ཆེན་པོ་བའི་བྲན་དུ་གྱུར་བའི་ཆུང་བ་དག་ལ།

 ༼དོགས་པ་ཡོད་སར་དོགས་སློང་མི་བྱེད་ན་སློབ་གཉེར་བྱེད་པ་མིན༽ཞེས་པའི་སྐད་ཆ་ཚོན་པོ་འདི་ང་རང་ཚོའི་ཁོར་ཡུག་ཏུ་དྲུད་འོངས་ནས་རང་ཉིད་ལ་རྒྱ་མར་འཇལ་ན།ཁྱོད་ལ་རྒྱ་མ་ག་ཙམ་ཡོད་དམ།ང་ལ་རྒྱ་མ་ག་ཚོད་འདུག་གམ།ཁོའམ་ཁོ་མོ་ཚོར་ལྗིད་ཚད་ཅིག་འདུག་གམ།ཡང་སྙིང་དོགས་པ་ཡོད་སར་དོགས་སློང་བྱ་དགོས་པའི་ང་རང་ཚོར་དོགས་པ་ཡོད་སར་དོགས་སློང་བྱེད་པའི་དཔའ་སྙིང་ཡོད ་དམ།ང་རང་ཚོའི་ཤེས་ཡོན་པའི་སྡེ༼གཞན་དག་ཀྱང་འདུ༽ལ་མིག་གིས་བལྟས་ཤིང་རྣ་བས་ཉན་ཡིད་ཀྱིས་དཔྱད་ན།དོགས་པ་ཡོད་སར་དོགས་སློང་བྱ་དགོས་ཞེས་མང་མང་གིས་སྒྲོག་གིན་ཡོད་ནའང་ལག་ཏུ་བསྟར་མཁན་ག་ཚོད་ཡོད།ང་རང་ཚོར་མཚོན་ན་དོགས་པ་ཡོད་སར་དོགས་སློང་བྱ་རྒྱུ་ང་རང་ཚོ་དང་ཅུང་ཉེ་བའི་སྐས་རིམ་དང་བོ་ན་མེད་པར་རྒྱང་ཐག་གིས་བཅད་པའི་སྐས་རིམ་གཉིས་པ་རུ་ཡོད།དོགས་པ་ཡོ ད་སར་དོགས་སློང་བྱ་དགོས་པའི་སྐས་རིམ་གཉིས་པ་དེ་རུ་ཐོན་དགོས་ན་ངེས་པར་དུ་སྐས་རིམ་དང་བོར་བརྒལ་དགོས།སྐས་རིམ་དང་བོ་ནི༼དོགས་པ་ཅན་དག་དོགས་པ་ཅན་དུ་ངོས་ཟིན་དགོས༽ཞེས་པ་དེ་ཡིན།དོགས་པ་ཅན་མང་དག་ཅིག་དོགས་པ་ཅན་དུ་འདོད་ཐུབ་ཀྱིན་མེད་པས་ང་རང་ཚོས་དོགས་པ་ཡོད་སར་དོགས་སློང་བྱས་པས་མི་འོང་བར་དོགས་པ་མེད་ས་དེ་དོགས་པ་ཅན་དུ་བསྒྱུར་དགོས།
 ༼བོད་ཀྱིས་མི་དོན་ལྷ་དོན་དུ་བཟུང་ནས་བཤད་ལ་ནུབ་གླིང་བས་ལྷ་དོན་མི་དོན་ལ་བསྒྱུར་ནས་བཤད༽ཅེས་པ་ལྟར་ང་རང་ཚོས་མང་མང་ཞིག་ལྷ་རུ་བསྒྱུར་ནས་འགྱུར་ཚར་ལ་ཕྱག་ཀྱང་འཚལ་ནས་ཐོད་པ་ན་བའི་ཚོད་ལ་ཐོན་ཡོད།མི་ལྷ་རུ་འགྱུར་དགོས་ན་ང་རང་ཚོས་བསྒྱུར་དགོས་པ་མ་ཡིན་པར་མི་རང་ཉིད་ཀྱིས་འགྱུར་དུ་འཇུག་དགོས།མང་བོ་ཞིག་ལྷ་རུ་བསྒྱུར་ཚར་བས་གཞན་མང་བོ་ཞིག་འདྲེ་ལ་གྱུར་བཞིན་འདུག་ལ་འདྲེ་མང་བོ་ཞིག་མེད་པར་གཏང་དགོས་ན་ལྷ་དག་ནས་མགོ་རྩོམ་དགོས།ལྷ་ནི་འདྲེ་ཡི་འབྱུང་ཁུངས་ཡིན་ལ་འདྲེ་ནི་ལྷ་ཡི་བསྐྱེད་འབྲས་ཡིན།མང་མང་ཞིག་གིས་ཕྱག་འཚལ་གྱིན་པ་འདིས་མང་མང་ཞིག་ནོར་ཏུ་བསྒྱུར་བཞིན་པའང་ཤེས་དགོས་པའི་གནད་དོ།།ལྷ་འདྲེ་གཉིས་འགོག་ན་མཉམ་དུ་དགག་དགོས་ལ་ནོར་དང་ཕྱག་འཚལ་མཁན་ཡང་མཉམ་དུ་རྩྭ་ཐང་ནས་འཚོ་དགོས།
   ང་རང་ཚོས་དོགས་པ་མེད་སར་དོགས་པ་བཙལ་དགོས་ལ་དོགས་པ་ཡོད་སར་དོགས་སློང་བྱ་དགོས།ད་དུང་དགེ་ཆོས་དང་རང་གྲོལ་སོགས་ལ་དོགས་པ་མ་བྱས་པར་མུ་མཐུད་དུ་ཕྱག་འཚལ་ན་དགེ་ཆོས་ནི་དགེ་ཆོས་ཙམ་དང་རང་གྲོལ་ཡང་རང་གྲོལ་ཙམ་དུ་འགྱུར་འགྲོ་བས།ད་ལྟ་དང་མ་འོངས་པར་དགེ་ཆོས་དང་རང་གྲོལ་ལྟ་བུ་ལས་འབྱུང་མི་ཐུབ་ལ་ང་རང་ཚོའི་ཁོར་ཡུག་འདི་འདྲ་ནས་དགེ་ཆོས་དང་རང་གྲོལ་ལྟ་བུ་ཡང་འབྱུང་དཀའ།ང་རང་ཚོས་དགེ་ཆོས་དང་རང་གྲོལ་ལ་སློབ་སྦྱོང་བྱེད་དོན་ནམ་ང་རང་ཚོར་མཁོ་བ་ནི་དགེ་ཆོས་དང་རང་གྲོལ་མིན་པར་དགེ་ཆོས་དང་རང་གྲོལ་ལས་ལྷག་པའི་ལྷ་ཚོགས་དེ་དག་གོ།དགེ་ཆོས་ནི་གླེང་མི་ཚར་བ་དེ་མིན་ལ་རང་གྲོལ་ནི་སྤྱད་མི་ཚར་བ་དེའང་མིན་པས་ང་རང་ཚོར་དགེ་ཆོས་དང་རང་གྲོལ་གྱིས་ག་ལ་ཆོག་ཨང་།
                                               ༢༠༡༡.༩.༢༤ལ་སློབ་གླིང་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆེན་པོ་བའི་བྲན་དུ་གྱུར་བའི་ཆུང་བ་དག་ལ།

2011-09-26 བྱང་ཁུ་ལོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།