གནད་འགག་གི་སྐབས་རྩོམ་ཇི་ལྟར་འབྲི་བའི་སྐོར་གྱི་དཔྱད་པ།

                                     ___________སློབ་རྭའི་སྙན་ངག་དང་ཉེ་བའི་བགྲོ་གླེང༌། 
       བོད་ཀྱི་སྲོལ་རྒྱུན་སྙན་ངག་ནི་བཞི་བརྒྱ་རྩ་བཞིའི་ནད་ཀྱི་གཉེན་པོ་ལྟར།བོད་མི་བགྲེས་སོང་བ་དག་གིས་སྙན་དབང་གསོ་བའི་བདུད་རྩིར་བསྟེན་བཞིན་ཡོད་ནའང༌།དེས་ན་གཞོན་ནམ་དེང་རབས་ལ་ཕྱོགས་པའི་མི་བུ་དག་གི་བློ་སེམས་འགུགས་མ་ཐུབ་པ་བཞིན།བོད་ཀྱི་རང་མོས་སྙན་ངག་ནི་སློབ་ཆེན་པ་ཚོས་ཡིད་ཀྱི་མཛའ་བརྩེ་རིས་མེད་གཏོར་སའི་ཞིང་ས་རུ་རློམ་བཞིན་མཆིས་ནའང༌།དེས་བོད་མི་སྲ་མཁྲེགས་དག་གི་ཀླད་པའི་འཆིང་ཤུགས་གཏོར་ཐུབ་པར་ཁོ་བོ་ཐེ་ཚོམ་སྐྱེ། 
      འདི་ལྟར་སྨྲས་ན་འོ་སྐོལ་གྱི་ཚིག་ཤུགས་ཐལ་ཆེའོ་ཞེས་སྨྲ་མོད།དོན་དངོས་སྟེང་སྙན་ངག་འབྲི་བར་ཡང་དུས་ཀྱི་འགྱུར་བ་ལྟར།གཏོར་ཞིག་གི་ནུས་ཤུགས་ཤིག་དགོས་པར་སྙམ།དུས་ཀྱི་འགྱུར་ལྡོག་ལྟར་མིའི་རིགས་ཀྱི་ཀླད་པའི་འཆིང་ཤུགས་གཏོར་རྒྱུ་ནི།རིག་གནས་འདུ་ཤེས་ཀྱི་ཚེ་སྲོག་གསར་བའི་ཁོར་ཡུག་ཅིག་སློང་སྐྲུན་བྱ་བའི་ཆ་རྐྱེན་ཡིན་པས། སྙན་ངག་འབྲི་བར་ཡང་འདུ་ཤེས་འདིས་བསླངས་པའི་འགན་འཁྲི་ཡོད་ན་འོས། 
     གནད་ཆེ་ས་ཞིག་ནས་བལྟས་ན།སྙན་ངག་གཙོས་རྩོམ་རིག་གི་བྱ་བ་ནི།ཕྱོགས་གཅིག་ནས“གཏོར་ཞིག”ཡིན་ཏེ།མདུན་བསྐྱོད་དང་འཕེལ་རྒྱས་ཀྱི་བཀག་རྡོར་གྱུར་བའི་དུས་དང་སྤྱི་ཚོགས་ཀྱི་འདུ་ཤེས་རྙིང་བའི་ཕྱིའི་འཆིང་ཤུགས་གཏོར་རྒྱུ་དེ་རྩོམ་རིག་གི་བྱ་བ་ཞིག་རེད།བྱ་བ་དེ་དང་དུ་ལེན་པའམ་འགན་དུ་དཀྲིས་ཏེ་རྩོམ་རིག་གི་ལས་ཀ་བྱེད་པར།“གཏོར་ཞིག”གི་ངོ་བོ་ཞིག་ངང་གིས་ཡོད་པ་རེད།དུས་ཀྱི་དགོས་མཁོ་གཙོ་བོ་ལ་དམིགས་པ་གཏད་དེ།རྩོམ་རིག་གི་ལས་ཀ་བྱེད་རྒྱུ་ནི་གནད་འགག་ཅིག་ཡིན་པས།འགག་སྒོ་འདིར་ཚུད་པར་རིག་གནས་ཀྱི་སྙིང་སྟོབས་ཐུན་མིན་ཞིག་དགོས་པ་སྨྲ་མི་དགོས་མོད།འགག་སྒོར་འདི་གཟུར་ཚེ་རྩོམ་རིག་གིས་ནུས་པའི་བྱ་བ་གཅིག་བཏང་བ་རེད།  
