སེམས་ཚོར་བསྟར་མ།

                                            ༡རྩོམ་ཁ་ཤོར་བ།
གནའ་སྔ་མོ་སྔ་མོ་ཞིག་ལ།ང་རང་སྒྱུ་རྩལ་གྱི་གླུ་དབྱངས་གཏོང་བར་ཧ་ཅང་དགའ་མོད།ང་ལ་འོན་ལྐུག་གི་ནང་མ་སྤྲོ་སྐྱིད་ཁང་འདི་ལས་མེད་པས།དུས་དེང་སང་དེང་སང་འདི་ལ།ངས་རང་གི་སྐད་གསེང་ཅི་ཡོད་ཀྱིས་ཀི་བསོ་འཐེན་གྱིན་ཡོད།
                                          ༢ཆུ་མོ་བཞུར་པ།
ངས་རང་ཉིད་ས་ཆེན་པོའི་ཟུངས་ཁྲག་ཏུ་སྙམ་ནས།རྩ་ལམ་ཡོད་ཚད་དུ་ལྷོད་ཀྱིས་རྒྱུ་བར་བྱས་ནའང།ད་དུང་ངའི་རྒྱབ་ལོག་ཏུ་ཤུར་སྒྲ་རྫོབ་པོ་ཞིག་ཤུགས་ཀྱིས་སྒྲོག་ཡོང་།ད་དུང་ངའི་མདུན་ལམ་དུ་རི་ངོས་གཟར་བོ་ཞིག་བཙན་གྱིས་བབས་ཡོང་།
                                        ༣གློག་གཟིམ་པ།
གློག་གི་མཛེས་སྡུག་དང་གློག་གི་དྲ་མར་གོམས་དྲག་པས།ངའི་སེམས་པའང་གློག་གི་ཉེ་སར་འབུས་སྐོང་བྱས་འདུགཚོར་ཤེས་ཀྱིས་ཟིན་ལ་མ་ཟིན་པའི་བསམ་གཞིག་གཏགས་གཞོང་དུ་སྒྲིག་དུས།ལན་རེར་ཚོད་ཚོད་དུགློག་སྒོ་གཟིམ་པས་ང་ཡང་གཟིམ་པར་བྱེད་དོ།ཁུ་སིམ་སིམ་གྱི་ཉིན་ཕྱེད་ལོ་ལས་རིང་བར་འགྱུར་རོ་།།
                                     ༤གྲོགས་པོ་ཚོ།
ཝུ་ཆང་གི་མངར་ཁར་འཐམ་པའི་བརྩེ་དུང་གི་བཟི་ཁར་འབྱར་པའི་བདུད་རྩི་མ་བཞེས་གོང་ནས་ཚོར་པ་སྦྲིད་པར་གྱུར་པའི་ངའི་གྲོགས་པོ་ཚོ།མཚམས་མཚམས་སུ་སྙན་ངག་དང་བཀའ་ཁྲི།སྤྱི་འཐུས་དང་གངས་སྐྱིད་འཐུང་དུས་མང་མང་ཞིག་
གི་མགོ་བོ་གཟེར་ཞིང་སྙིང་ན་ནས་ངུས་འགྲོ  ཡང་ལན་རེར་རང་ལུས་འདི་སྔོན་ནས་གཅེར་ཐུད་དུ་འོངས་བས་ད་ལྟའང་ཁོང་ཚོ་གཅེར་ཐུད་དུ་ཅི་ནུས་ཀྱིས་འགྲོ་བར་བྱའོ་ཟེར།
                                 ༥རྡ་ས་རུ།
ཆར་སྨུག་དང་སྐར་མདའི་རོགས་འདེགས་བར་ནས།ཁྱོད་ཀྱིས་ཅི་བྱས་ཀྱང་དཀོན་མཆོག་ཡིན་ལ།ཉི་ཟེར་དང་མིག་འདུན་ཡོངས་སུ་བཀབས་དུས།ཁྱོད་ཀྱི་ཕྱི་ཚུལ་ཙམ་གྱིས་གདོན་འདྲེར་འགོད་ངེས།རྫུན་གྱིས་ངོ་སྟོད་བྱས་པ་ལྷ་རུ་བཀུར་ཞིང་།བདེན་པ་གདོང་ལ་བཞག་ན་འདྲེ་རུ་བསྒྱུར་རོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཚོར་བསྟར་མ།

2010-12-03 སྤྱན་ཆབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།