དཔལ་དོན་འགྲུབ་རྒྱལ་རྗེས་སུ་དྲན་པ་དང་མི་རབས་ཤིག་གི"རིག་གནས་ཀྱི་དྲན་པ"གླེང་བ།

        "རིག་གནས་ཀྱི་དྲན་པ"ཞེས་པ་ནི་མི་རིགས་ཤིག་གི་འདས་པ་དང་ད་ལྟའི་ལོ་རྒྱུས་འཕེལ་འགྲིབ་ཀྱི་ཕྱིར་རྟོག་གི་དྲན་པ་ཞིག་ལ་ངོས་བཟུང་ཆོག་སྟེ།བརྡ་ཆད་གསར་བ་འདི་རྒྱ་ཡིག་གི་"文化记忆"ཞེས་པ་དེ་ཐད་ཀར་ཚུར་འགྱུར་བ་ཡིན།དཔལ་དོན་འགྲུབ་རྒྱལ་རྗེས་དྲན་བྱེད་པའི་ཉིན་མོ་འདིར་ང་ཚོར་དྲི་ཚིག་ཅིག་ལྷག་ཡོད།དེ་ནི་ང་ཚོས་ཅིའི་ཕྱིར་དཔལ་དོན་འགྲུབ་རྒྱལ་ལ་རྗེས་དྲན་བྱེད་དགོས་པ་ཡིན།དཔལ་དོན་འགྲུབ་རྒྱལ་གླེང་ཚེ་ངའི་ཕོ་བྲང་པོ་ཏྭ་ལ་དྲན་འོང་།སྐབས་འདིར་ཀློག་པ་པོའི་སེམས་ལ་དབང་མེད་དུ་དྲི་ཚིག་ཞིག་ལྡང་འོང་ངེས།དེ་ནི་དཔལ་དོན་འགྲུབ་རྒྱལ་དང་ཕོ་བྲང་པོ་ཏྭ་ལའི་བར་དུ་ཡང་སྙིང་འབྲེལ་བ་ཅི་ཞིག་ཡོད་དམ་ཞེས་པ་དེ་རེད།དོན་འགྲུབ་རྒྱལ་ནི་བོད་ཀྱི་ན་གཞོན་རྩོམ་པ་པོ་ཞིག་རེད་ལ་ལོ་ངོ་༢༥སྔོན་གྱི་དེ་རིང་སྟེ།༡༩༨༥ལོའི་ཟླ་༡༡པའི་ཚེས་༣༠ཉིན་མཚོ་སྔོན་ཆབ་ཆ་གྲོང་དུ་རང་སྲོག་བཅད་ནས་ཤི་སོང་།ཡང་གཅིག་བཤད་ན་དཔལ་དོན་འགྲུབ་རྒྱལ་ནི་རྩོམ་པ་པོ་ཞིག་ཡིན་པ་ཙམ་མ་ཡིན་པར་དུས་རབས་ཤིག་རེད།
ཕོ་བྲང་པོ་ཏྭ་ལ་ནི་ལོ༡༣༠༠ལྷག་གི་སྔོན་ལ་རྒྱལ་བོ་སྲོང་བཙན་སྒམ་པོས་སྒོམ་བསྒྲུབ་ཡུལ་དུ་བཞེངས་པ་དང་དུས་རབས༡༧པའི་སྨད་དུ་རྒྱལ་དབང་ལྔ་བའི་རིང་ལ་རྒྱ་བསྐྱེད་དེ་ད་ལྟ་ང་ཚོའི་མིག་མདུན་དུ་གྲོང་ངེར་འགྱིང་ཡོད།དེ་ནི་མེས་པོ་གོང་མས་མི་རབས་རྗེས་མར་བཞགས་པའི་དྲན་རྟེན་རྩ་ཆེན་ཞིག་རེད།རྩོམ་པ་པོ་ཁོང་ལ་རྗེས་དྲན་བྱེད་པ་དང་པོ་ཏྭ་ལར་བལྟ་རུ་འགྲོ་བ་ནི་མདོར་ན་མི་རབས་ཤིག་གི་"རིག་གནས་ཀྱི་དྲན་པ"སད་དུ་འཇུག་པའི་ཆེད་དུ་རེད།འདས་ཟིན་པ་ནི་དྲན་པའི་རྨང་རྡོ་ཡིན་ལ།དྲན་པ་ནི་བརྩེ་བ་ཡི་སྦྲེལ་ཐགས་ཡིན།མཚམས་འདིར་ངའི་བརྗོད་བྱ་རེ་ཞིག་བཏངས་ནས་གཏམ་རྒྱུད་ཅིག་བཤད།

