འདི་ལྟར་འདང་རྒྱོབས།

                                    ——————རྩོམ་སྟེགས་སྟེང་གི་འུར་ཟིང་དང་སྤྱི་ཚོགས་སྟེང་གི་ཁ་བརྡ་ལས་འཕྲོས་པའི་གཏམ།
      ཤེས་ཡོན་པ་མ་ཡིན་ཟེར་བའི་མི་དག་དང་གླེང་མོལ་བྱེད་དུས།ཁོང་ཚོས་རྒྱུན་པར་མི་རིགས་ཤིག་གི་ལས་དོན་དང་བྱ་བཞག་ནི་ཤེས་ཡོན་པ་དང་ཤེས་ཡོན་པའི་སྡེ་ལ་རག་ལས་ཟེར།ཤེས་ཡོན་པ་ཚོར་གླེང་མོལ་བྱེད་དུས།རིག་གཞུང་ག་གེ་ཞིག་གི་ཞིབ་འཇུག་པ་ཚོས།མི་རིགས་ནི་རིག་གཞུང་ཁོ་ནས་མཚོན་དགོས་པའམ་རིག་གཞུང་གི་ལྕི་ཚད་ནི་མི་རིགས་ཤིག་གི་ལྕི་ཡང་དང་རིན་ཐང་ཡིན་པའི་ཁ་ཕོ་བཏང་འོང༌།ཡང་རྩོམ་རིག་པ་ཚོར་ཁ་བརྡ་བྱེད་དུས།མི་རིགས་ཀྱི་བྱ་བ་ནི་རྩོམ་རིག་སྒྱུ་རྩལ་ལས་གཞན་གྱིས་མི་ནུས་པའམ་ཡང་ན་ལག་ཆ་གཞན་མེད་པའི་སྐད་ཆ་བསྙད་འོང༌།དོན་དམ་བཤད་ན།མི་རིགས་ཞེས་པ་དེ་རྩོམ་རིག་ཁོ་ན་དང་རིག་གཞུང་ཁོ་ན།ཡང་ན།ཤེས་ཡོན་པའི་སྡེ་ཁོ་ན་ལ་རག་ལས་ཡོད་པ་དང་མི་རིགས་ནི་དེ་དག་ཁོ་ནའི་འོས་འགན་དང༌།ཧུར་བརྩོན་གྱིས་ཡོངས་སུ་འགྲུབ་པ་དང་མཚོན་ཐུབ་པ་ཞིག་གཏན་ནས་མིན།དེ་ན་ང་ཚོས་བགྲོ་གླེང་ཐུང་ངུ་ཞིག་གི་མགོ་རྩོམ་ལ།ཀློག་མཁན་ཁྱེད་ཀྱིས་སྐྱོན་བརྗོད་དང་དགག་སྒྲུབ་ཀྱི་དགྱེས་སྐྱེམས་སྩོལ་རོགས།  
                                                        ༼རྩོམ་སྟེགས་ཀྱི་འུར་ལ་གཟས་པ།༽
    མི་རིགས་ནི་རང་གི་ཁྱད་ཆོས་ཀྱིས་མཚོན་དགོས་ཟེར།དེ་ནི་ཐུན་མོང་གི་སྟོབས་ཤུགས་དང་འབྲེལ་བ་ཞིག་རེད།ཐུན་མོང་གི་ལག་ལེན་དང་ཧུར་བརྩོན།སྟོབས་ཤུགས་དང་གཅིག་གྱུར།ཚད་གཞི་སོགས་མེད་ན་སྟོང་བསམ་རེད།ཐུན་མོང་གི་ཧུར་བརྩོན་དང་སྟོབས་ཤུགས་ཡོད་པའི་མི་ཚད།ཡོངས་ཁྱབ་ནས་གཅིག་གྱུར་དང་ཚད་གཞི་དགོས་ལ།དེ་བྱེད་པར་ང་ཚོ་མི་བོ་རེ་རེ་ནས་དུས་རྒྱུན་གྱི་རྒྱུན་སྤྱོད་ལ་གཟབ་དགོས།མ་གཞི་དེ་ལྟར་ཟེར་དོན་ཡང༌།རྩོམ་རིག་སྒྱུ་རྩལ་སོགས་རིག་རྩལ་བྱ་འགུལ་གྱིས་རང་ནས་སྦྲུམ་པའི་རླབས་ཆེན་གྱི་བསམ་གཞིག་གང་ཞིག་ཡིན་ཡང༌།རང་ཅག་གི་བསམ་བློས་འཆུན་པ་མཐའ་དག་ལ་ཁས་ལེན་བྱིན་པ་ཙམ་གྱིས་མི་ཆོག་པར།ལག་ལེན་གྱི་སྟེང་དང་འཚོ་བའི་རྒྱུན་སྤྱོད་བྱང་དགོས་པ་ཞིག་རེད།ལག་ལེན་མེད་ན་བསམ་གཞིག་ཀྱང་སྟོང་བསམ་ཡིན་ལ།མི་རིགས་ཞེས་པའང་སྐྱག་རྫུན་དང་འདྲེས་པའི་ཐ་སྙད་ཅིག་རེད།ཚད་ཐིག་ངེས་ཅན་ཞིག་ནས་སྨྲས་ཚེ།རྩོམ་རིག་ནི་ཐབས་སྡུག་གི་མཚོན་བྱེད་དང་དུས་སྐབས་ཀྱི་ལག་ཆ་ཞིག་རེད།རིག་རྩལ་དང་ཚན་རྩལ་གཞན་གྱི་སྟོབས་ཤུགས་མེད་པའི་དུས་སུ།ལག་ཆ་འདི་ལ་བརྟེན་ནས་ཕན་ཚུན་རྒྱུན་ལོན་དང་རིག་གནས་བགྲོ་གླེང་སོགས་བྱས་ཆོག་པ་རེད།   