       མིའི་རིགས་ཀྱི་རྩོམ་རིག་ལོ་རྒྱུས་བལྟས་ན།མི་རིགས་དང་རྒྱལ་ཁབ་གང་ཡིན་ཡང༌།དུས་ཀྱི་འགྱུར་བ་ལ་བསྟུན་ཏེ།ལོ་རྒྱུས་ཀྱིས་ཕྱི་རབས་རྣམ་པའི་ཕྲག་ལ་བཅོལ་བའི་དུས་ཚིགས་ཀྱི་གནད་འགག་རེ་ནམ་རྒྱུན་ཡོད་པས།འུ་ཚོ་མ་ཐེ་བའི་མི་རིགས་གཞན་གང་ལ་མཚོན་ནའང༌།རྩོམ་རིག་གིས་གནད་འགག་གི་འགག་སྒོ་འདི་བརྒྱུད་ཅིང་བཀག་རྡོ་དེ་གཏོར་བ་ཡིན་ཏེ།ཡོ་རབས་གླིང་གི་རིག་རྩལ་བསྐྱར་དར་སྐབས་ཀྱི་རྩོམ་རིག་ནི་དེ་ལྟར་རེད་ལ།རྒྱའི་ལྔ་བཞིའི་ལས་འགུལ་སྐབས་ཀྱི་རྩོམ་རིག་ཀྱང་དེ་ལྟར་རེད།ལོ་རྒྱུས་ཀྱི་དུས་སྐབས་འདི་གཉིས་ལ་མཚོན་ན།མིའི་རིགས་ཀྱི་ལོ་རྒྱུས་ཐད་བྱུང་བའི་གནད་འགག་གི་དུས་སྐབས་ཤིག་ཡིན་པ་མ་ཟད།ཉེན་ཁའི་གཡང་གཟར་ལ་ཚུད་པའི་སོ་སོའི་མི་རིགས་ཀྱི་ལོ་རྒྱུས་དུས་སྐབས་གཉིས་ཀྱང་རེད། 
        གནད་འགག་གི་སྐབས་དེར།རྩོམ་རིག་གིས་ཐོག་མར་བསམ་བློའི་འགུལ་བསྐྱོད་ཀྱི་གར་སྟེགས་ལ་ཁད་ཀྱིས་བུད་དེ།སྣེ་ཁྲིད་དང་སྐུལ་འདེད་ཀྱི་བྱ་བ་གཙུགས་སུ་བཟུང་ཡོད།ཐོག་མར་ཡོ་རབས་གླིང་གི་རིག་གནས་ལོ་རྒྱུས་ཀྱི་འཕེལ་རིམ་དེ།རྩོམ་རིག་ལོ་རྒྱུས་སྟེང་བསྡུས་ཏེ་བཤད་ན།རྩོམ་མཁན་དག་གི་རྣོ་མིག་གི་འགྱུ་ཕྱོགས་ནི།རང་ཉིད་ཚུད་པའི་མི་རིགས་ཧྲིལ་བོ་གང་ལ་རྨོངས་པའི་དུས་སྐབས་དེ་ལས་དཀྲོག་རྒྱུའི་ལས་འགན་གཙོ་བོ་ཡིན་པས།ཁོ་བ་ཚོ་ཡང་འུ་ཚོ་ནང་བཞིན།རིག་གནས་ལོ་རྒྱུས་སྟེང་རང་བྱུང་ཁམས་ལ་རྨོངས་པའི་དམུ་རྒོད་ཀྱི་དུས་རབས་ནས་འགོ་བརྩམས་ཏེ། རིམ་བཞིན་སྤྱི་ཚོགས་འབྲེལ་བ་སྟེ།དམངས་གཙོ་དང་འདྲ་མཉམ།  