  ཐེ་ཝན་གྱི་རྩོམ་པ་པོ་ལུང་ཡིན་ཐའེ་ལགས་དགུང་ལོ་བརྒྱད་ཅུར་སོན་ཡོད་པའི་འཇར་མིན་གྱི་རྒད་པོ་ཨྭ་ཧྥུ་རའེ་དང་འགྲོགས་ནས་ཁོང་ཚང་ལ་མགྲོན་དུ་སོང་།ཁྱིམ་དུ་ཐོན་ལ་ཉེ་དུས་ཨྭ་ཧྥུ་རའེ་ཡིས་ཁང་རྙིང་ཐོག་བརྩེགས་ཅན་ཞིག་གི་སུམ་ཐོག་གི་སྒེའུ་ཁུང་ཞིག་བསྟན་དེ།ཁང་བ་གན་ནི་ང་སྐྱེས་ས་ཡིན་ལ་ངའི་ཨ་མ་ཡང་ཁང་བ་གན་ནང་དུ་སྐྱེས་པ་ཡིན་ཟེར།ཁང་བའི་རྩར་ཐོན་མ་ཐག་རྒད་པོས་སླར་དུ་ཁང་བའི་འགྲམ་ངོས་ཀྱི་རྩིགས་པའི་སྟེང་གི་གྱོ་མོ་རྐོ་དུང་ཅན་ཞིག་བསྟན་ནས་བཤད་རྒྱུར།ང་ལོ་ན་གསུམ་བཞིའི་སྐབས་སུ།ཞོགས་པ་རེ་རེར་ཨ་ཕས་ངར་ལག་འཇུ་བྱས་ཏེ་ཁང་འདབས་བརྒྱུད་ནས་འཆམ་འཆམ་དུ་འགྲོ་བ་ཡིན།ཐེངས་རེར་རྩིགས་པའི་སྟེང་གི་རྐོ་དུང་གི་ཉེ་སར་སླེབས་ལ་ཡོད་དུས་ཨ་ཕ་མར་བསྡད་དེ་བྱམས་བརྩེའི་ངང་ང་ལ་ཁྱོད་སོང་ལ་ལྟོས་དང་།རྐོ་དུང་ནང་ན་ཅི་ཞིག་འདུག་ཟེར།ང་རང་དགའ་ལྷང་ལྷང་དུ་བརྒྱུགས་ནས་རྐོ་དུང་ནང་དུ་བསྙབ་ཚེ་ནང་དུ་ཀ་ར་ཞིག་གམ་བ་དམ་རེ་རྒྱུན་དུ་ཡོད་པས།དགའ་བ་དང་མཚར་སྣང་དུས་གཅིག་ལ་སྐྱེས་འོང་།འདི་ལྟར་ལོ་ལྔ་དྲུག་ལ་སོན་སྐབས་ངའི་ད་གཟོད་ཀ་ར་དེ་དག་རྐོ་དུང་ནང་དུ་རང་འགར་སྐྱེས་པ་མིན་པ་རྟོགས།ཡིན་ནའང་།ད་ལྟ་ངའི་ཚ་བོས་དེ་དག་རྐོ་དུང་དུ་སྐྱེས་པ་ཡིན་པར་ཡིད་ཆེས་བྱེད་ཀྱིན་འདུག ངའི་དུས་རྒྱུན་རྐོ་དུང་འདིར་བྱིལ་བྱིལ་བྱས་ཚེ་ཨ་ཕའི་བྱ་བྱེད་སོགས་སེམས་ངོས་ལ་བརྙན་རིས་བཞིན་ཤར་འོང་ཟེར།   ཁང་བའི་ལྟག་རྒྱབ་ཏུ་ཁོ་ཚང་གི་དུར་ས་ཡོད་པ་དང་།དུར་རྡོ་གསུམ་བསླེངས་ནས་འདུག་པའི་གཅིག་གི་སྟེང་དུ་ཁོའི་ཨ་ཕའི་མིང་དང་གཅིག་གི་སྟེང་དུ་ཨ་མའི་མིང་བྲིས་ཡོད།སྟེང་ལ་ཅི་ཡང་བྲིས་མེད་པའི་དུར་རྡོ་གཞན་པ་དེ་ནི་ཁོའི་རང་ཉིད་ལ་གྲ་སྒྲིགས་བྱས་པ་ཡིན་ཟེར།
