ཉིན་ཐོ་དམིགས་བསལ་བ་ཞིག

        ————————ཀུན་གཟིགས་པཎ་ཆེན་མཆོག་རྗེས་དྲན་དུ།
   སྤྱི་ལོ༢༠༠༩ལོའི་ཟླ༡པའི་ཚེས༢༨ཉིན།  གཟའ་པ་སངས།  གནམ་འཐིབས་པ།
                ༡
“པཎ་ཆེན་ལགས་རིན་པོ་ཆེ།  ན་ནིང་ཐང་དཀར་རྒོད་པོ་ཞིག  སྤྲིན་གྱི་བང་རིམ་གཏོལ་ནས…… ¡”
    སྙན་ཞིང་འཇེབས་ལ་བརྩེ་དུང་གིས་ཁེངས་པའི་གླུ་སྐད་ཅིག་ངའི་མངོན་སུམ་དང་རྨི་ལམ་འདྲེས་མའི་འཇིག་རྟེན་དུ་འཛུལ་བྱུང་བས། སྨག་རུམ་དང་གཏི་མུག་གི་ཡོལ་བ་དལ་གྱིས་ཕྱེས་སོང་། ལྗིད་ཏིག་ཏིག་གི་མགོ་བོ་ཤུགས་ཀྱིས་བཏེགས་ནས་ཕར་ལ་བལྟས་ཚེ། པཎ་ཆེན་མཆོག་གི་ཕ་ཡུལ་བུས་མདོ་ནས་འོང་པའི་སློབ་གྲོགས་དར་རྒྱས་ཀྱི་ཁ་པར་ལས་ཅོང་བརྡ་གྲགས་པ་ཡིན་འདུག བརྩེ་དུང་གིས་ཁེངས་པའི་དྲན་གླུ་འདིའི་དབྱངས་རྟའི་ཁྲོད་ནས་ངའི་མིག་ཟུང་གི་མདའ་མོ་རང་དབང་མེད་པར་ཉལ་ཁང་གྱང་ལྡེབས་ཀྱི་ལྕགས་རི་དང་མཆོད་བཤམས་ཅི་ཡང་མེད་པའི་མཆོད་ཁང་ཆུང་ཆུང་དེའི་སྟེང་དུ་བབས་སོང་། ཀ་རགས་བྱུགས་པའི་གྱང་ལྡེབས་སུ་རྗེ་ཙོང་ཁ་བ་དང་པཎ་ཆེན་མཆོག་གི་སྐུ་པར་མཉམ་དུ་བཞུགས་པའི་སྟེང་དུ་ཁ་བཏགས་དུང་འདྲ་བ་ཞིག་འཐེན་ཡོད།སྤྱིར་བོད་མི་རིགས་ཀྱིས་གྲངས་ཀ་གསུམ་ནི་བཀྲ་ཤིས་པའི་རྟགས་མཚན་ཞིག་ཏུ་བརྩི་བ་ཡིན་མོད།རྒྱལ་ས་པེ་ཅིན་འདིར་སྐུ་འདྲ་བཙོང་རྒྱུ་ཡང་མེད་པས་གནས་སྐབས་སུ་སྐུ་དེ་གཉིས་བཞུགས་ནས་བསྐྱུར་བ་ཡིན།
    ཅོང་བརྡ་ནི་ཉལ་ཁང་འདིར་ནམ་རྒྱུན་དུ་གྲགས་ཀྱིན་ཡོད་ཀྱང་སྲིད་མོད། གཏི་མུག་གཉིད་ལ་དགའ་བའི་ང་ལ་མཚོན་ན་སློབ་མགོ་ཚུགས་པ་ནས་ད་ལྟའི་བར་ཅོང་བརྡ་ཐེངས་འགའ་ཤས་ལས་གོ་མ་མྱོང་ལ། གོ་ནས་ཡར་ལངས་པ་ཡང་ཐེངས་དང་པོ་ཡིན། སློབ་གྲོགས་དར་རྒྱས་ཀྱིས་གདོང་བཀྲུས་ཤིང་ཕ་ཡུལ་ནས་འཁྱེར་འོང་པའི་བདུག་སྤོས་བདུག་ཞོར་དུ་སློབ་གྲོགས་ཚོ་བོས། དགོད་ཁ་སློངས་པར་དགའ་བའི་ཉི་མས་གོན་པ་གྱོན་ཞོར་དུ། རང་ཉིད་ནམ་རྒྱུན་གྱི་གཉིད་མཁན་མིང་ཅན་དེ་མིན་པ་ལྟར། “ཟླ་བའི་འོད་ཀྱིས་མུན་པ་སེལ། ཉི་མའི་འོད་ཀྱིས་ས་གཞི་དྲོས་ཞེས་པ་ལྟར་ཁོང་པཎ་ཆེན་མཆོག་གི་སྐུ་དྲིན་གྱིས་ང་ཚོར་དེ་རིང་འདི་ནས་རང་མི་རིགས་ཀྱི་སྐད་ཡིག་སྦྱོང་བའི་གོ་སྐབས་བྱུང་བ་མ་ཡིན་ནམ།  ཁྱོད་ཚོར་འདི་འདྲའི་དྲིན་ལན་ལོག་འཇལ་བྱ་རྒྱུ་ཞིག་ཇི་ལྟར་ལོབས་པ་ཡིན”ཞེས་ཀུ་རེ་རྩེས་པས། སློབ་གྲོགས་ཚོ་གཅིག་རྗེས་གཉིས་མཐུད་དུ་ཡར་ལངས་ལ་རང་རང་ས་ནས་ཁ་འདོན་གསོལ་འདེབས་རེ་བྱས་རྗེས་སློབ་སྦྱོང་བྱེད་དུ་སོང་།
                                       ༢
     དེ་རིང་ང་ཚོ་ལངས་ཅུང་སྔ་བས་སློབ་ཁྲིད་འཚོགས་པར་ད་དུང་དུས་ཡུན་རིང་ཙམ་འདུག ངས་སློབ་གྲོགས་ཚོའི་དཔེ་ཀློག་གི་དབྱངས་རྟ་བཤགས་ནས་ནམ་རྒྱུན་གྱི་འདུག་སར་ཕྱིན་ཚེ། སློབ་གྲོགས་བསོད་མཚོ་སྔ་མོ་ནས་སླེབས་ཏེ་སྐྱོར་ཀློག་བྱེད་ཀྱིན་འདུག
      བསོད་མཚོ་ནི་ང་ཚོའི་འཛིན་གྲྭ་ལས་སྐད་ཡིག་གི་ཆུ་ཚད་ལེགས་ཤོས་ཀྱི་སློབ་གྲོགས་ཤིག་ཡིན་ལ་ནམ་རྒྱུན་ང་ལ་སྐད་ཡིག་གི་ཐད་ནས་རོགས་སྐྱོར་མང་པོ་བྱེད་ཀྱིན་ཡོད། ཁོ་མོ་ནི་ངའི་སློབ་ཆེན་འཚོ་བའི་ཁྲོད་ཆེས་ཁ་དགའ་ས་དང་བློ་མཐུན་སའི་གྲོགས་པོ་ཞིག་ཡིན།  ངས་གཏམ་སྣ་སློང་ཕྱིར་བསོད་མཚོ་ལ།  “ཁྱོད་ཀྱི་སྐད་ཡིག་གི་ཆུ་ཚད་ལེགས་པོ་ཡོད་པའི་ཁར་ཧུར་བརྩོན་ཆེན་པོ་སྐྱེད་ཀྱིན་འདུག་པས་མ་འོངས་པར་གྲོང་ཁྱེར་ཆེན་པོ་ཞིག་ནས་འཚོ་བ་རོལ་ཐུབ་རྒྱུ་རེད།  དེ་དུས་ང་ཚོ་བརྗེད་མི་རུང་ཨ།   ང་ཚོ་བོང་བུ་འདི་ཚོ་ཡང་རྟ་རྒན་གྱི་དྲིན་ལ་དབུས་སུ་འགྲོ་ན་འདོད་ཀི”ཞེས་ཀུ་རེའི་ཚུལ་དུ་བཤད།  ཁོ་མོས་ངའི་སྐད་ཆར་དེ་འདྲའི་དོ་སྣང་མི་བྱེད་པར།  “ཁྱོས་བསྟོད་རྒྱུ་མང་ཐལ། ངས་ཁྱོད་ཚོའི་རེ་བ་སྟོང་ཟད་ལ་གཏོང་རྒྱུ་རེད”ཟེར་ཞིང་མུ་མཐུད་དུ་དཔེ་ཆ་ཀློག་པས།  ངས་ཡང་དཔེ་ཆ་ལེན་ཞོར་དུ་ཁོ་མོར།“ཁྱེད་ཀྱིས་རྟ་བོ་ཁེར་རྒྱུགས་བྱ་ན་འདོད་ཡོད་པ་འདྲ།  འོན་ཀྱང་ཁྱོད་ཀྱིས་རྟ་གཅིག་མགྱོགས་ཀྱང་ལ་མི་ཆོད། མི་གཅིག་དཔའ་ཡང་དགྲ་མི་ཐུབ་ཟེར་བ་གོ་མ་མྱོང་ངམ”ཞེས་བཤད་པར། ཁོ་མོས་དཔེ་ཆ་ཀློག་མཚམས་བཞག་ཅིང་ཅུང་ཙམ་ལྷིང་འཇགས་སུབ་བསྡད་རྗེས།“དོན་ངོ་མར་ངའི་སློབ་འབྲིང་གི་དགེ་རྒན་ལྟར་རང་ཉིད་ཀྱི་ཁེ་ཕན་ཆུང་ཆུང་སྐྱུར་ཏེ་ཕྱིར་གྲོང་གསེབ་ཏུ་སོང་ནས་དགེ་རྒན་གྱི་བྱ་བ་བྱས་ན་འདོད་ཡོད”ཟེར།   ངའི་ཤེས་འདོད་ཆེ་རུ་ཕྱིན་ནས་ཁྱོད་ཚོའི་དགེ་རྒན་སུ་ཞིག་ཡིན་ཞེས་དྲིས།“ང་ཚོའི་དགི་རྒན་གྱི་མིང་ལ་དོན་གྲུབ་ཟེར་ཞིང་།ང་ཚོའི་ཁུལ་ཡོངས་ལས་བོད་སྐད་ཡིག་གི་ཆུ་ཚད་ཆེས་ལེགས་ཤོས་ཞིག་ཡིན། ཁོང་དང་ཁོང་འདྲ་བའི་ན་གཞོན་ཁ་ཤས་ལ་སྔོན་ཆད་པཎ་ཆེན་མཆོག་གིས་གྲོང་གསེབ་ཏུ་འགྲོ་དགོས་ཞེས་ཡང་ཡང་གདམས་ཡོད་པས།  ཁོས་སྙན་གྲགས་དང་རྒྱུ་ནོར་མང་པོ་ཞིག་སྣང་མེད་དུ་བཞག་ནས་སྔར་བཞིན་ཆ་རྐྱེན་ཐབས་སྡུག་ཡིན་པའི་གྲོང་གསེབ་ཏུ་ནངས་སྔ་ལངས་དང་དགོང་ཕྱི་ཉལ་ཀྱིས་སློབ་ཕྲུག་ཚོར་ཤེས་ཡོན་སློབ་ཀྱིན་ཡོད”ཟེར་བས།   ང་ནི་རང་དབང་མེད་པར་ངོ་ཚ་ཞིང་ཁ་སྐྱེངས་པར་གྱུར།  རྒྱུ་མཚན་ནི། ང་ཚོས་ནམ་རྒྱུན་དུ་ཉལ་ཁང་ནས་སུ་ཞིག་གྲོང་ཁྱེར་གང་ཞིག་ན་ཡོད་པ་དང་སུ་ཞིག་གྲོང་གསེབ་གང་ཞིག་ན་ལུས་ཡོད་ཚུལ་གླེང་བ་དང་།  རང་ཉིད་མ་འོངས་པར་གྲོང་ཁྱེར་གང་ཞིག་ནས་འདུག་ཐུབ་པར་རེ་བ་བྱེད་པ་ལས་བདག་པས་གཞན་གཅེས་ཀྱི་བསམ་པ་བཅངས་ནས་གྲོང་གསེབ་དང་འབྲོག་ཁུལ་གྱི་སློབ་ཕྲུག་ཚོར་ཕན་འདོགས་རྒྱུ་ཞིག་ཕལ་ཆེར་དྲན་མ་མྱོང་བ་འདྲ། མཚོ་མོས་པཎ་ཆེན་མཆོག་དང་དགེ་རྒན་དག་གི་སྐུ་དྲིན་ལས་ཕ་ཡུལ་གྱི་ལས་བྱེད་པ་དང་སློབ་མ་ཚོའི་སྐད་ཡིག་གི་ཆུ་ཚད་ལེགས་པོ་ཡོད་ཚུལ་སོགས་གླེང་བྱུང་། ངས་མུ་མཐུད་དུ་ཉན་ན་འདོད་མོད། སློབ་ཁྲིད་འཚོགས་སོང་བས་གླེང་མཚམས་མི་འཇོག་ཐབས་མེད་བྱུང་སོང་། སྐབས་དེར་ངའི་སེམས་ལ་གང་ཞིག་གསེར་གྱི་རི་ལ་གནས་བཅལ་ན།  དེ་ཡི་རི་དྭགས་ཐམས་ཅད་གསེར་དུ་འགྱུར་ཟེར་བ་ཅི་མ་བདེན་སྙམ།
                                              ༣
     དགོང་དྲོའི་དུས་སུ་ང་རང་ཕྱི་རོལ་ནས་ཅུང་འགོར་བས།  ཉལ་ཁང་དུ་སླེབས་དུས་སློབ་གྲོགས་ཕལ་ཆེ་བ་སྐོར་བྲོ་འཁྲབ་ཏུ་སོང་ཚར་འདུག  ངས་བོད་ལྭ་ལེན་རྩིས་བྱེད་པའི་སྐབས་སུ་ཉི་མས་རིག་ནས“ཁྱོད་ཀྱིས་བོད་སྐད་བཤད་མི་འདོད་ན་མ་བཤད་ཀྱང་ཆོག  བོད་ལྭ་གྱོན་མི་འདོད་ན་མ་གྱོན་ཡང་ཆོག  འོན་ཀྱང་ཁྱོད་ཀྱི་ཤ་དང་རུས་པ་ཇི་ལྟར་བརྗེ་རྒྱུ”ཞེས་པན་ཆེན་མཆོག་གི་གསུང་གིས་ང་ལ་ཀུ་རེ་དང་ཟུར་ཟ་མཉམ་ཏུ་བྱས་བྱུང་།
    དོ་དགོང་བོད་ཀྱི་སློབ་མ་ཚོས་བོད་ལྭ་གྱོན་ཡོད་པས། སྐོར་བྲོ་ནམ་རྒྱུན་ལས་སྤྲོ་སྣང་ལྡན་པ་ཞིག་བརྩེ་ཐུབ་པ་བྱུང་ལ་བརྩེ་མཁན་དང་ལྟད་མོ་བ་ཚང་མ་ནམ་རྒྱུན་ལས་མང་། རྡོག་སྒྲ་དང་ཀི་སྒྲའི་ཁྲོད་ནས་ཆུ་ཚོད་ནི་ཇི་ལྟར་འདས་པ་ཡང་མ་ཤེས་པར་མདོ་དབུས་ཁམས་གསུམ་གྱི་སྐོར་བྲོ་རེས་མོས་ཀྱིས་འཁྲབ་ཚར་བས། ང་ཚོ་ཡིད་ཚིམ་པའི་དགོད་སྒྲ་དང་བཅས་ཉལ་ཁང་ལ་ལོག
   ཉལ་ཁང་དུ་སླེབས་རྗེས་སློབ་གྲོགས་ཚོས་གཅིག་ཚིག་གཅིག་གིས་འཕྲོག་བཞིན་སྐོར་བྲོ་ཡག་པོ་འཁྲབ་ཐུབ་སོང་ཚུལ་སོགས་མང་པོ་ལབ་གླེང་བྱས་ལ།རིམ་བཞིན་འདས་པའི་ལོ་ཟླར་བོད་མི་རིགས་ཀྱིས་འཛམ་གླིང་གི་གསུམ་གཉིས་ས་ཡི་དཀྱིལ་འཁོར་དབང་དུ་བསྒྱུར་མྱོང་ཚུལ་སོགས་ནམ་རྒྱུན་གྱི་སྐད་ཆ་དེ་དག་ཀྱང་ལབ་མགོ་ཚུགས་བྱུང་། སྐབས་ཤིག་ལ་ངས་མཚོ་མོ་དང་ཁོ་མོའི་དགེ་རྒན་གྱི་གནས་ཚུལ་དང་ཁོ་མོ་གྲོང་གསེབ་ཏུ་ལོག་ནས་དགེ་རྒན་གྱི་བྱ་བ་བསྒྲུབ་རྩིས་ཡོད་ཚུལ་སོགས་གླེང་བས་ཉལ་ཁང་གི་སློབ་གྲོགས་ཚོ་གློ་བུར་ལྷིང་འཇགས་སུ་གྱུར། ལྷ་ས་པ་དཔལ་འབྱོར་གྱིས་དོན་མ་རྟོགས་པས་སྐད་དམའ་མོས་ག་རེ་བྱུང་སོང་ཞེས་འདྲི་བཞིན་འདུག ཉལ་ཁང་གི་ལྷིང་འཇགས་དེས་ཕྱི་རོལ་གྱི་གྲང་རླུང་ལྡང་པའི་སྒྲ་ཡང་སྔར་ལས་ཆེ་པའི་སྣང་པ་ཞིག་ངང་གིས་སྟེར།
    ཅང་མ་འགོར་བར་དར་རྒྱས་དང་ངེད་གཉིས་མ་གཏོགས་གཞན་ཚང་མ་གཉིད་ཟིན། སྐབས་ཤིག་ལ་དར་རྒྱས་ཀྱིས་གྱང་ངོས་ཀྱི་སྐུ་པར་ལ་བལྟས་ཏེ། པན་ཆེན་མཆོག་གིས་ང་ཚོས་རང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པ་གཟིགས་ནས་ཞལ་ལ་འཛུམ་གྱིས་ཁེངས་འདུག་ཞེས་ང་ལ་ཀུ་རེ་བསླངས། ངས་མགོ་པོ་བཏེགས་ནས་བལྟ་དུས་པན་ཆེན་མཆོག་གི་འཛུམ་གྱི་འདབ་མ་གྲོལ་བའི་ཞལ་རས་མཐོང་བྱུང་བ་མ་ཟད། བྱམས་བརྩེ་དང་སྙིང་རྗེ་ཡིས་ཁེངས་པའི་སྤྱན་ཟུང་ལས་ཁོང་གིས་སྐུ་ཚེ་གང་བོར་བོད་ཀྱི་ས་ཁོངས་རང་སྐྱོང་དང་དཔལ་འབྱོར་འཛུགས་སྐྲུན། སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་སོགས་ལ་གཞོལ་བའི་མཛད་འཕྲིན་དག་ཀྱང་མཐོང་བྱུང་།                   
  གློ་བུར་ཏུ་ཉལ་ཁང་གི་གློག་གཟིམ་སོང་བས་མུན་པ་སྟུག་པོ་ཞིག་གིས་པན་ཆེན་མཆོག་ངའི་མིག་མདུན་ནས་འཕྲོག་སོང་། མུན་པའི་ཁྲོད་ནས་ཉལ་གོས་གྱོན་ཡང་གཉིད་ཐབས་ཤིག་ཡེ་ནས་མ་བྱུང་ཞིང་། པན་ཆེན་མཆོག་གི་ཞལ་རས་སླར་ཡང་མིག་ལམ་ལ་ཤར་བྱུང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉིན་ཐོ་དམིགས་བསལ་བ་ཞིག

2010-10-03 ཆས་པ་བསྟན་འཛིན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།