       སྤྱི་ཚོགས་དང་མི་རིགས་ཀྱི་འགན་འཁྲིའི་འདུ་ཤེས་ལྕི་བའི་རྩོམ་པ་པོ་ཞིག་ལ་མཚོན་ན།རྩོམ་ལུས་ངེས་ཅན་ཞིག་གི་སྣོད་ནས་མངོན་པའི་རྩོམ་གྱི་བསམ་བློའི་སྙིང་བོ་དེ་མི་རིགས་དང་འབྲེལ་བའི་ལས་ཀ་རེད།ལས་ཀ་དེར་བསམ་བློའི་བདེན་སྟོབས་ཅི་ལྟར་ཆེ་ཡང་དགོས་པ་ནི་གཅིག་གྱུར་གྱི་ལག་ལེན་རེད།དུས་རྒྱུན་སྤྱི་ཚོགས་འཚོ་བ་ལ་རྣལ་དུ་ཁེལ་བའི་བསམ་གཞིག་གི་རིགས་ཅི་ཞིག་ཡིན་ཡང༌།རྩོམ་གྱི་ཕྱིའི་བཀོད་པ་བརྒྱུད་དེ་ཀློག་པ་པོ་དང་འབྲེལ་བ་བྱ་དགོས།ང་ཚོས་དེ་ཐད་ཀར་རྒྱུས་ལོན་དང་དང་ལེན།འདང་རྒྱག་ཕོག་མི་ཐུབ་རུང༌།ཡུན་ལ་བསྐོར་ནས་རྒྱུས་ལོན་བྱ་ཆོག་པ་རེད།རྩོམ་པ་པོ་ལ་མཚོན་ན།རང་གི་འདོད་རྩེ་ཡིས་དངོས་ཡོད་སྤྱི་ཚོགས་ལ་དབང་བསྒྱུར་དང་ཁ་ལོ་དཀྱུ་བར་ལག་ཆ་ནི་འདི་ཡིན་ལ།རྩོམ་རིག་གི་ཤུགས་རྐྱེན་ཞེས་པ་དེའང་ལག་ཆ་འདི་བརྒྱུད་པ་ཤ་སྟག་ཡིན།ཡིན་ནའང༌།རྩོམ་རིག་གི་བདེན་པ་ཞེས་པ་དེ་སྒྱུ་རྩལ་གྱི་རྩོམ་ཐབས་དང་བསམ་བློའི་སྙིང་བོ་གཉིས་ལ་བཤད་པས།བསམ་བློའི་བདེན་པ་དེའི་སྨྱུ་གུ་ལ་གཅིག་གྱུར་དང་ཐུན་མོང་གི་ལག་ལེན་གྱི་སྟོབས་ཤུགས་མེད་ན།རྩ་བ་རྒྱས་གཏན་ནས་མི་ཐུབ།  རྩོམ་རིག་ནི་ལག་ཆ་ཞིག་རེད་ཅེས་སྨྲ་དོན་གྱི་མདོར་རྩའང་མཐར་དེད་ན་འདི་ཡིན།རྩོམ་རིག་གིས་ཐབས་ལམ་འདི་ལ་བརྟེན་ནས་སྤྱི་ཚོགས་དང་མིའི་རིགས་བར་ལ་གསར་འབྲེལ་ཞིག་ཆགས་སུ་འཇུག་དགོས།རྩོམ་པ་པོ་ནི་ལས་ཀ་དེ་བྱེད་མཁན་དང་སྤྱི་ཚོགས་དེའི་སྔོན་བསྐྱོད་པ་ལས་ཅི་ཡང་མིན།ཡིན་ནའང༌།རྩོམ་རིག་ལ་སྒྱུ་རྩལ་གྱི་བདེན་པ་དགོས།རྩོམ་རིག་ལ་ཚད་ཐིག་ངེས་ཅན་ཞིག་གི་སྒྱུ་རྩལ་གསོན་ཉམས་མེད་ན།རྩོམ་རིག་ཅེས་པའི་མཚན་སྙན་ཡང་འདེགས་པར་དཀའ་ལ་ནང་གི་བསམ་བློའི་བདེན་པར་ཡང་སྒྱུ་རྩལ་གྱི་རམ་འདེགས་ཤོར་འགྲོ།
          དེ་ལྟ་ལགས་མོད་ཀྱང༌།རྩོམ་རིག་གིས་སྤྱི་ཚོགས་ཞིག་གི་ཟུར་མི་འདྲ་བའི་སྣང་ཚུལ་ཞིག་གདམས་ནས་བརྗོད་བྱ་སྤེལ་བ་ལས།སྤྱི་ཚོགས་ཧྲིལ་བོ་དང་དུས་རབས་ཧྲིལ་བོའི་རང་བཞིན་དང་ཆོས་ཉིད།དར་རྒུད་ཀྱི་རྩ་བ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་སོགས་ཡོངས་ནས་མཚོན་པ་ཞིག་གཏན་ནས་མིན།དེ་ལས་ཀྱང་མི་རིགས་ཞེས་པ་ནི་ཕུན་སུམ་སོགས་པའི་རྩོམ་རིག་གི་ཞིང་ས་དང་སྒྱུ་རྩལ་གྱི་འདེགས་ཤུགས་ཡོད་པས་ཡོངས་སུ་འགྲུབ་པ་དང་མཚོན་པ་ཞིག་གཏན་ནས་མིན།ཡིན་ཡང༌།བླ་ན་མེད་པའི་བསམ་བློ་དང་སྒྱུ་རྩལ་གྱི་བདེན་པ་དེས་ཀྱང་དུས་རབས་ཀྱི་དགོངས་པ་དང་ཁྱད་ཆོས།གཞན་དུས་རབས་ཤིག་ལ་ཟུར་མི་འདྲ་བའི་ལྡོག་ནུས་ཐོན་ཐུབ།ལྡོག་ནུས་དེ་ལ་གཅིག་གྱུར་གྱི་ལག་ལེན་དགོས་པ་རེད།དེང་རབས་ཀྱི་རྩོམ་པ་པོ་མང་ཤོས་ཤིག་གིས་རྩོམ་རིག་ནི་རང་ཉིད་ཀྱི་མ་འོངས་མདུན་མ་དང་སེམས་འདུན་འབའ་ཞིག་མཚོན་བྱེད་དུ་འཛིན་པ་དེར་ཡང༌།གཅིག་བྱས་ན་སྒེར་དོན་འབའ་ཞིག་དང་གཞོལ་ཉེ་བས།བདག་གིས་སྔ་མ་དེ་ནི་རང་ཅག་ལ་ཧ་ཅང་དགོས་དང་མཁོ་ཞེས་སྐད་ཅོར་བརྒྱབ་པ་ཡིན།ཚན་རིག་རིག་གནས་དང་རིག་གཞུང་ཞིབ་འཇུག་གི་ལས་ཀ་གང་ཞིག་གཉེར་ཡང༌།དེ་དག་གི་དམིགས་ཡུལ་དང་དངོས་ཡོད་སྤྱི་ཚོགས་དང་དེའི་མ་འོངས་པའི་ཆོས་ཉིད་ཀྱི་བར་ན་གཏིང་འབྲེལ་ཟབ་མོ་ཞིག་དགོས་པས།བསམ་གཞིག་དང་ཞིབ་འཇུག་ཅི་ལྟར་བྱས་ཀྱང་དངོས་ཡོད་སྤྱི་ཚོགས་དང་རྒྱང་གྱེས་ན་གསོན་ཤུགས་ཀྱི་སྙིང་བོ་ཞིག་འགྲུབ་མི་སྲིད།ཁོང་ཚོས་ཀྱང་ཚད་ཐིག་ངེས་ཅན་དང་དུས་རབས་ཀྱི་མཐོ་ས་ཞིག་ནས།མིའི་རིགས་ཀྱི་དངོས་ཡོད་སྤྱི་ཚོགས་དང་འབྲེལ་བའི་རང་བྱུང་ཁམས་དང༌།ལོ་རྒྱུས་ཆོས་ཉིད་གང་ཞིག་ལ་དཔྱད་པ་དག་ཐེར་ཅི་ཞིག་བྱས་ཀྱང༌།གྲུབ་འབྲས་དེ་མངོན་སུམ་ལ་བསྟར་བར་རྩོམ་ཐབས་ཀྱི་ལས་ཀ་འདི་མི་བརྒྱུད་ཐབས་མེད་རེད།མི་རིགས་དང་མི་རིགས་དེ་ལ་གཏོགས་པའི་ཞིབ་འཇུག་གི་ལས་ཀ་གཉེར་མཁན་སུ་ཞིག་ཡིན་ཡང༌།ཁོའི་བཏོན་པའི་ལྟ་བ་དང་འཆར་གཞི།བསམ་ཚུལ་དང་རེ་འདུན་དག་མ་གཞི་ནས་བདེན་པ་དགོས་ཤིང༌།བདེན་པ་ལ་གཅིག་གྱུར་གྱིས་ལག་ལེན་གྱི་རྒྱབ་སྐྱོར་ཞིག་མེད་ན།སྟོབས་ཤུགས་ཞེས་པའང་ཁ་སྟོང་ལས་འཕྱུར་བའི་རླངས་པ་ཞིག་རེད།རླངས་པ་དེ་དུས་ཀྱི་གྲོང་ཁྱེར་ནས་རྩྭ་ཐང་དུ་སླེབས་པའི་བརྒྱུད་རིམ་ཁྲོད།ཀུན་གྱིས་ཁས་ལེན་ལས་ལག་ལེན་གྱི་སྟོབས་ཤུགས་མེད་ན།མི་རིགས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་སྒུལ་ཤུགས་ཡིན་ཡང༌།མི་རིགས་ཞེས་པ་ཡོངས་སུ་མཚོན་པའི་ནུས་པ་གཏན་ནས་མེད།
འདས་ཟིན་པའི་ལོ་རྒྱུས་ཞིབ་འཇུག་བྱས་ན།འདི་དག་གིས་རང་རྐྱ་ཐུབ་པའི་མི་རིགས་ཤིག་གི་ཁྱད་ཆོས་དང་རྒྱུ་རྐྱེན།ཡང་ན་ལོ་རྒྱུས་ཀྱི་ཁ་ཕྱོགས་མཚོན་པའི་རྒྱུ་ཆར་གྱུར་ཡོད་ནའང༌།དེ་ལ་བལྟས་ཏེ།རིག་གནས་གཞན་པའི་ཁྱད་ཆོས་དང་ཆོས་ཉིད་ལ་ཁྱད་གསོད་གནང་རྒྱུ་གཏན་ནས་མེད།རབ་ཡིན་ན་ཁོང་ཚོ་ནི་དུས་རབས་དང་མི་རིགས་ཀྱི་དངོས་ཡོད་འཚོ་བ་ངེས་ཅན་ཞིག་གི་ཆ་རྐྱེན་ལྟར།རིག་གནས་ཀྱི་གཏིང་ཚད་དང་བྱ་དངོས་ཀྱི་གསང་བ་བརྟོལ་བའི་འགན་འཁུར་མཁན་དང་སེམས་འདུན་ཅན་འབའ་ཞིག་ཡིན་པས།ཁོང་ཚོའི་ལས་ཀ་དེ་རླབས་ཆེན་དང་ཁོང་ཚོ་ནི་རང་ཉིད་ཀྱི་ལྟོ་དོན་མ་ཡིན་པར་སྤྱི་ཚོགས་དང་མི་རིགས་ཀྱི་དངོས་ཡོད་འཚོ་བ་ངེས་ཅན་ཞིག་ལ་འགན་འཁུར་བྱེད་པའི་མི་བོ་ཡིན་ན་ཧ་ཅང་འོས་པར་བསམ།འདིའི་མཚོན་པའི་ཁོང་ཚོས་ལས་ཀ་ཅི་ཞིག་གཉེར་ཡང་ཚད་ཐིག་ངེས་ཅན་ཞིག་ནས་སྤྱི་ཚོགས་དང་མིའི་རིགས་བར་གྱི་བརྡ་མཁན་ཞིག་ཡིན་དགོས་པ་དེ་རེད།ལས་ཀ་འདི་གཉིས་ཀྱི་གང་ཞིག་ཡིན་ཡང་ཅི་ལྟར་རླབས་ཆེ་ནའང་དེ་ལྟར་ཐུན་མོང་གི་སྟོབས་ཤུགས་མེད་ན་རྩ་བ་ནས་གསོན་ཤུགས་རྒྱས་ཐུབགཏན་ནས་མེད།
                                                                              ༼སྤྱི་ཚོགས་ཀྱི་ཁ་བརྡར་གཟས་པ། ༽
        མི་རིགས་ནི་རིགས་གནས་ཀྱི་གྲུབ་དགོས་ཟེར།རིག་གནས་བྱ་བ་དེའང་རིག་གཞུང་དང་རྩོམ་རིག་སོགས་འུ་ཅག་གིས་དུས་ལྟར་འབོད་པའི་ཐ་སྙད་འབའ་ཞིག་དང༌།ཡང་ན་རྩོམ་མཁན་རེ་གཉིས་ཀྱི་ལས་ཀའམ།སྒྱུ་རྩལ་པ་རེ་གཉིས་ཀྱི་འདམས་གསེས་གྱིས་མཚོན་པ་ཞིག་གཏན་ནས་མིན་ལ།དེ་འདྲ་ཞིག་ལ་གོ་དོན་བླངས་ན་ནོར་འཁྲུལ་རེད།ལྷག་པར་ཏུ་རིག་གནས་བྱ་བ་དེ་འུ་ཅག་གིས་རྒྱུན་པར་འབོད་པའི་ཤེས་ཡོན་པའི་སྡེའི་ལས་ཀ་ཁོ་ནར་ངེས་འཛིན་བྱེད་པ་ནི་ནོར་འཁྲུལ་རེད།ཁོང་ཚོའི་བསམ་པར་རིག་གནས་ནི་རྩོམ་རིག་དང་སྒྱུ་རྩལ་རེད།འདི་ནི་འུ་ཅག་གི་བློ་མིག་མ་རྒྱས་པའི་སྔ་རྟགས་ཡིན།གནད་འགག་གི་སྐབས་འདིར།རྩོམ་རིག་མ་གཏོགས་གཞན་གྱིས་མི་རིགས་ལ་ཕན་མི་ཐོགས་སྙམ་པའང་ནོར་འཁྲུལ་ཞིག་ཡིན།རིག་གནས་བྱ་བ་འདི་གྲོང་ཁྱེར་ནའང་ཡོད་ལ་གྲོང་གསེབ་ནའང་ཡོད།ཆེད་ལས་པར་ཡོད་ལ་དམངས་ཁྲོད་ནའང་ཡོད།དེ་སོ་སོར་ཐུན་མིན་གྱི་ཁྱད་ཆོས་དང་མཚུངས་མིན་གྱི་སྐྱོན་ཆ་སོགས་ཡོད་པས།ལ་ལ་ཞིག་གིས།འཇིག་རྟེན་སྟེང་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་བརྙེས་ཀྱི་བྱེད་པོ་རེ་འགའ་ཡང་རྟོག་བཏགས་ཀྱིས་འཆིང་མོད།མཐར་དེད་ན་དེ་ཚོ་གང་ཡིན་ཡང༌།བལྟས་བཅས་ཀྱི་ཚད་ཐིག་མེད་ན་གླེང་ཐབས་མེད།དེ་བཞིན་རིག་གནས་བྱ་བ་འདི་གོ་དོན་ཡང་དག་དང་གོ་བ་དཀྱེལ་ཡངས་སུ་ལེན་ཤེས་ན་མི་རིགས་བྱ་བ་ནི་འདིས་གྲུབ་དགོས་ལ།དོག་འཇུག་གི་གོ་བ་བླངས་ན་དེ་ནི་བྱེ་བྲག་གི་ཁྱད་ཆོས་ཤིག་ཡིན་པས།དེ་ཁོ་ནས་མཚོན་ཐུབ་པ་ཞིག་གཏན་ནས་མིན།