དོན་འགྲུབ་རྒྱལ་ལ་རྗེས་དྲན་བྱེད་པ་ནི་རྒད་པོ་ཨྭ་ཧྥུ་རའེ་ཡིས་རྩིགས་ངོས་ཀྱི"རྐོ་དུང"ལ་བྱིལ་བྱིལ་བྱེད་པ་དང་གཅིག་རེད།ང་ཚོའི་འང་རང་གི་ཁུ་བོ་ཞིག་ཕྱིར་དྲན་བྱས་པ་རེད།ཁུ་བོར་ཕྱིར་དྲན་བྱས་ཚེ་ད་གཟོད་ཁོའི་བཤད་མྱོང་བའི་སྐད་ཆ་དང་བཤད་མ་མྱོང་བའི་སྐད་ཆ་དག་དྲན་ཡོང་བ་དང་།ཁོང་གི་སྙིང་སྙོབས་དང་ཁོང་རང་འཚོ་བཞུགས་གནང་དུས་ཀྱི་སྤྱི་ཚོགས་གནས་བབས་སོགས་རེ་རེ་ནས་དྲན་པའི་སྣང་ངོར་བརྙན་རིས་བཞིན་འཆར་ཡོང་ངེས།  འདས་པའི་ལོ་རྒྱུས་སྟེང་ཁོང་ལྟ་བུའི་མི་ཕོ་སྙིང་སྟོབས་ཅན།ཤེས་རབ་ཅན་བྱུང་མྱོང་ཡོད་པ་དྲན་ཚེ་ད་གཟོད་དེ་རིང་གི་ང་ཚོར་ཅི་ཞིག་ཆད་ཡོད་པ་དང་སང་ཉིན་གྱི་ང་ཚོས་ཅི་ཞིག་འཚོལ་དགོས་པ་རྟོགས་ཡོང་ངེས་ཡིན། 

ཕོ་བྲང་པོ་ཏྭ་ལར་བལྟ་རུ་འགྲོ་བའང་དེ་ལས་མ་འདས་ཏེ།པོ་ཏྭ་ལར་བལྟས་ཚེ་ང་ཚོའི་ད་གཟོད་རང་ཉིད་ཀྱི་མེས་པོ་ནས་ས་སྒང་འདིར་བདག་པོ་བརྒྱབ་ནས་འཚོ་སྡོད་བྱས་མྱོང་བ་ལ་ཡིད་ཆེས་ཡོང་བ་དང་།ཡབ་མེས་དག་གི་ཤེས་རབ་དང་བརྩོན་འགྲུས།ཕོ་བྲང་ནང་དུ་བྱུང་བའི་གཏམ་རྒྱུད་སོགས་དྲན་པའི་ངོས་སུ་བརྙན་རིས་བཞིན་ཤར་ཡོང་ཚེ་ང་ཚོའི་རང་ཉིད་སྔ་མོ་ནས་དྭ་ཕྲུག་མ་ཡིན་པར་རང་ཉིད་ལའང་འདས་ཟིན་པ་ཡོད་པ་དང་སྦོམ་ཞིང་སྟུག་པའི་རྩད་པ་ཞིག་ཡོད་པ་རྟོགས་འོང་ངེས་ཡིན། རྩིགས་པའི་ངོས་ཀྱི་"རྐོ་དུང"ནི་རྒད་པོ་ཨྭ་ཧྥུ་རའེ་ཡི་དྲན་པ་ཡིན་ན།ཕོ་བྲང་པོ་ཏ་ལ་ནི་བོད་མི་རིགས་ཀྱི་"རྐོ་དུང"རེད།

