གླེང་མི་ཚར་བའི་དགེ་འདུན་ཆོས་འཕེལ།

  དེ་སྔོན་ཁོ་བོའི་གཏམ་བཤད་ཅིག་ཏུ“དབྱིན་ཇིའི་མི་ཞིག་ལ་མཚོན་ན།དབྱིན་ཇིའི་རིག་གནས་སྟེང་ནམ་ཡང་བརྗོད་མི་ཚར་ཞིང་ནམ་ཡང་གསལ་པོར་བརྗོད་ཐབས་མེད་པའི་ཤིག་སེ་ཕེར་ཡོད་པར་སྨྲ་ལ།རྒྱ་མི་རིགས་ལ་མཚོན་ན།རྒྱ་ནག་གི་རིག་གནས་སྟེང་ནམ་ཡང་བརྗོད་མི་ཚར་ཞིང་ནམ་ཡང་གསལ་པོར་བརྗོད་ཐབས་མེད་པའི་ལུའུ་ཞུན་ཡོད་པར་གྲགས།འུ་ཅག་བོད་ལ་མཚོན་ན་དེ་བཞིན་དུ་དགེ་ཆོས་མཆོག་ནི་བོད་ཀྱི་རིག་གནས་བསམ་བློའི་ལོ་རྒྱུས་ཁྲོད་དུ་ནམ་ཡང་བརྗོད་མི་ཚར་ཞིང་ནམ་ཡང་གསལ་པོར་བརྗོད་ཐབས་མེད་པའི‘གཞི་གྲུབ’ཅིག་རེད”ཅེས་བརྗོད་པ་ལྟར།དགེ་ཆོས་ལགས་ནི་དུས་རབས་ཉི་ཤུ་པའི་ནང་དུ་བོད་ལ་སྐར་ཆེན་ལྟ་བུའི་སྐྱེས་བུ་སྐོར་ཞིག་བྱོན་མྱོང་བ་ལས་འཛམ་གླིང་སྒང་ལ་ངོམ་དུ་རི་བ་དང་གླེང་མི་ཚར་བའི་སྐྱེས་ཆེན་གྲས་ཀྱི་གཅིག་རེད།
ཁོང་གིས་གང་བྱས་ཇི་མཛད་ཐམས་ཅད་བོད་ལ་ཕན་པ་ཞིག་ཨེ་འབྱུང་གི་བསམ་བློ་དང“མི་ཟས་ཡུན་རིང་ཟས་པའི་རིན་འབབ”ཞིག་ཏུ་སྒོམ་གྱི་ཡོད་པ་ལས་དེང་གི་བོད་རིག་པའི་དར་ཆ་འཕྱར་མཁན་གྱི་ཞིབ་འཇུག་པ་དག་ལྟར་དུ་ལས་གཞི“གནད་ཆེ”ཞིག་དང་།བླ་མ་མཁན་པོ་སློབ་དཔོན་སོགས་ཀྱི་ཆོ་ལོ་འཁྱེར་བའི་རྒྱ་བླ་རྣམས་བཞིན་དུ་ཆོས་ཡོན་སྤམ་མཐུག་པོ་ཞིག་ལ་དམིགས་པ་ག་ལ་ཡིན་ཏེ་མ་ཡིན་ནོ།།དེའི་རྐྱེན་གྱིས་དགེ་ཆོས་ལགས་ཀྱིས“གཞོན་དུས་དགའ་བའི་ཆུང་མ་ངས་མ་བླངས།།རྒས་དུས་དགོས་པའི་ནོར་རྫས་ངས་མ་བསགས།།སྤྲང་པོའི་མི་ཚེ་ལྕགས་སྨྱུག་ལྷན་ཅིག་ཏུ།།རྫོགས་པ་འདི་ནི་བདག་གི་སྣང་བ་སྐྱོ”ཞེས་གསུངས་པ་རེད།
  གོང་གི་ཤོ་ལོ་ཀ་འདི་ནི་དགེ་ཆོས་ལགས་ཀྱི་བསྡུས་གཟུགས་ཡིན་པ་དང་།ངེས་པ་དོན་གྱི་ཤེས་ཡོན་ཅན་ཞིག་གི་བསྡུས་གཟུགས་ཀྱང་རེད།མ་ཟད།འདི་ནི་དགེ་ཆོས་ལགས་ཀྱི་སྐྱོ་གར་རེད་ལ་ཤེས་ཡོན་ཅན་གྱི་སྐྱོ་གར་ཡང་རེད།ཡང་གཅིག་བཤད་ན་བེེཌཱུརྱའི་བུམ་པ་རྡོ་ལ་བརྡབས་པའི་སྐྱོ་གར་བྱུང་དོན་ཡང་བདེན་སྨྲ་སྙིང་སྟོབས་དང་དཔྱོད་ཤེས་བློ་མིག་དང་དགག་སྒྲུབ་རྣམ་དཔྱོད་སོགས་མངའ་བས་མ་ཡིན་ནམ།རང་རེ་ལ་སྐྱོ་གར་གྱི་ལས་དབང་ཐོད་ལ་ལེན་མཁན་གྱི་དགེ་ཆོས་ལྟ་བུའི་རྣམ་དཔྱོད་ཅན་དང་ཤེས་ཡོན་ཅན་ག་ཚོད་ཡོད་ཨང་།
  སྐྱོ་གར་གྱི་ལས་དབང་ཐོད་ལ་ལེན་མཁན་དག་གི་གཏམ་རྒྱུད་དང་།“རིག་པ་བདེན་པའི་གཟི་བརྗིད”“གསེར་དང་མཚུངས་པའི་རྣམ་དཔྱོད”“རིག་པའི་ང་རྒྱལ”སོགས་ནམ་ཡང་གླེང་མི་ཚར་ཞིང་གླེང་རི་བ་ཞིག་ཀྱང་ཡིན་ཙ་ན།“མ་རིག་པའི་སྨྱོ་ཆུ་འཐུངས་འཐུངས་པའི་སྨྱོན་པ་ཆེན་པོ”ཞེས་བརྗོད་མཁན་གྱི་དགེ་བཤེས་ཤེས་རབ་རྒྱ་མཚོ་ལགས་དང་།“དགེ་འདུན་ཆོས་འཕེལ་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་པའི་མཁས་པ་གཅིག་མིན་གཉིས་མིན་ས་དགེ་རྙིང་གསུམ་བཀའ་རྒྱུད་ཇོ་ནང་སོགས་ཆོས་རྒྱུད་གྲུབ་མཐའ་གང་གི་ནང་དུ་ཡང་མང་དུ་བྱོན་འདུག”ཅེས་ཆོས་འབྱུང་ལོ་རྒྱུས་དེབ་ཐེར་གསུང་འབུམ་སོགས་དཔང་དུ་འཇོག་མཁན་གྱི་དོར་ཞི་གདོང་དྲུག་སྙེམས་བློ་ལགས།“དགེ་ཆོས་ཀྱི་མགོ་ལེབ་ལེབ”ཡིན་པར་སྐུར་བ་འདེབས་པའི་བློ་བཟང་ཡོན་ཏན་ལགས།དམར་པོའི་གསར་བརྗེ་བ་རུ་བསྙད་པའི་ཨ་རིའི་བོད་པ་ལགས།“དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ་གཉིས་ཀ་ཁ་རུ་མ་ཎི་འདོན་འདོན་བྱེད་ཀྱིན་འདུག”ཅེས་རི་བོང་གནམ་རྡིབ་ཀྱི་སྨྲེ་སྔགས་འདོན་པའི་སྐྱབས་ཆེན་བདེ་གྲོལ་ལགས་སོགས་ཀྱིས་དགེ་ཆོས་ལགས་ལ་འཕྱ་སྨོད་པ་དང་དམའ་ཕབ་པ་དང་ཅོ་འདྲི་བ་དང་སྐུར་བ་འདེབས་པ་སོགས་ཇི་ལྟར་བྱས་ཀྱང་དེ་ནི་མུན་ནག་ཉི་འོད་ལ་རྒོལ་བ་དང་ར་གན་གསེར་ལ་སྡང་བ་ཁོ་ནར་ཟད།
   གལ་ཏེ་དགེ་ཆོས་ལགས་ད་ལྟ་མི་ཡུལ་དུ་བཞུགས་པའི་ཆ་འཇོག་ཅིག་བྱེད་ཚེ་ཁོང་གིས་རང་ལ་སྡང་མཁན་དག་ལ་འདི་སྐད་དུ།“དྲེགས་ལྡན་འུག་པ་ཁྲོས་པའི་ཧ་ཧ་དང་།།བླུན་པོ་ཕག་གིས་བརྙས་པའི་ཧུམ་སྒྲ་དང་།།བློ་ཆུང་བྱིས་པ་དགོད་པའི་སྣ་གཉེར་ལ།།འཇིགས་པའི་ཡ་ང་བདག་ལ་ཡོད་མ་ཡིན”ཞེས་གསུངས་ངེས་སོ། །
 
                                                                                                             2011ལོའི་ཟླ9པའི་ཚེས23ཉིན་ལན་གྲུ་རུ།

རྩོམ་ཁུངས། སེང་རྡོར་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གླེང་མི་ཚར་བའི་དགེ་འདུན་ཆོས་འཕེལ།

2011-09-23 མེ་ལྕེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།