སྐུ་ཞབས་སྐྱབས་ཆེན་གྱི་སྙན་དུ།

  སྤྱིར་ན་སྔར་བཞིན་འབོལ་རྩོམ་ཐན་ཐུན་རེ་བྲིས་ཏེ་ཕན་ཚུན་ལ་དམའ་ཕབ་པར་ང་རང་དགའ་བོ་མེད་ལ།ཁྱེད་ཀྱང་དེ་འདྲ་ཡིན་པ་ཁོ་བོས་ཤེས།ཡིན་ནའང་།ད་རེས་ནི་སྐད་ཆ་ཞིག་ཅིས་ཀྱང་འདི་ལྟར་བཤད་དགོས་སོང་།ཁྱོད་ཀྱིས་བོད་ན་མཁས་པ་མང་པོ་ཡོད་ཟེར།ད་དུང་མི་ལ་ལྷའི་མཚན་གསོལ་བ་འགའ་ཞིག་དྲངས་ནས་རང་གི་ལྟ་བ་ལ་བདེན་པའི་དཔང་བོ་བཙུགས་འདུག་ན།ངས་ཀྱང་བདེན་ཁ་སྟེར་དགོས་པ་འདྲ་མོད་དེ་ལྟར་ནི་མ་ནུས།
  སྤྱིར་ན་ངས་ནི་བོད་ཀྱི་ལོ་རྒྱུས་ལ་མིག་མདངས་ཧ་ཅང་སྐྱོ་བོ་ཞིག་གིས་ལྟ་བཞིན་ཡོད།དེ་ཡང་བོད་ཀྱི་འདས་པ་ནི་སྐྱ་ཐག་ཆོད་པ་ཞིག་རེད་ལ།ད་ལྟ་ཡང་དེ་ག་ལས་མ་འདས།ཐ་ན་ང་ཚོར་འཛམ་གླིང་ལ་ངོམ་དུ་རི་བའི་མཁས་པ་དང་མི་ཆེན་ཀྱང་སྐྱེས་མ་མྱོང་།ཁྱོད་ཀྱིས་ཕྱི་གླིང་གི་འཁྲབ་སྟོན་པ་དང་སྙན་ངག་པ་སོགས་དྲངས་ནས་དེ་དག་གིས་ཀྱང་བོད་ཀྱི་སྲོལ་རྒྱུན་ལ་མཚར་དུ་འཛིན་གྱིན་ཡོད་ན་བོད་ཀྱི་ན་གཞོན་དག་གིས་དེར་དགག་པ་ནི་གསེར་ངོ་གསེར་དུ་མ་ཤེས་པའི་སྐྱོན་དུ་སོང་འདུག་གསུངས་པ་ཡིས།ངས་ནི་ལོ་རབས་དགུ་བཅུ་བའི་མཇུག་དང་དུས་རབས་ཉེར་གཅིག་གི་འགོའི་བོད་ཀྱི་མི་རབས་དེའི་སློབ་གསོ་ལ་རྨང་ནས་ཕན་ཁ་ཉོས་ཡོད་པ་ཧ་གོ་སོང་།དེ་མ་ཐག་རང་སེམས་ཀྱང་ཤིན་ཏུ་ནས་སྡུག་པོ་བྱུང་སོང་།དེའི་རྒྱུ་རྐྱེན་ནི་ངས་རང་གི་ཕྲག་གོང་ལ་ལྷུང་བའི་མགན་ཁུར་དེ་སྔར་ལས་རྡབ་གཅིག་གིས་ལྕི་རུ་སོང་འདུག་པ་རྟོགས་པས་ཡིན།
  གཅིག་ན་ཁྱོད་ཀྱིས་བོད་ཀྱི་མི་རབས་གསར་བ་འདིས་དགེ་ཆོས་དང་དོན་རྒྱལ་གཉིས་ཀ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་སུ་བཞེངས་ནས་སྐྱབས་སུ་མཆི་བ་རེད་ཟེར་བ་འདི་ནི་དོན་དངོས་ལ་བསྙོན་འདིང་བའི་སྐྱོན་དུ་སོང་འདུག་སྟེ།ཁྱོད་ཀྱིས་ང་ཚོས་རྗེས་དྲན་བྱེད་ཀྱིན་པ་ཙམ་མ་གཏོགས་རྗེས་དྲན་གྱི་སྐབས་སུ་གང་བཤད་པ་དེ་མ་གོ་བར་འོལ་ཚོད་ཀྱིས་གཏམ་སྨྲ་བ་ནི་མི་བསམ་ཤེས་ཤིག་གི་བསམ་སྦྱོར་དང་ཡ་བྲལ་དུ་སོང་འདུག་པས་ན།ངས་ཅིས་ཀྱང་ལེགས་སོ་ཟེར་མ་ཐུབ།
  དུས་རབས་སྔོན་མ་དག་བསྐྱུར་ནས་དུས་རབས་ཉི་ཤུ་བ་གཅིག་པུ་གླེང་ན།དེ་ནི་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོར་འཕེལ་རྒྱས་སྔ་ན་མེད་པ་བྱུང་བའི་དུས་རབས་ཤིག་སྟེ།མིའི་རིགས་ཀྱིས་དུས་རབས་ཉི་ཤུ་བར་བླངས་པའི་གྲུབ་འབྲས་ནི་དེའི་ཡར་སྔོན་གྱི་ལོ་ངོ་སྟོང་གཉིས་ཀྱི་རིང་ལ་བླངས་པའི་གྲུབ་འབྲས་དང་དོ་མཉམ་པར་འདུག་ཅེས་ཕྱི་གླིང་གི་མཁས་པ་ཀུན་གྱིས་སྨྲ།ཡིན་ནའང་རང་ཅག་གིས་མགོ་བོ་ཕྱིར་འཁོར་ནས་བོད་དུ་ཐེངས་ཤིག་བལྟས་ན།རང་རིགས་ཀྱིས་དེའི་ཡར་སྔོན་གྱི་ལོ་ངོ་སྟོང་གཉིས་དང་མི་འདྲ་བའི་འབུར་ཐོན་གྱི་བྱ་གཞག་ཅི་ཞིག་འགྲུབ་ཡོད།ཐ་ན་བག་ཚ་མི་དགོས་པར་མི་རིགས་གཞན་ལ་གླེང་བར་བྱ་བའི་མི་སྣ་ལའང་གཉིས་མ་གཏོགས་མེད་དེ།དེ་ནི་དགེ་ཆོས་དང་དོན་རྒྱལ་ཅི་ལ་མིན།
   དུས་རབས་ཉི་ཤུ་བའི་འཛམ་གླིང་ལ་ལྟོས་དང་།ཨེ་དབྱིན་ཟི་ཐན།ཧྥོ་རོ་དབྱི་ཏུ།རོང་གུར།མ་ཟི་ལོ།ས་ཐི།ཅ་མོའོ།ཨེ་ལེ་ཐུ།གོར་ཇི།ལོ་མན་ལོ་ལན།ཕོ་ཧྥོའུ་ཝ།ལོ་སུའུ།ཧྥོ་རོ་མོ།ཁ་ཧྥུ་ཁ།མེས་ལན་ཁོང་རྡུ་ལ།ལེ་ཨར་ཁུ།ཁུག་ལེ་མྰ།བྷོ་ཨར་ཧི་ཟི།ཟ་ཨར་ཝ་རྡོ་ད་ལི་ལ་སོགས་པ་དེ་དག་ཀྱང་དུས་རབས་ཉི་ཤུ་བར་བྱུང་བ་ཡིན་ཏེ།དེ་དག་གིས་མིའི་རིགས་ཀྱི་ལས་དབང་དང་མདུན་ལམ་ལ་ཤུགས་རྐྱེན་ག་འདྲ་ཞིག་བཞག་ཡོད་པ་ངས་མ་བཤད་ཀྱང་ཁྱོད་ཀྱིས་ཤེས་ཏེ།ཐ་ན་འཛམ་གླིང་གི་སྒྱུ་རྩལ་དང་རྩོམ་རིག་གི་ཁ་ཕྱོགས་ལའང་ཤུགས་རྐྱེན་མི་དམན་པ་གཞག་ཡོད་ན།བོད་དུ་ཁྱོད་ཀྱིས་བཤད་ཀྱིན་པའི་མཁས་པ་མང་པོ་དེ་གང་དུ་བུད་སོང་བ་ཡིན།ཕྱི་བ་བཞིན་རང་གི་ཁུང་བུ་ལ་དགུན་ཉལ་བྱེད་དུ་སོང་ཟིན་པ་ཨེ་རེད།ཐ་ན་རང་རིགས་ཀྱི་ཁྱིམ་འཚེས་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག་ལྟ་བུར་མཚོན་ནའང་།གན་རྡི།ཐེ་གོར།ཧོ་ཧྲི།ལེས་ཏ་ཀྲོ།ཁྲིན་ཏོའོ་ཞིག།ལོའུ་ཞུན་སོགས་མི་རིགས་དང་རྒྱལ་ཁབ་ཀྱི་ལས་དབང་ལ་འགྱུར་བ་བཟོ་སྤོབས་པའི་མི་བོ་ཆེ་བྱུང་མྱོང་ན།སྐབས་དེ་དུས་ཀྱང་ཁྱོད་ཀྱིས་གསུངས་ཀིན་པའི་བོད་ཀྱི་མཁས་པ་མང་པོ་དེ་དག་རྔོན་པ་ལ་སྐྲག་པའི་སྤྱང་ཀི་བཞིན་རྡོ་དང་ས་ཡི་ཁུང་བུར་མཛུལ་ནས་མགོ་བོ་ཙམ་ཡང་ཕྱི་ལ་སྟོན་མ་ནུས་པར་སྡོད་པ་ཨེ་རེད།