  དབྱར་གནང་གི་སྐབས་སུ་ང་རང་ཕྱིར་མ་ཡུམ་སློབ་གྲྭ་སྟེ་དཔལ་དོན་འགྲུབ་རྒྱལ་ཁོང་ཡང་སྡོད་མྱོང་སའི་མཚོ་ལྷོ་ཁུལ་མི་རིགས་སློབ་འབྲིང་ལ་ལྟ་རུ་སོང་།ལོ་ངོ་གསུམ་གྱི་རིང་ལ་མ་ཡུམ་བཞིན་འདྲིས་པའི་སློབ་གྲྭ་དེར་གསར་དུ་འཛུགས་བསྐྲུན་བྱས་ཏེ་ཕྱི་ནང་བསློགས་འདུག སྔོན་ཆད་འགྲོ་མྱོང་བའི་ལམ་ཞིག་བཙན་ནས་མི་རྙེད།སྔོན་ཆད་བསྡད་མྱོང་བའི་གྲུ་ཟུར་ཞིག་བཙལ་ནས་མི་རྙེད།ཡང་ན་སྔོན་ཆད་དཔེ་ཆ་ལྟ་སའི་ན་གཞོན་སྡོང་རྭའང་གར་སོང་ཆ་མེད་རེད།མིག་མདུན་གྱི་ཆ་མེད་རྒྱུས་མེད་ཀྱི་ཁང་བརྩེགས་དག་ལ་བལྟ་བཞིན་གློ་བུར་དུ་འཇིགས་སྣང་ཞིག་རྩ་ལམ་དུ་ཁྱབ་འོང་།དྲན་པ་མེད་པ་ནི་ཅི་འདྲའི་འཇིགས་ཡེར་བ་ཞིག་རེད་ཨང་། ངའི་སྔོན་ཆད་ཀྱི་དགེ་རྒན་དག་དྲན་མི་ཡོང་ལ།སྔོན་ཆད་ཀྱི་སློབ་གྲོགས་ཚོའང་དྲན་མི་ཡོང་།ང་དང་སློབ་གྲོགས་ཚོའི་གནས་འདི་རུ་ལོ་གསུམ་གྱི་རིང་ལ་སྐྱིད་སྡུག་མཉམ་མྱོང་བྱས་པ་ཡིན་ཟེར་ན་རྣར་མི་འགྲོ་བ་ཞིག་རེད།ངའི་འཛུགས་སྐྲུན་ལ་ངོ་རྒོལ་བྱེད་པ་མིན་མོད།སྔོན་ཆད་ཀྱི་རྗེས་ཤུལ་ཕྲ་མོ་ཙམ་ཡང་མི་སྐྱུར་བ་འདི་ནི་ཅི་འདྲའི་བློ་ཡུད་ལས་འགོངས་པ་ཞིག་རེད་ཨང་།
མི་རིགས་འདི་མ་གཞི་ནས་བརྗེད་ངེས་ལ་དགའ་བའི་མི་རིགས་ཤིག་རེད།མི་ཞིག་ཚེ་ལས་འདས་རྗེས་ཤི་བོའི་མིང་ནས་འབོད་མི་ཆོག་པ་ནི་དཔེ་གཞི་གསོན་པོ་ཞིག་རེད།བཙན་གྱིས་"དགའ་ལྡན་པོ"འི་་མིང་བརྗེད་དུ་འཇུག་པ་དང་།
"དགའ་ལྡན་པོ"འི་་མིང་བརྗེད་པ་དང་མཉམ་དུ"དགའ་ལྡན་པོ"་དང་འབྲེལ་བ་ཡོད་པའི་དོན་དག་ཐམས་ཅད་བརྗེད་ངེས་ཡིན།དྲན་པ་ཡོད་ཚད་ཐིགས་ལེ་རུ་བཏངས་ནས་བརྩེ་བ་ཡི་སྦྲེལ་ཐག་དུམ་སེ་བཅད་ཚེ་ང་ཚོ་ལ་འདས་ཟིན་པ་ཞིག་གང་ན་ཡོད།དྲན་པ་ཞིག་གང་ན་ཡོད།འདས་ཟིན་པ་མེད་ཚེ་ང་ཚོ་ལ་དབང་བའི་ད་ལྟའི་སྙིང་བོ་གང་ན་ཡོད།ད་ལྟ་མེད་ཚེ་མ་འོངས་པའི་འཚོལ་སྙེགས་ཀྱི་གོམ་པ་གང་ཞིག་ནས་མགོ་རྩོམ་དགོས་སམ།