        དེ་ལས་ལྡོག་སྟེ།མི་རིགས་ཀྱི་བྱ་བ་དང་མི་རིགས་ཀྱི་འགན་འཁུར་ཞེས་པ་འདི་ནི།ཞིང་འབྲོག་མི་སེར་དང་ཚོང་ལས་དཔྱལ་འབྱོར་བ།ཡང་ན་སྤྱི་ཚོགས་སྟེང་གི་གཡོ་འཁྱམས་པ།མཐའ་ན་ལོ་གསུམ་བྱིས་པའི་གོང་རོལ་ནས་དྲུག་ཅུའི་རྒན་པོ་མན་གྱི་མི་བོ་གང་ཞིག་ཡིན་ཡང༌།ནམ་ནམ་ཞར་ཞར་སྒྲུབ་དགོས་པའི་ལས་དང་བརྩི་དགོས་བའི་རྩ་དོན་ཡོད་པ་རེད།མ་གཞི་བཤད་ན།ཁོང་ཚོ་ནི་ཤེས་ཡོན་པའི་ཆེད་ལས་ལྟར་གནས་མིན་ཙམ་ལས་སྤྱི་ཚོགས་དང་མི་རིགས་ལ་ནུས་པ་ཐོན་པ་འདྲ་མཚུངས་ཡིན།ཁོང་ཚོས་རྒྱུན་པར་སོས་བདེ་ངང་མི་རིགས་ལ་བྱ་བ་སྒྲུབ་པར་རིག་གནས་པའི་ཁོར་ཡུག་སྟེང་ནས་དབུ་འཛུགས་དགོས་པར་འདོད་པ་ནི་ནོར་འཁྲུལ་ཞིག་རེད།ཁོ་ཚོས་མི་རིགས་ཀྱི་བྱ་བ་མཐའ་དག་ཤེས་ཡོན་པའི་མགོ་བསྐོར་བའི་འདོད་ངན་དེ་གོ་སྐབས་བཟང་བོ་ཞིག་ལ་རྩིས་རྗེས།རང་ཉིད་ཀྱི་བརྡ་དང་སྤྱོད་པ་མཐའ་དག་ལ་ཚོད་འཛིན་དང་ཐེ་གཏོགས་ཅི་ཡང་མེད་པར་རང་འདོད་ཀྱིས་གཞན་བསྒྱུར་བྱས་ཏེ་ཤུགས་རྐྱེན་ངན་པ་བགོ་བ་རེད།དོན་དམ་བཤད་ན།མི་རིགས་ཞེས་པ་དེ་ནམ་ཡང་ཤེས་ཡོན་པའི་འགན་འཁུར་ཁོ་ན་དང་ཤེས་ཡོན་པར་རེག་ལས་ཡོད་པ་ཞིག་གཏན་ནས་མིན།
        མི་རིགས་ལ་བྱ་བ་སྒྲུབ་པར་ཤེས་ཡོན་པ་ཡིན་མི་དགོས་ལ།ལས་གནས་གལ་ཆེན་ཞིག་ཀྱང་གཏན་ནས་ཡོད་མི་དགོས་ཏེ།དཔེར་ན།ཁྱོད་ཀྱིས་རང་ཉིད་ཀྱི་སྐད་ཆ་ཙམ་པོ་བོད་སྐད་དག་མ་ཞིག་ཡིན་མིན་འགན་འཁུར་བྱེད་པ་དང༌།རང་ཉིད་ཀྱི་ལྟ་སྤྱོད་དེས།དུས་དང་མཐུན་པའི་སྒོ་ནས་ཐུན་མོང་མ་ཡིན་པར་མི་རིགས་རང་གི་ཁྱད་ཆོས་མཚོན་མིན།རང་ཉིད་ལ་དེ་དག་སྙིགས་དོར་བཅུད་ལེན་བྱེད་པའི་བློ་རྩལ་ཡོད་མིན་སོགས་ནི་ཆེས་རྒྱུན་ལྡན་གྱི་རྒྱུན་སྤྱོད་ལས་གཟབ་དགོས་པ་ཞིག་རེད།མི་རིགས་རིག་གནས་ལ་སློབ་སྦྱོང་དང་རྒྱུས་ལོན།ཞིབ་འཇུག་དང་འགན་འཁུར་ནན་ཏན་བྱེད་རྒྱུ་ནི་མ་འོངས་པའི་ཚ་རྒྱུད་དེ་ཁྲག་རྒྱུད་རིག་གནས་དང་མི་རིགས་ཀྱི་བྱ་བཞག་ལ་ཐད་ཀར་འབྲེལ་བ་རེད།མཐུན་སྦྱོར་ལ་མོས་པའི་བླུན་པོ་དག་གིས་འདི་ལྟར་འདང་རྒྱག་དང༌།ཡང་ན་འགན་འཁུར་མི་བྱེད་པ་ནི་མཐར་དེད་ན་མི་རིགས་ཀྱི་འགོངས་འདྲེ་གཙོ་བོ་རེད།  
