མིའི་གཟི་བརྗིད།

                      སྐྱབས་བཅོལ་གྱི་རྫོབ་དོང་ལས་ཕྱིར་བུད་དེ །
                      རང་ཉིད་ཀྱི་སྒལ་ཚིགས་དྲང་མོར་སྲིངས་ཤིག
                      དེ་ནི་མིའི་རླབས་ཆེན་གྱི་གཟི་བརྗིད་ཡིན།
                                                  _སྲིན་པོའི་དབུ་ཁྱུད།
  ཁྱེད་ཉིད་དཀའ་སྡུག་གིས་གཟིར་བ་དང་། ཡང་ན་དཀའ་གནད་ལ་འཕྲད་དུས། ཐོག་མར་སེམས་སུ་ཤར་བ་ནི་མི་སུ་ཡིས་ང་ལ་རོགས་རམ་བྱེད་ཐུབ་བམ་ཞེས། ལྷ་དབང་དང་དཀོན་མཆོག་གིསྐྱབས་སུ་འཛིན་རོགས་ཞེས་སྐྱབས་འཇུག་ཞུ་བ་དང་། ཡང་ན་བར་ཆད་ལམ་སེལ་ཡོང་བར་སྨོན་ལམ་བཏབ་ནས་གནས་སྐབས་ཀྱི་འཇིགས་སྐྲག་དང་དངངས་འདར་སོགས་སེལ་ཐབས་བྱེད་ཅིང་། མི་ལ་ལས་དཀའ་གནད་གང་ལ་འཕྲད་ཀྱང་གཞན་སུ་ལའང་སྐྱབས་བཅོལ་བྱེད་པ་མིན་ཏེ། ཕམ་ཁ་དང་དཀའ་ཁག་ནི་རང་གི་མི་ཚེར་སྦྱོང་བརྡར་བྱེད་པའི་གོ་རིམ་ཞིག་ལ་ངོས་འཛིན་བྱེད་ལ། དེའི་ཁྲོད་ནས་རང་གིས་སྦྱོང་བརྡར་བྱས་ཏེ་བརྟན་བརླིང་གིས་གོམ་པས་རྒྱལ་ཁའི་ལམ་ཆེན་གནོན་ནུས་པ་རེད།
  མ་གཞི་ང་ཚོས་འོས་ཤིང་འཚམས་པའི་ངང་ནས་གཞན་གྱི་རོགས་སྐྱོར་དེར་རེ་ཆོག་ཆོག་ཡིན་མོད། འོན་ཀྱང་དེ་ནི་རང་གིས་རང་ཉིད་གསར་གཏོད་བྱེད་པའི་གོ་རིམ་དང་ཐབས་ཤེས་གྲས་ཀྱི་གཅིག་ཙམ་ལས་ཐམས་ཅད་མ་ཡིན་ཏེ ། མི་ལ་ལས་ནམ་རྒྱུན་འདི་སྐད་དུ ། དཀའ་ཁག་ལ་འཕྲད་ཚེ་དཀོན་མཆོག་གི་མདུན་དུ་བུས་མོ་གཉིས་ས་ལ་བཙུགས་ནས་ཞུ་བ་བགྱི་བ་དང་མིའི་རིགས་ཀྱིས་བསམ་ན་ལྷ་ཆེན་གྱི་ནམ་ཡང་མིའི་སྡུག་བསྔལ་སེལ་བར་བྱེད་པའི་མཐུ་ནུས་ལྡན་པར་རེ་བ་འཆང་མོད།འོན་ཀྱང་དེ་ནི་མིའི་རིགས་ཀྱིས་སེམས་རྒྱུད་དུ་སྨིན་པའི་རེ་འདོད་ཀྱི་ཁ་རླངས་ཙམ་ལས་རྟག་ཏུ་མངོན་འགྱུར་འབྱུང་ཐབས་བྲལ།དཀོན་མཆོག་གི་སྡོང་གྲོགས་མཛད་ན་འདོད་པའི་མིས་རྟག་ཏུ་རང་ཉིད་ལ་བདག་པོ་རྒྱག་མི་ཐུབ་ལ། རང་ཉིད་ཀྱི་འཚོ་བའང་ཐབས་ཆག་གིས་རོལ་དགོས་པ་རེད།