དཔལ་དོན་འགྲུབ་རྒྱལ་གྱིས་ཟླ་བ་བློ་གྲོས་ལ་བསྐུར་བའི་འཕྲིན་ཞིག་གི་ནང་དུ།ཁོ་བོ་ནི་སྟོད་སྨད་ཀྱི་འབེན་དུ་གྱུར་ཀྱང་རུང་གིས་དེ་དག་གི་ལྡོག་ཟླར་མཐའ་གཅིག་ཏུ་ལངས་རྩིས་ཡོད་ཅེས་པའི་དེ་དག་སྟེ་ཁ་ནས་གཞན་དོན་སྒྲོགས་ཅིང་དོན་དུ་རང་དོན་ལ་འབད་པའི་གདོང་འབག་གྱོན་པའི་ཚིལ་མཆིས་ཀྱི་མི་དག་གི་སྟེང་ལ་ཁོང་ཡང་རྒྱུ་འབྲས་ཀྱིས་བསླང་བའི་ཁོང་ཁྲོ་སྐྱེས་ཡོད་པ་ཤེས་སླ་ལ།ཨ་ལག་དོར་ཞིའི་ཕྱིར་དྲན་གྱི་ནང་དུ་འང་ཁོང་གིས།མཁས་པ་རྒན་པ་སྐོར་ཞིག་རང་གི་སྐྱེ་བ་ཕྱི་མ་དང་།ཆོས་ལུགས་ཁོ་ན་གཙིགས་སུ་བཟུང་ནས་སྤྱི་ཚོགས་སྟེང་དུ་རིག་གནས་སྤེལ་བ་སོགས་ལ་མཐོང་ཆེན་མི་བྱེད་ཟེར?ནས་ལབ་གླེང་བྱས་པ་སོགས་ལས་ཁོང་གི་ལངས་ཕྱོགས་དང་དྲང་གཏམ་བཤད་པར་དགའ་བའི་སྙིང་སྟོབས་ཡང་མཐོང་འོང་།འོ་ན་རྩོམ་པ་པོ་ཁོང་གི་ཚེ་སྲོག་ཅིའི་ཕྱིར་ཤོར་སོང་བ་ཡིན་ནམ།
   ༡༩༧༤ལོར་རྒྱལ་ཁབ་ལ་ངོ་ལོག་པའི་ཉེས་མིང་བཀལ་དེ་རྒྱང་ཕུད་དུ་བཏངས་པའི་ཨུ་རུ་སུའི་རྩོམ་པ་པོ་སའོ་འར་རྭི་ནའེ་ཆིན་ལགས་༡༩༩༤ལོར་ཙུང་ཐུང་གསར་བ་ཡེ་ལུ་ཆིན་གྱིས་ཕྱིར་མེས་རྒྱལ་དུ་གདན་དྲངས།ལོ་༢༠ལྷག་ལ་ཕ་ཡུལ་དང་བྲལ་བའི་རྩོམ་པོ་ཁོང་གནམ་གྲུ་ནས་བབས་མ་ཐགབློ་ཡིད་ལས་འདས་པ་ཞིག་ལ་གློ་བུར་དུ་ས་ལ་བསྣར་དེ་ལག་པ་ཟུང་གིས་ཕ་ཡུལ་གྱི་ས་རྡོ་དག་ལ་བྱིལ་བྱིལ་བྱེད་བཞིན།སྐྱོ་སྣང་གིས།ང་འདིར་འོང་ནས་ས་གཞི་འདིར་དྲན་གདུང་དང་རྗེས་དྲན་བྱེད།སུའུ་ལེན་གྱི་མི་ཁྲི་སྟོང་མང་པོ་སྔོན་ཆད་འདི་རུ་རྐྱེན་ལམ་དུ་