     ཁྱོད་ཀྱིས་སུམ་རྟགས་དག་གསུམ་དང་སྤྱི་ཡིག་སྤྱི་སྐད།འཚོ་བའི་རྒྱུན་ཤེས་གྱིས་མཚོན་པའི་མི་རིགས་ཀྱི་དཔེ་ཆ་མང་བོ་ཞིག་ལ་ཞིབ་འཇུག་བྱས་ཏེ།རང་ཉིད་ཀྱི་སྐད་དང་ཡི་གེ།ལྟ་སྤྱོད་གོམ་གསུམ་དེ་གཅིག་མཐུན་དང་ཁུངས་ལུང་ལྡན་པ།དུས་དང་མཐུན་པ་ཞིག་བྱུང་རྒྱུ་ནི་གནས་སྐབས་སམ་ཕྱི་བལྟས་ཀྱིས་གནས་ཚུལ་ཆེ་ཞིག་མི་མཚོན་མོད།ཁྱེད་ཚང་གི་མི་རབས་ཚ་རྒྱུད་ལ་མཚོན་ན།རྒྱུད་འབྲེལ་གྱི་འབྲེལ་བ་ཡོད་པ་ཞིག་རེད།ཁྱེད་ཚང་གི་མི་རབས་ཚ་རྒྱུད་ཀྱིས་ཀྱང་མི་རིགས་ཀྱི་སྐད་དང་ཡི་གེརིག་གནས་དང་གོམས་སྲོལ་ཤེས་མིན་ནི་མི་རིགས་ཤིག་གི་མཚོན་རྟགས་འཁྲུལ་ཏུ་མེད་པ་ཞིག་ཡིན་པས།ཁྱོད་ཀྱིས་བདག་གིས་མི་རིགས་ལ་ཕན་པའི་ཚན་རིག་ལས་ཀ་དང་རིག་གཞུང་ཞིབ་འཇུགཡང་ན་སྐད་ཡིག་དང་བརྡ་སྦྱོར་ལུགས་སོགས་ནས་ཁྱད་ཆོས་རྨད་དུ་བྱུང་བའི་ལེགས་སྐྱེས་ཤིག་འབུལ་མ་ཐུབ་པའམ།ཡང་ན་འབུལ་མི་ཐུབ་སྙམ་པ་ནི་ནོར་འཁྲུལ་དང་མི་རིགས་ཀྱི་ཆེད་དུ་བསམ་བློ་རྩུབ་བརྡར་མ་བྱས་པའི་ཉེས་པ་ཡིན་ཏེ།བདག་གི་ཁྱིམ་རྒྱུད་ནི་བདག་འདྲ་ཞིག་གཏན་ནས་མིན་པར་རང་མི་རིགས་ལ་གཏོགས་པའི་སྐད་དང་སྤྱོད་པ་མཐའ་དག་ཁུངས་ལུངས་ལྡན་ཞིང་དུས་དང་མཐུན་པ་ཙམ་གྱིས་མི་ཚད།མི་རིགས་རིག་གནས་ཀྱི་རྒྱུན་འཛིན་རྨད་དུ་བྱུང་བའི་རྐང་འཛིན་པ་ཞིག་འོང་ཆེད།རྒྱུད་སྤྱོད་ལ་དག་ཐེར་བྱ་དགོས་ཞེས་ཀྱང་བཤད་པ་ཡིན། 
                                                           ༼སྒྱིད་ལུགས་ཚོའི་སྤྱོད་པར་གཟས་པ།༽
       མི་མང་ཤོས་མི་རིགས་རང་གི་དཔེ་ཆ་བལྟ་བར་མི་དགའ་བ་འདི་ཡང་གནད་དོན་ཞིག་རེད།མཐར་དེད་ན།དེ་ནི་རང་གི་ལྟོ་དོན་ལས་འདང་རྒྱག་མི་ཤེས་པའི་སྔ་རྟགས་ཡིན།དེའི་བྱས་ཉེས་ནི།ཁོ་ཚོས་སྒྱུ་རྩལ་དང་བསམ་བློའི་ཚད་ཐིག་ལ་གདེང་འཇོག་དང་ངོས་འཛིན་བྱེད་མི་ཤེས་པར་དབང་བོའི་སྤྲོ་བ་ལྷུར་ལེན་བྱེད།དེའི་ཉེས་དམིགས་ཀྱིས།ཁོང་ཚོས་ད་དུང་མི་རིགས་ཀྱི་ལས་དོན་དང་བྱ་བཞག་ལ་འདང་རྒྱག་བྱེད་མི་ཤེས་པར་རང་འདོད་ཀྱིས་གཞན་བསྒྱུར་དང་གཞན་ཟློས་ཀྱི་གར་འཁྲབ།རྩོམ་པ་པོ་མང་ཤོས་ཤིག་ལ་གླེང་མོ་བྱེད་དུས།རྩོམ་རིག་དེ་ཀློག་པ་པོས་གནས་ཚུལ་དང་མ་བསྟུན་ཏེ།ཀློག་པ་པོས་གོ་དོན་མི་དཔོག་ཟེར།བདག་གིས་རྣོ་བསམ་བཏང་ན།རྩོམ་གྱི་བསམ་བློའི་ཚད་ཐིག་དེ་ནི་མི་སྒེར་ངོས་ཀྱི་རང་སྣང་ལྟར་བཅོས་ན་གཏན་ནས་མི་འགྲིགདེ་ནི་ཕྱི་དོན་གྱི་དོན་དངོས་ལྟར་གླེང་དགོས་པ་ཞིག་ཡིན་པས།རྩོམ་པ་པོའི་བསམ་བློ་ལ་ཚན་རིག་གི་རང་བཞིན་དགོས་པ་ཞིག་རེད།ཚན་རིག་ནི་མ་གཞི་ནས་ཕྱི་རོལ་ཡུལ་གྱི་བྱ་དངོས་ཀྱི་གསང་བ་གསར་རྟོགས་དང་གསར་འགྲེལ་བྱས་པ་ཞིག་ཡིན་པས།དེ་ལ་སྒེར་ངོས་ཀྱི་བསམ་བློའི་ཤན་གཏན་ནས་ཞུགས་མི་འོས།དེ་ལས་ལྡོག་སྟེ།ཀློག་པ་པོས་བསམ་གཞིག་གི་ཆུ་ཚད་མཐོ་རུ་གཏོང་དགོས་པ་རེད།དེ་ནི་ཁོང་ཚོས་དཔེ་ཆ་མ་བལྟོས་པའི་ཉེས་པ་རེད།ང་ཚོས་དེ་ལ་དཔེ་ཀློག་མང་ཙམ་བྱ་བའི་སྐད་ཅོར་རྒྱག་དགོས།ཁོང་ཚོས་དུས་རྒྱུན་དཔེ་ཆ་དང་རྩོམ་པ་པོ་སོགས་ལ་འབྲེལ་གཏུགས་བྱས་ཏེ།བསམ་གཞིག་གི་ཆུ་ཚད་མཐོ་རུ་གཏོང་དགོས།དེ་དག་གིས་རང་གི་ལྟོ་དོན་ལས་ལག་པ་ཨམ་འཕྲག་ཏུ་འཇུག་རྐྱང་བྱེད།  
       ངས་བལྟས་ན།མི་རིགས་ཀྱི་ཆེད་དུ་དཔེ་ཆ་བལྟ་བ་ནི་ཞིབ་འཇུག་མཐར་འཁྱོལ་ཡོངས་པའི་ལམ་སྣེ་ཡིན།དེ་ལ་དམིགས་ཏེ་རང་ཉིད་ཀྱང་སྤྱི་ཚོགས་སྟེང་མིང་དུ་གྲགས་པའི་ཞིབ་འཇུག་པ་དང་རྩོམ་རིག་པ་སོགས་སུ་འདོད་པ་ནི་རེ་ངན་ཞིག་རེད།མི་རིགས་ཀྱི་ཆེད་དུ་བྱ་བ་གང་ཞིག་སྒྲུབ་འདོད་ཡོད་པའམ་མི་རིགས་ཤིག་ཡུན་རིང་གནས་པ་ལ་བསམ་པ་དང་དངོས་པོའི་དཔལ་འབྱོར་ཁོ་ན་ཡོད་པས་མི་ཆོག་པར།ལག་ལེན་དང་ཀུན་སྤྱོད་ཀྱི་སྦྱོར་བའང་ཟབ་མོ་དགོས་པ་རེད།ངེས་པར་ཏུ་རྩོམ་མཁན་དང་ཞིབ་འཇུག་པ་དེ་དག་གི་མཚན་སྙན་ཐོབ་དགོས་པ་ཞིག་གཏན་ནས་མ་ཡིན་པས།ལྟ་སྟངས་ཀྱི་ཀྱོ་བ་གནོན་པོ་འདིས་ཁོང་ཚོའི་རེ་ངན་ལ་རེ་བའི་མྱུ་གུ་མ་ཐོགས་ཚེ།གཞི་ནས་སོས་ལ་བབས་ཏེ་གཞན་བསྒྱུར་གྱི་ལས་ལ་རྩོམ་པ་ནི་ཧ་ཅང་དགོད་བྲོ་ཞིང་ངུ་སྐྱེན་པ་ཞིག་རེད།དེ་ལས་ལྡོག་སྟེ།རང་ཉིད་ཀྱིས་མི་རིགས་དེར་གཏོགས་པའི་རྩ་དོན་གང་དག་དུས་དང་མཐུན་པའི་སྒོ་ནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་འགན་འཁུར་ལེན་རྒྱུ་ནི་གལ་ཆེན་ཞིག་ཡིན་ཕྱིར།འདི་ལྟར་རླབས་ཆེ་བའི་བསམ་བློའི་བདེན་སྟོབས་ཏེ་ཁྱོད་ཀྱི་བག་ཆགས་དངགོམས་སྲོལ་ནི་རང་གི་ཤ་ཁྲག་ལས་གཅེས་པའི་བུ་ཕྲུག་གི་ཡ་ཆུང་སེམས་ལ་འགོས་རྒྱུ་བྱུང་ན་དེ་ལས་ཀྱང་རྨད་དུ་བྱུང་བའི་རེ་བ་དང་གྲུབ་འབྲས་འོང་ལ།བདེན་སྟོབས་ཀྱི་ལག་རྗེས་ཀྱང་ཀུན་གྱི་ཁ་ལ་བྱུང་ངེས་རེད། 
      སྒྱིད་ལུགས་དང་ལས་དོན་མཐའ་དག་གཞན་ལ་འགེལ་བ་དེ།མ་གཞི་ནས་མི་རིགས་ཀྱི་ལས་དོན་ཐད་ལ་ཧ་ཅང་རྨོངས་པའི་སྔ་རྟགས་འཁྲུལ་ཏུ་མེད་པ་ཞིག་ཡིན་ཕྱིར།མཐའ་མཇུག་ཤེས་ཡོན་པའི་སྡེ་ནས་བཙུགས་པའི་དར་ཆ་གསོན་པོ་དག་གི་རྐང་འཛིན་པ་རྟིང་ནས་སློག་པའི་གཏེ་བོའང་རང་ཡིན།ཁྱོད་ཀྱིས་འདི་ལྟར་ཤར་ནས་བྱས་ཤིང་བདག་གིས་ཀྱང་སྟོད་ནས་བྱས་ཚེ།མི་རིགས་ཤིག་ཉམས་རྒྱུད་དུ་འགྲོ་བའི་ཆོས་ཉིད་མ་གཞི་ནས་དཔྱང་ཡོད་པ་ཞིག་རེད།དེ་བཞིན་ཁྱོད་ཀྱི་གོམས་སྲོལ་ཡིན་ནའང་འདྲ༌།རིག་གནས་ཤེས་བྱ་གཉེར་སྟངས་ཀྱི་ཐད་ནས་བོད་ཡིག་གི་དཔེ་ཆ་མང་བོ་ཞིག་ལས་ཤེས་བྱ་གཉེར་མིན་དང་ལྟ་ཀློག་རྒྱུན་པར་བྱེད་མིན་གྱི་གོམ་སྲོལ་ནི་ཁྱེད་ཀྱི་ཁམས་དང་མཐུན་མིན་ཙམ་མ་ཡིན་པར།དེའང་ཁྱེད་ཀྱི་བུ་ཕྲུག་དང་ཚ་རྒྱུད་དག་རང་མི་རིགས་ཀྱི་རྐང་འཛིན་བྱུང་མིན་དང་ཐད་ཀར་འབྲེལ་བ་ཞིག་རེད།   གང་ཡིན་ཟེར་ན།ཁྱོད་ཀྱིས་རྟག་པར་བོད་ཡིག་དཔེ་ཆ་མང་ཙམ་བལྟ་བའི་རྒྱུན་སྲོལ་ཏེ་ཡ་རབས་དང་རྩ་དོན་ཞིག་རྩིས་ཏེ་ཁྱིམ་རྒྱུད་ཀྱི་གོམས་སྲོལ་ལྟ་བུར་བྱས་ན།ཁྱེད་ཀྱི་བུ་དང་ཚད་རྒྱུད་ཀྱིསས་ཀྱང་རང་དབང་མེད་པར་དེ་ལྟར་བྱེད་ངེས་ལ།ནམ་ཞིག་ཁྱེད་ལས་ཀྱང་འབུར་ཏུ་ཐོན་པའི་བྱས་རྗེས་འབྱུང་ངེས།  
                                                               ༼བདེ་མོའི་གཏམ།༽  
           ཀུན་གྱིས་བརྡ་འཕྲིན་དུས་རབས་སུ་འབོད་པའི་སྐབས་འདི་འམ།དངོས་ཚབ་དངོས་པོས་བྱས་ཤིང་ཤར་ནུབ་རིག་གནས་ཀྱི་ཁྲག་རྒྱུན་གཅིག་ཏུ་འདྲེན་པའི་བར་གླེགས་འདིར།རྩོམ་རིག་ལས་གླེང་མི་ཤེས་ཤིང་དེའང་ཤར་ནུབ་རྩོམ་བྱུང་ལ་རྒྱུས་ཆ་མེད་ཅིང༌།ཐོགས་སྡུག་ཆེ་བའི་འུ་ཚོར་མཚོན་ན།དཔལ་ཡོན་གྱི་ཆ་མང་པོ་ཞིག་གླེང་མི་ཤེས་ལ་གླེང་ཡང་མི་ཐོགས་ན།རང་ཉིད་ཁོ་ནར་དབང་བའི་རྩོམ་རིག་གི་ཞིང་ས་ལག་མཐིལ་ཙམ་ཞིག་ཐེམ་པ་ཇི་འདྲའི་གཅེས་སུ་རུང་བ་ཞིག་རེད།ཡིན་ནའང༌།ནོར་བུ་རང་ལ་ཡོད་དུས་ཀྱི་སྐད་ཅིག་ཙམ་པོར་ཡང༌།གླུ་ལེན་གར་རྩེད་ཀྱི་ཐབས་ལ་རོལ་ནས་ཉི་མ་འཕུད་ཐབས་བྱེད་པ་འདི་འུ་ཅག་གིས་ཀུ་རེ་བསླངས་པ་ཡིན་ནའང༌།ངས་བལྟས་ན།ང་ཚོས་བསམ་བློའི་བདེན་པ་དེ་དག་ལ་ཁས་ལེན་ཐུབ་མིན་ནི།ལག་ལེན་གྱི་སྔོན་འགྲོ་རེད་ལ་ཁས་ལེན་བྱས་པའི་ཉིན་མོ་ནས་གཅིག་གྱུར་གྱི་ལག་ལེན་གྱིས་སྟོབས་ཤུགས་མེད་ན།མི་རིགས་ཞེས་པ་ཞིག་མཚོན་ཐུབ་གཏན་ནས་མེད།འོ་ན་ང་ཚོས་གཅིག་གྱུར་གྱི་ལག་ལེན་བྱ་བ་དེ་སྟོབས་ཤུགས་གསོན་པོ་ཞིག་གི་སྣང་བརྙན་ལྟར་ཚུར་སྣང་བྱེད་ན།དེ་ནི་ང་ཚོ་ཐུན་མོང་གི་རྒྱུན་སྤྱོད་ནས་འགོ་རྩོམ་དགོས་ཚུལ་དེ་ཡིན་ལ།ཁ་སང་དེ་རིང༌།ང་ཚོ་ལ་གཅིག་གྱུར་གྱི་བཀོད་འདོམས་མེད་པས།ང་ཚོས་རང་རང་ས་ནས་ཧུར་སེམས་ཀྱིས་མི་རིགས་ལ་དགའ་ཞེན་བཅིངས་ཐོག་རང་ཉིད་ནས་འགོ་དགོས་ལ།ཅུང་ཟད་ཐར་ཆགས་བཏང་ན།རང་ཉིད་ཀྱི་རྒྱུད་སྤྱོད་ལ་དག་ཐེར་བྱེད་དགོས།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདི་ལྟར་འདང་རྒྱོབས།

2010-09-10 དུད་སྒྲེང༌། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།