རང་དབང༌།འགྲོ་མིའི་ཐོབ་ཐང་སོགས་ཀྱི་ཐད་ནས་སད་རྟོགས་ཀྱི་གོ་རིམ་བརྒྱུད་པ་རེད།གོ་རིམ་དེའི་ཁྲོད་དུ་ཡོ་རབས་གླིང་གི་རྩོམ་མཁན་དག་གིས།ཐོག་མར་སྤྱི་ཚོགས་ཡོངས་ཀྱི་རིག་གནས་འདུ་ཤེས་དང་ཆབ་སྲིད་ལོ་རྒྱུས་ལ་རྒྱུས་ལོན་མཐར་ཕྱིར་གནང་རྗེས།གཞི་ནས་རང་ཉུད་ཚུད་པའི་མི་རིགས་ཧྲིལ་བོ་གང་ལ་རྨོངས་ཤིང་དེ་ལས་གྲོལ་བའི་ཐར་ལམ་འདོན་པ་དང༌།དེའི་ལས་འགན་གཙོ་བོ་བཅོས་མིན་དུ་ཐུགས་སུ་བཞེས་ཡོད་པ་རེད།  
          ལྷག་པར་དུ་དུས་རབས་བར་མའི་རྗེས་ཀྱི་རིག་རྩལ་བསྐྱར་དར་སྐབས།ཡོ་རབས་གླིང་དུ་དམ་པའི་ལྷ་ཆོས་གཙོས་སྲོལ་རྒྱུན་རིག་གནས་ཀྱི་འཆིང་ཤུགས་ལས་ཐར་ཆེད།ཆེད་དུ་མིའི་རིག་པ་ལ་བསྐྱར་དུ་གདེང་འཇོག་བྱེད་པའི་བསམ་བློའི་མེ་སྟག་ཅིག་མཆེད་པ་རེད།སྐབས་དེའི་མི་ཚུལ་རིང་ལུགས་ཀྱི་རྩོམ་མཁན་དག་གིས་ཆེད་དུ་མི་ཉིད་བྱ་བ་ཀུན་གྱི་སྤྱི་བོར་བཞག་ནས།མིའི་རིག་པ་དང་དོགས་སློང༌།གོ་ཐོབ་སོགས་ལ་གདེང་འཇོག་དང་ཆེད་དུ་སློང་སྐྲུན་བྱས་ཤིང༌།ཞར་དང་ཞོར་ནས་དམ་པའི་ཆོས་ཀྱི་ལྷའི་དགོངས་པ་དང་ལྟོས་བཅས་ཀྱིས།མིའི་རང་དབང་དང་འདྲ་མཉམ།གོ་ཐོབ་སོགས་ཀྱི་རྩིས་ཐང་ལ་གདེང་འཇོག་དང་བརྩི་གཉེར་གྱི་འཐབ་མོ་སྒྲན་པ་རེད།  
        ཡོ་རབས་གླིང་གི་རིག་གནས་ལོ་རྒྱུས་ཀྱི་ཆ་ནས་བཤད་ན།སྐབས་དེ་ནི་སྲོལ་རྒྱུན་ལྷ་ཆོས་ཀྱི་དབང་ཤུགས་ཁྲོད།མིས་བྱེད་སྲོལ་ལ་ཆེད་དུ་དམའ་བཞོལ་ཞིང༌།ལྷ་དང་ལྷའི་དགོངས་པ་གཙོ་བོར་བྱེད་པའི་དབང་ཤུགས་འོགམིའི་རིགས་ཀྱི་ཐོབ་ཐང་དང་ངལ་རྩོལ་གསར་སྐྲུན་ལ་ཆེད་དུ་རྡོག་བརྗིས་བཏང་བ་རེད།དུས་ཡུན་རིང་བོར་ཡོ་རབས་གླིང་གི་དཔལ་ཡོན་དང་འཕེལ་རྒྱས་ལ་ཡ་མེད་ཀྱི་འགོག་ཤུགས་ཐེབས་རྐྱེན།སྤྱི་ཚོགས་སྟེང་དུ་མིའི་རིགས་ཀྱི་ལོ་རྒྱུས་དང་སྤྱི་ཚོགས་འབྲེལ་བ་ལ་ཆེད་དུ་ཞིབ་འཇུག་དང་འདང་རྒྱག་མཁན་སྐོར་ཞིག་བྱུང་ཞིང༌།ཁོ་ཚོས་རང་ཉིད་ཚུད་པའི་དུས་རབས་ནས་གྱེན་དུ་མིའི་རིགས་ཀྱི་ཤེས་རིག་ལོ་རྒྱུས་ཀྱི་དཔལ་ཡོན་ལ་ཞིབ་བལྟ་བྱས་ཚེ།མིའི་རིགས་ཀྱི་ལོ་རྒྱུས་སྟེང་སྐར་ཚོགས་རྣམ་པར་བཀྲ་བའི་མཁས་མང་གི་ཞབས་རྗེས་ལས་མཐོང་ཐུབ་པ་ནི།མིའི་རིགས་ཀྱི་ངལ་རྩོལ་དང་དེའི་བྱེད་ནུས་ཡིན་ལ།མི་ཉིད་བྱུང་བ་ནས་མིའི་རིགས་ཀྱི་སྤྱི་ཚོགས་བྱུང་ཞིང་དཔལ་ཡོན་དར་ལ། མི་ལ་མཐོང་ཆུང་དང་དེའི་བྱེད་ནུས་ལ་བཀག་འགོག་བྱས་པ་ནི། ཐད་ཀར་མིའི་རང་དབང་དང་འདྲ་མཉམ་གྱི་རྩིས་ཐང་སོགས།འགྲོ་མིའི་བདེ་སྐྱིད་ཀྱི་གཞི་རྩ་འཕྲོག་པ་ཉིད་དུ་མཐོང་ཏེ། ཆེད་དུ “མི་སློང་བའི”ལས་འགུལ་བསླངས་པ་རེད། 
       ཁོ་ཚོ་ཚུད་པའི་དུས་རབས་དེར་མིའི་དབང་ཤུགས་དང་ལྷའི་གོ་ཐོབ་ནི་བསྡུར་ཐབས་མེད་པའི་འགལ་ཅན་གྱི་ཕུང་བོ་ཞིག་དང༌།ལྷའི་དབང་ཤུགས་ཀྱི་འོག་ན།མི་ནི་སྐེ་ལ་ལྕགས་ཐག་སྒྲོན་པའི་བྱོལ་སོང་གི་ཟླར་ཡང་མི་དོ་བའི་སྤྱི་ཚོགས་འབྲེལ་བའི་མཚོན་པའི་གོམས་སྲོལ་ཞིག་ཆགས་ཡོད་པ་ཤེས་རྟོགས་བྱུང་བ་རེད།  དེ་ན་གོམས་སྲོལ་རྙིང་བ་དེར་གཏོར་ཞིག་གི་བསམ་བློའི་འགད་རྫས་གཏོང་བ་ནི།མི་ཚུལ་རིང་ལུགས་ཀྱི་བསམ་བློའི་བློ་འབྱེད་པ་རྣམ་པས་རང་གི་ལས་འགན་དུ་བཞེས་ཡོད་པས།སྐབས་དེའི་མི་ཚུལ་རིང་ལུགས་ཀྱི་འཐུས་ཚབ་རྩོམ་མཁན་དག་གིས།རང་ཉིད་ཀྱི་ཚ་ལ་དབལ་བའི་རྣོ་མིག་གི་འགྱུ་ཕྱོགས་ལྟར།འཆད་རྩོད་རྩོམ་གསུམ་གྱི་ཐད་ནས་ཀྱང་བྱ་བ་དེ་དང་ལེན་བྱས་ཤིང༌། བརྩམས་ཆོས་ཀྱི་བསམ་བློའི་གཟི་འོད་ཀྱང་དེ་ལྟར་རེད།
      མི་ཚུལ་རིང་ལུགས་ཀྱི་བསམ་བློའི་དགོངས་པ་ནས།དུས་རབས་བཅུ་བདུན་བཅོ་བརྒྱད་བར་གྱི་བློ་འབྱེད་བསམ་བློའི་ལས་འགུལ་སོགས་གང་ལ་མཚོན་ནའང༌།དུས་སྐབས་སོ་སོའི་རྩོམ་མཁན་དག་ནི་གཙོ་བོ་སོ་སོའི་དུས་རབས་ཀྱི་དགོས་མཁོས་བསྐྱེད་པ་ཞིག་ཡིན་པས།དེ་ནི་སྲོལ་རྒྱུན་གཏོར་ཞིག་གི་ངོ་བོ་དང་རང་བཞིན་ལྷན་འདུས་སུ་གྲུབ་ཡོད་ལ། ལྷའི་དབང་ཤུགས་གཏོར་ཞིང་མིའི་དབང་ཤུགས་རྒྱས་པའི་འགྲོས་རིམ་ལྟར།  སླར་ཡང་ཡོ་རབས་གླིང་གི་དཔལ་ཡོན་ལ་གསོན་ཤུགས་གྱི་མེ་སྟག་ཀུན་ནས་མཆེད་དེ།དམངས་གཙོ་དང་འདྲ་མཉམ།རང་དབང་སོགས་ཀྱི་ཆབ་སྲིད་ལྟ་བ་བསྐྱེད་པའི་གོ་རིམ་ཁྲོད།རང་གི་བྱེད་སྲོལ་ལ་བརྟེན་ནས་ཚན་རིག་དང་ཚན་རྩལ་གྱི་སྐར་ཚོམ་ཡང་ཐང་མར་བཀྲམ་པ་རེད། 
       འདི་ལྟར་བལྟས་ན།སྐབས་དེར་བྱུང་བའི་རྩོམ་མཁན་གང་ཞིག་ཡིན་ཡང༌།ཕྱོགས་གཅིག་ནས་ཁོ་ཚོ་ཚང་མ་རང་ཉིད་ཚུད་པའི་དུས་རབས་དང་སྤྱི་ཚོགས་ལ་གདོང་གཏོད་པའི་ཞིབ་འཇུག་པ་དང་འགན་ལེན་པ།གདོང་ལེན་པའམ་ངལ་རྩོལ་པ་གཙོ་བོ་ཞིག་ཡིན་པ་མཐོང་ཐུབ་ལ།གཞན་ཞིག་ནས་ཁོང་ཚོའི་རྩོམ་རིག་ནི་སྤྱི་ཚོགས་འཚོ་བ་ལས་ཇི་ལྟར་བསྐྱེད་པའི་བརྒྱུད་རིམ་ཡང་གསལ་བོ་རེད།ལྷག་པར་ཏུ་རྩོམ་རིག་ནི་གནད་འགག་གི་སྐབས་སུ་ལག་ཆ་ཞིག་ཡིན་པ་དེ་རེད།མིའི་རིགས་ཀྱི་ལོ་རྒྱུས་སྟེང་བྱུང་བའི་རླབས་ཆེན་གྱི་རྩོམ་མཁན་ཞིག་ཡིན་ན།ཁོང་གིས་རྩོམ་རིག་ཇི་ལྟར་བེད་སྤྱོད་གཏོང་གི་ཡོད་པ་ནི་དུས་སྐབས་འདི་དག་ལ་བྱུང་བའི་རྩོམ་མཁན་དག་གི་བརྩམས་ཆོས་དང་རྣམ་ཐར་མཇལ་ན་ཤེས་རྟོགས་ཐུབ།ཁོ་ཚོ་སུ་ཡིན་ཡང༌།ཐོག་མར་རང་ཉིད་ཚུད་པའི་མི་རིགས་ལ་ཞེན་ཐག་པ་ནས་ཐུགས་ཁུར་གྱིས་ཞིབ་འཇུག་ཟབ་མོ་གནང་སྟེ།མཐའ་མར་མི་རིགས་ཧྲིལ་བོ་རྨོངས་གཉིད་ལས་དཀྲོག་པའི་ཐབས་ཤེས་སུ་རྩོམ་རིག་གི་ལག་ཆ་འདི་སྤྱད་པ་གསལ་བོ་ཡིན།   སྣང་ཚུལ་འདི་བལྟས་ན།འུ་ཅག་གི་རྩོམ་མཁན་དག་གིས་ད་དུང་རྩོམ་རིག་ནི“རང་གི་དགའ་སྐྱོ་ཆགས་སྡང”འབའ་ཞིག་མཚོན་ཐབས་སུ་བསྟེན་པའམ།  ཡང་ན“ང་འདི་ན་ཡོད”འཇུ་སྐལ་བཟང་གི་ཚིགཅེས་པའི་མཚན་མ་རུ་སྒོམ་བཞིན་ཡོད། 
        རྩོམ་རིག་ནི་མིའི་རིགས་ཀྱི་བློ་ལ་འཆུན་པ་མཐའ་དག་ཐད་ཀར་མཚོན་ཐུབ་པའི་ཁྱད་པར་ཅན་གྱི་སྐད་ཆའི་སྒྱུ་རྩལ་རིགས་ཤིག་ཡིན་པས།དེ་ལ་བརྟེན་ནས་རང་གི་ཉལ་ཆགས་འགྲོ་འདུག་དང་དགའ་སྐྱོ་ཆགས་སྡང་སོགས་མཚོན་ཐབས་སུ་སྦྱངས་ནའང་ཆོག་མོད།གནད་འགག་གི་སྐབས་སུ་རྩོམ་རིག་གི་ལས་ཀ་ནི་དེ་ལྟར་མིན་པ་གོང་གི་གནས་ཚུལ་དག་ལས་ཤེས་ཐུབ།རྒྱ་ནག་ལ་མཚོན་ནའང༌།ལྔ་བཞིའི་ལས་འགུལ་སྐབས་ཀྱི་རྩོམ་རིག་ནས“ལག་ལེན་ནི་བདེན་པ་ལ་བརྡར་ཤ་གཅོད་པའི་ཚད་གཞིའི”སྐོར་གྱི་གྲོས་ཚོགས་ཀྱི་ཡས་མས་པར།རྩོམ་རིག་ལོ་རྒྱུས་སྟེང་བསམ་བློའི་མེ་སྟེག་ཀུན་ནས་མཆེད་པའི་ཚ་ཚ་འུར་འུར་གྱི་དུས་རབས་ཤིག་རེད་ལ།བདག་གིས་བལྟས་ན།བར་གླེགས་འདིར་བྱུང་བའི་རྩོམ་མཁན་དག་ནི་རང་གི་མི་རིགས་དང་དུས་རབས་ཀྱི་དགོས་མཁོ་གཙོ་བོ་ལྟར་བྱུང་བ་ཤ་སྟག་ཡིན་པས།ཁོང་ཚོས་ཀྱང་རྩོམ་རིག་འདི་ལག་ཆར་བཟུང་ནས་འཐབ་མོ་སྒྲན་པ་རེད།
      འུ་ཅག་ལའང་རང་གི་རང་ཚུགས་དང༌།རང་ཚུགས་དེས་བསྲིངས་པའི་ལོ་རྒྱུས་ཀྱི་གནད་འགག་ཡོད་པས།གནད་འགག་གི་སྐབས་འདིའམ།ཕྱི་དུས་ཀྱི་འགྱུར་ལྡོག་ལྟར་རང་གི་ལྟ་སྲོལ་གོམས་གཤིས་ཀྱིས་རང་གཅུན་མ་ནུས་པར་གསར་བརྗེ་བྱས་ཏེ།རང་གི་རང་ཚུགས་ཤིག་གསར་གཏོད་ཐུབ་བཞིན་མེད་པའི་བར་གླེགས་འདིར།འུ་ཚོའི་རྩོམ་མཁན་དག་གིས་རང་རང་ས་ནས“ར་བྲག་འདོད་བྲག”དང“ལུག་སྤང་འདོད་སྤང”གི་རྗེས་སུ་སྙེག་པ་ནི།གནད་འགག་ལ་གཞོལ་བའི་ཉེན་ཁ་ཞིག་རེད།ཡིན་ནའང༌།ང་ཚོས་འདིར་གླེང་བར་སྤྲོ་བ་གཅིག་ནི།གོང་གི་ཡོ་རབས་གླིང་དང་རྒྱ་ནག་གང་ལ་མཚོན་ནའང༌།དུས་སྐབས་རེ་རེར་བྱུང་བའི་རྩོམ་མཁན་དག་ནི། ཁ་ཞེ་གཉིས་མེད་ཀྱི(འུ་ཅག་ལ་ཡོད་པ་ནི་ཁ་ཞེ་གཉིས་འགལ་གྱི་རྩོམ་མཁན་རེད)ཞེ་སེམས་གཏིང་ནས་རང་གི་མི་རིགས་དང་རིག་གནས་ཆེད་དུ།རང་དང་མིའི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་ཤེས་བྱ་གཞན་ལ་ཞིབ་འཇུག་གནང་མཁན་དག་དག་ཡིན་ཞིང༌།ཁོ་ཚོས་རང་ཉིད་ཀྱི་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་དང་མི་རིགས་གཞན་གྱི་དཔེ་ཆ་ཀློག་ཅིང་ཞིབ་འཇུག་བྱས་ཏེ།རང་ཉིད་ཚུད་པའི་མི་རིགས་ཧྲིལ་བོའི་སྲོལ་རྒྱུན་འཆིང་ཤུགས་ཀྱི་ངོ་བོ་ལ་རྩོམ་རིག་གི་བསམ་བློའི་འགད་རྫས་བཏང་བ་རེད། 
       དེར་བལྟས་ན། མིའི་རིགས་ཀྱི་ལོ་རྒྱུས་སྟེང་བྱུང་བའི་རླབས་ཆེན་གྱི་རྩོམ་མཁན་དང་བརྩམས་ཆོས་ནི།  མིའི་ཐུན་མིན་གྱི་གོ་ཐོབ་དང་ས་གཤིས།དབང་གྲགས་ཀྱི་མཐོ་དམན་ལས་བྱུང་བ་ཞིག་མིན་ལ།ལྡོག་སྟེ་ཟོལ་མེད་ཀྱི་འགན་འཁྲི་ཞིག་ལས་བྱུང་བས།འུ་ཅག་ལ་ད་བར་ཏུ་ཕུལ་ཏུ་བྱུང་བའི་རླབས་ཆེན་གྱི་རྩོམ་མཁན་དང་བརྩམས་ཤིག་འཁྲུངས་མྱོང་མེད་པའི་རྒྱུ་རྐྱེན་ནི།མཐར་དེད་ན་རང་རེའི་རྩོམ་མཁན་དག་གི་མི་གཞིའི་འགན་འཁྲིས་ལན་པ་ཡིན་པས།དེ་ལྟར་ན།ཕུལ་ཏུ་བྱུང་བའི་སྒྱུ་རྩལ་བརྩམས་ཆོས་ནི་ཟོལ་མེད་ཀྱི་འགན་འཁྲིས་བསྐྱེད་པའོ་ཞེས་ཀྱང་བསྒྲོགས་པར་མོས།། 
                                             ༢༠༡༠。༩。༧ ལ་གནམ་མཁར་ཟི་ལིང་དུ་འབོད་པའི་གྲོང་ཁྱེར་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གནད་འགག་གི་སྐབས་རྩོམ་ཇི་ལྟར་འབྲི་བའི་སྐོར་གྱི་དཔྱད་པ།

2010-09-14 དུད་སྒྲེང༌། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།