   དེ་ནས་གཞན་ཞིག་བཤད་ན།ད་ལྟ་ནུབ་གླིང་བའི་འཁྲབ་སྟོན་པ་དག་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་མཐོང་ཆེན་བྱེད་དུས།ཁྱོད་ཀྱིས་དེ་དག་གིས་དགེ་ཆོས་དང་དོན་རྒྱལ་ལ་མཐོང་ཆུང་བྱེད་ཀྱིན་པ་མཐོང་བ་ཨེ་ཡིན།དེ་མིན་ན་དེ་གཉིས་ཀྱི་བར་ན་འགལ་ཁྱད་ཅི་ཞིག་ཡོད་པ་ཁོ་བོས་ནི་ཧ་གོ་མ་སོང་སྟེ།དེ་དག་གིས་དགེ་ཆོས་དང་དོན་རྒྱལ་ཀྱང་བོད་ཀྱི་རིག་གནས་པར་བརྩིས་ནས་དགའ་གུས་བྱེད་ཀྱིན་པ་ཁོ་བོས་ཀྱང་ཐོས་སྟེ།དེ་ཙམ་གྱིས་ནུབ་གླིང་བ་དག་གིས་དགེ་ཆོས་དང་དོན་རྒྱལ་ནི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས་སུ་སྐྱབས་སུ་མཆི་བར་མི་འགྱུར་སྟེ།ང་ཚོ་བོད་ཀྱི་མི་རབས་གསར་བས་ཀྱང་དེ་ལྟར་མི་འགྱུར་རོ།།
   མཐར་ཁྱོད་ཀྱིས།བོད་ཀྱི་གསར་བུ་དག་ལོག་ལམ་དུ་ཁྲིད་མཁན་གྱི་རྒན་པ་དག་ལ་ལེ་བདའ་དང་མཐོང་ཆུང་བྱ་རྒྱུ་ཡིན་ཟེར་དུས།ངས་དེ་མ་ཐག་ལོ་ངོ་སྟོང་གཉིས་དང་ཕྱེད་ཀའི་ཡར་སྔོན་ཞིག་ལ།ཡ་ཏེན་པ་དག་གིས་ན་གཞོན་ལོག་ལམ་དུ་ཁྲིད་པའི་ཉེས་མིང་གིས་མགོ་གཅོད་སྟེགས་བུ་རུ་ཁྲིད་པའི་རྒན་པོ་སོའུ་ཁུ་ར་ཐེ་དྲན་ཡོང་ལ།དུས་རབས་ཉི་ཤུ་བའི་ལོ་རབས་སུམ་ཅུ་བར་ཡང་དབྱིན་ཇི་བ་དག་གིས་ན་གཞོན་ལོག་ལམ་དུ་ཁྲིད་པའི་ཉེས་མིང་གིས་མུན་པའི་བཙོན་དུ་བཅུག་པའི་གན་རྡི་དྲན་ཡོང་།དེ་དང་མཉམ་དུ།ཁྱོད་ཀྱིས་གོང་གི་སྐད་ཆ་དེ་བཤད་དུས།ཁྱོད་ཀྱང་བོད་ཀྱི་དུས་རབས་ཉེར་གཅིག་གི་དུས་འགོའི་ལོ་རྒྱུས་ཀྱི་ཉེས་ཅན་མི་སྣ་རུ་གྱུར་ཚར་འདུག་པ་ཁོ་བོས་རྟོགས།
   ལར་བོད་ཀྱི་ན་གཞོན་སྐོར་ཞིག་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ནང་ཆོས་ལ་དེ་འདྲའི་དགའ་བོ་མེད་པའི་རྣམ་འགྱུར་སྟོན་གིན་པ་བདེན།དེ་དག་གི་གྲས་སུ་རང་ཉིད་ཀྱང་ཡོད་དོ་ཞེས་དགའ་མོས་ཆེན་པོས་སྨྲ་བར་སྤྲོ།དེ་ཡང་དོན་གྱིས་ནི་བོད་ཀྱི་ནང་ཆོས་གཙོའི་སྲོལ་རྒྱུན་རིག་གནས་ཀྱིས་མི་སེར་དང་འཁོར་བ་བོའི་བདེ་སྡུག་ཡལ་བར་བོར་ནས་བར་སྣང་གི་གཏམ་རྒྱུད་ཁོ་ན་བཤད་པས་ཡིན་ཏེ།ད་ལྟ་ཁྱོད་དང་ཁྱོད་ཀྱི་འཁོར་གཡོག་དག་གིས་འབྲི་བཞིན་པའི་སྒྱུ་རྩལ་བརྩམས་ཆོས་དེ་དག་ཀྱང་ཁོ་བོས་ནི་བར་སྣང་གི་གཏམ་རྒྱུད་འབའ་ཞིག་ཏུ་འཇོག་རྒྱུ་ཡིན།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐུ་ཞབས་སྐྱབས་ཆེན་གྱི་སྙན་དུ།

2011-09-25 ཁ་བ་སྙིང་ལྕགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།