ་གཉིད་ལས་སད། ཨ་མ་ལགས།  ཁྱེད་ཀྱིས་མཁྱེན་བྱུང་ངམ། མི་ཡུལ་དུ་ང་ལྟ་བུའི་རྨི་ལམ་རྨི་མཁན་ཇི་ཙམ་ཡོད་དམ།
                                                              ༼ཉ།༽
     ཨ་མ་ལགས།  ད་ལྟ་རང་ང་རང་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་དུ་ཁྱེད་དང་ལྷན་དུ་ཁྱེད་ཀྱི་སྨོན་ཚིག་དེ་དག་ཉན་གྱིན་གནས་མུས་ཡིན། འདི་ལྟར་གློ་བུར་དུ་ངའི་སེམས་ཁམས་སྟོང་ལྷང་ངེར་གྱུར་དོན་ཅི། ལས་དབང་ལ་སྙིང་རྗེ་མེད་ཀྱང་། དཀོན་མཆོག་གིས་ཐུགས་རྗེས་གཟིགས་རོགས། ངས་ལག་ཟུང་སྙིང་གར་སྦྱར་ཏེ། ཁྱེད་ལ་གསོལ་བ་སྨོན་ལམ་འདེབས། ངའི་སྔས་མགོ་མཆི་མའི་རྒྱུན་གྱིས་བརླན་ཞིང་། ངོ་གདོང་གི་གདུང་བའི་གཉེར་རིས་རྣམས་མཆི་མས་ལན་ཅིག་བཀྲུས། ཨ་མའི་གཟུགས་རིས་ཀྱི་སྣང་བརྙན་འོད་རྡུལ་ཕྲ་མོ་བཞིན་མིག་ཟུང་ལ་ འཆར་སྐབས། ངས་ལག་ཟུང་གློག་ཀླད་དུ་འཐམ་སྟེ་ངའི་ཨ་མ་ཞེས་འབོད་ཀྱིན།  ཡི་གེ་འདི་དག་འབྲི་དུས་ཁོ་དང་ཁོ་མོ། ཁྱེད་དང་ཁོང་སོགས་མང་པོ་ཞིག་གིས་ཀྱང་ངའི་ཕྱོགས་བཞི་མཚམས་བརྒྱད་ནས་ཨ་མ་ཨ་མ་་་་་་་་ཞེས་འབོད་བཞིན་འདུག་པས། མི་ཡུལ་གྱི་གནམ་སའི་བར་ནས་ཨ་མ་ཞེས་པའི་འབོད་སྒྲ་འདི་འབྲུག་སྒྲ་བཞིན་གྲགས་བྱུང་། ཨ་མ་ལགས། ཁྱེད་ཀྱིས་གསན་བྱུང་ངམ།
                                                             ༼ཏ།༽
      ཨ་མ་ལགས།  ངའི་ལྷད་མེད་ཀྱི་དྭངས་གཙང་གི་སེམས་པ་དེ་གཟུགས་མེད་ཀྱི་དྲི་བཞོན་དང་འགྲོགས་བཞིན། མཁའ་དབྱིངས་ཀྱི་སྤྲིན་དཀར་ལ་བཞོན་ཏེ། ཁྱེད་ཀྱི་རྣམ་ཤེས་ཀྱི་རྒྱུན་དུ་འཐིམ་པར་འདོད། ཨ་མ་ལགས།  ངའི་ལུས་ཕུང་འདི་ཐང་དཀར་རྒོད་པོ་ཞིག་ཏུ་སྤྲུལ་ཏེ། དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་གི་ཐོག་སྟེང་དུ་བབས་ཏེ། ཁྱེད་དང་ལྷན་དུ་སྐྱིད་སྡུག་ལོ་ཟླའི་འདས་དོན་རྣམས་གླེང་འདོད་འདུག ཨ་མ་ལགས། ཁྱེད་ཀྱི་དྲན་གདུང་གི་སྤྱན་ཆབ་ཡར་ཀླུང་གཙང་པོའི་གཞུང་ལ་འདྲེས་པ་མ་ཡིན་ནམ། ངའི་མིག་ཟུང་ནས་མཆི་མ་གང་གཱའི་ཆུ་ཀླུང་དང་འདྲེས་ཏེ་ཨ་མའི་སྤྱན་ཆབ་དང་ལྷན་ཅིག་ཏུ་འདྲེས་ན་སྙམ། ཨ་མ་ལགས།  ང་དང་ང་འདྲ་བའི་བུ་ཕྲུག་རྣམས་ཀྱིས་ཁྱེད་རང་དྲན་བཞིན་ཡོད། དུས་ནམ་ཡང་ཁྱེད་ཀྱི་སྐུ་དྲིན་བརྗེད་མི་སྲིད། ཨ་མ་ལགས།  ང་ཚོ་ད་དུང་སྒུག་རོགས། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་མ་ལགས།

2011-01-15 བསེ་རུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།