       དེ་ཡང་བོད་པའི་སྤྱི་ཚོགས་སུ་འདི་ལྟ་བུའི་གཙོ་རྒྱུགས་བསམ་བློ་ཞིག་ཆགས་འདུག་སྟེ ། དཀོན་མཆོག་གིས་ང་ཚོའི་ལས་དབང་ལ་ཁ་ལོ་སྒྱུར་ཐུབ་པ་དང་། དཀོན་མཆོག་གིས་ང་ཚོའི་འཚོ་གནས་ལ་བདེ་སྐྱིད་ཀྱི་ལོངས་སྤྱོད་སྣ་ཚོགས་སྩོལ་འོང་བའི་ཡིད་ཆེས་བྱེད་ཀྱིན་འདུག ལྷག་ཏུ་ངའི་ཕ་ཡུལ་དུ་འདི་ལྟ་བུའི་ནད་ཡམས་ཤིག་གིས་དུས་རབས་ཀྱི་བསམ་བློ་ལ་འབག་བཙོག་བཟོ་བཞིན་འདུག་སྟེ ངའི་ཕ་ཡུལ་གྱི་རྫོང་མཁར་དེ་ན་སློབ་མ་གང་མང་གིས་མཐོ་རྒྱུགས་སུ་ཞུགས་རན་ལ་ཡོད་པའི་སྐབས་ཟླ་ངོ་གཉིས་གསུམ་ལ་སློབ་མ་རྣམས་དགོན་སྡེར་མངགས་ནས་ཕྱག་མཚལ་བ་དང་སྐོར་བ་བྱེད་པ་སོགས་གཞན་བརྟེན་གྱིས་འཚོ་བ་ཞིག་ལ་རེ་ཞིང་། ནམ་ཡང་དཀོན་མཆོག་དང་ལྷ་ཚོགས་ལ་ལས་སྐལ་བཅོལ་ནས་རང་ནུས་ལ་ཁྱད་གསོད་ཅི་ཐུབ་བྱེད་ཀྱིན་འདུག དོན་དངོས་སུ་དེ་ནི་ཇི་འདྲའི་དགོད་བྲོ་བའི་གནད་དོན་ཞིག་རེད་ལ། གཞར་ཡང་གཞན་ལ་སྐྱབས་བཅོལ་བྱ་བ་ནི་མི་ཡིས་རང་ཉིད་ཀྱི་ནུས་པ་ལ་ཚོད་འཛིན་དང་གཅིན་སྡོམ་བྱས་པ་ལྟར། མིའི་ལྷན་སྐྱེས་དང་ཤེས་རབ་ཀྱི་དབང་རྩ་ཉམས་པར་བྱེད་ནུས་ལ། མི་ཡི་མདུན་སྐྱོད་ཀྱི་གོམ་པའང་གཞོམ་པར་བྱེད་ནུས། ནམ་ཡང་གཞན་ལ་སྐྱབས་བཅོལ་བ་ནི་མི་བུའི་ལུས་སྟེང་གི་ཡམས་ནད་རིགས་ཤིག་སྟེ། ཚེ་སྲོག་གི་འོད་སྣང་དང་སྙིང་སྟོབས་ཀྱི་གོ་ཆ་རུལ་སུངས་སུ་བསྒྱུར་བ་བྱ་ངེས།
    དེ་ཡང་ ༼ཡིད་ཆེས་ཀྱི་ས་བོན་མ་བཏབ་ཚེ། །རྒྱལ་ཁའི་ལྗང་མྱུག་འབས་མི་སྲིད་ལ ། །རང་སྟོབས་ཀྱི་ནུས་པ་མ་བསྐྱེད་ཚེ ། །ཤེས་འཇོན་གྱི་ཕྲ་ཕུང་རྒྱས་མི་བཏུབ། ༽རང་གི་མགོན་ནི་རང་གིས་བྱ་དགོས་ལ། དཀའ་ཁག་གང་རུང་ལ་གདོང་གཏོད་པའི་སྙིང་སྟོབས་སྦྱོང་བརྡར་བྱ་རྒྱུ་ནི་དུས་རབས་འདིའི་ན་གཞོན་པ་རྣམས་ཀྱི་བསླབ་གཞི་ཉག་ཅིག་ཏུ་འདོད་ལ།རང་ཉིད་ཀྱི་ལས་སྐལ་རང་གིས་སྒྱུར་བ་བསླབ་དགོས་ཤིང་།རང་གི་སྟོབས་ཤུགས་ལ་བརྟེན་ནས་མ་འོངས་པ་གསར་གཏོད་དང་ལེགས་འགྲུབ་ཡོབ་བར་འབད་པ་ལྷོད་མེད་བྱ་དགོས།འོན་ཀྱང་བོད་ཀྱི་མི་ཚེའི་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་ལ་འདི་ལྟ་བུའི་སྤྱི་འགྲོས་ཤིག་ཆགས་འདུག་ལ།དེ་ནི་༼ལས་བཟང་ན་ལམ་བཟང་༽ཞེས་པའི་སྲོལ་རྒྱུན་གྱི་འདུ་ཤེས་མངོན་སྟངས་ཤིག་རེད་ལ། འདུ་ཤེས་དེས་མིའི་ཀུན་གཞི་དབང་དུ་སྦྲན་ནས་རང་སྟོབས་ཀྱི་ནུས་པ་སྐྱེད་བསྲིང་བྱེད་པར་ཐེ་གཏོགས་བྱེད་ཀྱིན་འདུག ད་དུང་༼ སྔོན་གསག་གི་ལས་༽ཞེས་ཚེ་སྔོན་མའི་ཅི་བྱས་ལ་ཁ་གཡར་ནས་ཚེ་འདིའི་འཚོ་གནས་ལ་གཅིན་སྡོམ་བྱེད་ཀྱིན་འདུག དེ་ནི་རང་རེའི་གཙོ་རྒྱུགས་རིག་གནས་འབའ་ཞིག་གིས་བཞག་པའི་བག་ཆགས་རེད །
  དཔེར་ན་འཛམ་གླིང་གི་སྒྱུ་རྩལ་བ་ཆེན་མོ་དང་རིག་གཞུང་ཆེད་མཁས་པ། རྩོམ་པ་པོ་དང་རོལ་མོ་པ་གང་མང་ཞིག་གིས་གཞན་སུ་ལའང་སྐྱབས་བཅོལ་བ་མ་ཡིན་ཞིང་། མི་བུ་རང་སྟེང་གི་ནུས་པའི་གཏེར་ཁ་བསྔོག་འདོན་བྱས་ཏེ་ད་གཟོད་འཛམ་གླིང་གི་མིང་དུ་གྲགས་པའི་གར་སྟེགས་ཆེན་མོའི་ཐོག་གཟི་བརྗིད་ཀྱིས་འགྱངས་ཐུབ་པ་རེད།ད་ལྟའི་སྤྱི་ཚོགས་ནི་མིའི་ཤེས་འཇོན་ལ་གཙིགས་ཆེན་བྱེད་པའི་སྤྱི་ཚོགས་ཤིག་ཡིན་པ་ལས་ཞན་བརྟེན་རིང་ལུགས་ཀྱི་དུས་བབས་ནི་སྔ་ས་ནས་འདས་ཟིན་པ་རེད། དེ་ཡང་ང་ཚོས་གཞན་ལ་ལད་མོ་དང་ཡིད་སྨོན་བྱེད་དགོས་དོན་མེད། ང་ཚོས་རང་བདག་རང་སྐྱོང་ཁོ་ན་རྒྱུན་འཁྱོངས་བྱས་ན། ད་གཟོད་དེ་ནི་ཆེད་དབང་མཚོན་པའི་རྟགས་མཚན་ཞིག་ཡིན་པས། དཀོན་མཆོག་དང་ལྷ་ཆེན་སུ་ཞིག་གིས་ཀྱང་ཚབ་བྱེད་མི་ནུས་པ་ཞིག་ཏུ་དགོངས་ཤིང་། མཐར་གཏུག་ན་རང་ལ་རོགས་རམ་བྱེད་ཐུབ་པའི་མི་དེ་ནི་རང་ཉིད་དང་། རང་ཉིད་སྐྱོབས་ཐུབ་པའི་མི་དེའང་རང་ཉིད། རང་ཉིད་ཀྱི་བྱ་བཞག་ཡོད་དོ་ཅོག་དོན་དུ་འཁྱོལ་བ་བྱེད་པའི་མི་དེ་འང་རང་ཉིད་ལས་མ་འདས་སོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིའི་གཟི་བརྗིད།

2011-09-29 སྲིན་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།