ཤོར།འདི་རུ་སྦས་ཡོད།དེ་རིང་གི་ཨུ་རུ་སའི་ཆབ་སྲིད་འཕོ་འགྱུར་གྱི་དུས་སྐབས་སུ། མི་མང་མང་གིས་འདས་ཟིན་པའི་གནོད་ཐེབས་པ་ཁོང་ཚོ་བརྗེད་སླ་བར་འདུག་གསུངས།ཅི་ཡང་བརྗེད་སླ་བའི་དུས་རབས་འདིའི་ནང་དུ་ཅི་ཡང་བརྗེད་པར་དགའ་བའི་མི་རབས་འདིས།ཁྱོད་ཀྱིས་སྲོང་བཙན་སྒམ་པོ་ཤེས་སམ་ཟེར་ན།མི་ཤེས་ཟེར།འོ་ན་མགར་སྟོང་བཙན།འུ་དམ་བཙན་པོ།དགེ་འདུན་ཆོས་འཕེལ།དོན་འགྲུབ་རྒྱལ།མྱང་ཚ་དཀར་རྒྱན།ལུང་ཤར་རྡོ་རྗེ་ཚེ་རྒྱལ།གེ་སར་རྒྱལ་བོ།ཞེས་གང་བྱུང་དུ་དྲིས་ཚེ།ལན་གཅིག་པ་བཏབས་ཡོང་།དེ་ནི་མི་ཤེས་ཟེར་བ་དེ་རེད།ལ་ལས་གོ་མྱོང་ཞིག་རེད་ཟེར།མི་རབས་ཤིག་གི་རིག་གནས་ཀྱི་དྲན་པ་འདི་ལྟར་འཐོར་ནས་ཞུགས།ཆགས་ནས་གས།ཐེད་ནས་རལ།རེ་རེ་ནས་དྲན་མེད་དུ་བརྒྱལ་སོང་བ་ལྟ་བུ་འདུག་པས།སྔངས་ཞིང་སྐྲག་པ་ཞིག་ལ་དེ་རིང་གི་ང་ཚོ་མ་འོངས་པར་ལམ་གང་ཞིག་ལ་ཆས་རྒྱུ་ཡིན་ནམ།

    དེ་རིང་ང་ཚོས་དཔལ་དོན་འགྲུབ་རྒྱལ་ལ་རྗེས་དྲན་བྱེད།ང་ཚོས་ཕ་མེས་ཀྱིས་བཞགས་པའི་"རྐོ་དུང"དག་ལ་ལག་ཟུང་གིས་བྱིལ་བྱིལ་བྱས་ཏེ་མི་རབས་ཤིག་གི་རིག་གནས་ཀྱི་རྩད་པ་འཚོལ།"རིག་གནས་ཀྱི་དྲན་པ"རྨང་ནས་སད་པར་བྱས་ཏེ་ད་ལྟའི་ལངས་ཕྱོགས་དང་མ་འོངས་བར་སྙེགས་པར་བྱེད།འདས་ཟིན་པ་མེད་ཚེ་ད་ལྟ་ལ་སྙིང་བོ་མེད་ཅིང་མ་འོངས་པའི་ཁ་ཕྱོགས་དེ་བས་ཀྱང་ཡོད་མི་སྲིད་དོ།།
                                  ༢༠༡༠ལོའི་ཟླ༡༡པའི་ཚེས༢༣ལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔལ་དོན་འགྲུབ་རྒྱལ་རྗེས་སུ་དྲན་པ་དང་མི་རབས་ཤིག་གི"རིག་གནས་ཀྱི་དྲན་པ"གླེང་བ།

2010-12-28 གླག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།