རེབ་གོང་བའི་འབོལ་རྩོམ་གྱི་ཁག་གསུམ་པ་དང་བཞི་བ།

    མེ་ཏོག་བཙོངས་པའི་སྤྲུལ་སྐུ།
   སྤྲུལ་སྐུ་བསྟན་འཛིན་སྙན་གྲགས་ཟེར་བ་ཞིག་གིས་བོད་ཡུལ་གྱི་ས་ཆ་སོ་སོར་སོང་ནས་ཆོས་བཤད་ཀྱིན་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་ལགས་ལ་ཁོ་བོ་ནི་གྲྭ་ས་ནས་རིག་གནས་མི་སློབ་པར་ནམ་ཡང་དམངས་ཚོགས་ལ་ཆོས་བཤད་པར་རྣ་བ་ཅོར་བའི་སྐུ་ལོ་ཞིག་ཡིན་པའང་བཤད་མི་དགོས་པ་ཞིག་རེད།དམངས་ཚོགས་ཀྱི་དད་པའང་སྒོར་མོས་ཐག་གཅོད་བྱེད་ཀྱིན་ཡོད་པས་སྤྲུལ་སྐུ་བསྟན་འཛིན་སྙན་གྲགས་ཀྱིས་འབུལ་བ་མི་དགོས་པའི་སྐད་ཆ་སྔོན་ལ་བསྒྲགས་ཏེ་རྗེས་སུ་རང་ཉིད་ཆོས་བཤད་པར་ཡོང་བ་ལ་བསུ་མ་ཡོད་པའི་གྲ་སྒྲིག་ཕུན་སུམ་ཚོགས་པ་ཞིག་བྱེད་པ་ནི་ཁོའི་ཆབ་སྲིད་ཀྱི་བསམ་བློ་ཞིག་རེད་ཅེས་དེང་དུས་གླེང་མཁན་འགའ་རེ་ཡོད་མོད་དེ་དག་ཀྱང་སྡེ་བའི་ནང་གི་ལྟ་ལོག་པར་བགྲངས་པའི་ཞྭ་མོ་དེར་སྐྲག་ནས་འདང་རྒྱག་དེ་ནི་སེམས་ཀྱི་གསང་བ་ཞིག་ཏུ་སྒོམ་ཡོད།
    མི་དེ་ཚོར་ཞིབ་ཏུ་བྲིས་ཚེ་སྤྲུལ་སྐུ་བསྟན་འཛིན་སྙན་གྲགས་ཀྱིས་ཆོས་བཤད་པའི་ཡོན་དུ་སྒོར་མོ་དངོས་སུ་སྟེར་མི་དགོས་ནའང་ཁོ་ལ་འབུལ་དགོས་པ་ནི་མེ་ཏོག་ཡིན་ལ་མེ་ཏོག་དེ་ཁོའི་འཁོར་གཡོག་གིས་བཙོང་གིན་ཡོད།དེ་ལ་རིན་གོང་འདི་ཡིན་ཞེས་གཏན་ཁེལ་མེད་པར་རང་ཉིད་ཀྱི་སེམས་ཀྱིས་ལོངས་ཚོད་བྱིན་ཆོག་ཅེས་བཤད་ནའང་དམངས་ཚོགས་ཀྱིས་ཆོས་བཤད་པའི་ཡོན་དུ་སེར་སྣ་བྱེད་མི་ཉན་པར་བཤད་པའི་བསམ་བློ་དེའི་དབང་གིས་མེ་ཏོག་རྐང་གཅིག་ལ་ཆེས་དམའ་བ་སྒོར་བཅུ་སྟེར་གྱིན་ཡོད་ལ་སྒོར་བཅུ་སྟེར་མཁན་ཡང་བརྒྱ་ཆའི་ཉི་ཤུ་ཡོད་རྒྱུ་མ་རེད་ཟེར།དེ་ལྟར་སོང་ན་སྤྲུལ་སྐུ་བསྟན་འཛིན་སྙན་གྲགས་ལོ་གཅིག་གི་ནང་དུ་བོད་ཡུལ་གྱི་ས་ཆ་ག་ཚོད་ཅིག་ལ་ཆོས་བཤད་པར་འགྲོ་བཞིན་ཡོད་པ་དང་མི་གྲངས་ཅི་འདྲ་ཞིག་གིས་ཁོའི་མེ་ཏོག་ཉོས་ཡོད་པར་བསམ་བློ་བཏངས་ན་ཁོ་ནི་དམངས་ཚོགས་ཀྱི་ཤ་ཁྲག་ཐབས་ཤེས་ཀྱིས་འཇིབ་པའི་སྲིན་འབུ་ཁོག་ངན་ཞིག་ཡིན་ལ་ཁོས་བཞིབས་ཟིན་པའི་སྒོར་མོ་དེ་དག་ཧྲུལ་བོའི་གོས་དང་སྐྱ་བོའི་ཟས་བསྟེན་ནས་ཐོས་བསམ་གྱི་རྒྱུན་མ་ལྷོད་པའི་གྲྭ་རྐྱང་མང་པོར་མཐུན་རྐྱེན་དུ་སྦྱར་གྱིན་ཡོད་ན་ད་དུང་ཆོག་གི་ཞེས་བཤད་རུང་བར་སེམས།
 
   སྤྲུལ་སྐུས་མནན་པ་བླངས་པ།
    མི་ལོ་བཅུ་ལྷག་གི་ཡར་སྔོན་ཞིག་ལ་རེབ་གོང་ས་ཁུལ་གྱི་སྡེ་བ་ཞིག་གི་ནང་དུ་སྐུ་སྔོན་མ་ས་ཆ་དེར་སྐྱེས་མྱོང་བའི་སྤྲུལ་སྐུ་ཞིག་གི་ཡང་སྤྲུལ་ཡིན་ཞེས་གྲྭ་བ་ཞིག་ཐོན་འོང་།གྲྭ་བ་དེར་སྐུ་སྔོན་མའི་ཁྱིམ་ཚང་གིས་གནས་ལེན་གཟབ་རྒྱས་བྱས་པར་མ་ཟད་རུ་ཁ་ཁྱིམ་ཚང་མང་པོ་ཞིག་གིས་ཇ་དྲངས་ཤིང་འབུལ་བ་ཕུལ་བ་སོགས་འུར་ཟིང་གི་རྣམ་པས་ཁེངས་པ་དང་།ད་དུང་བླ་མ་དེས་ནད་པ་ཉམ་ཐག་ནད་ལས་ཐར་བར་འཇུག་ཐུབ་པར་བསྒྲགས་ཏེ་ནད་པ་འགའ་རེ་སོང་མོད་ཅི་ཡིན་འདི་ཡིན་མེད་པར་གཅར་རྡུང་བྱེད་པ་དང་ཕྱི་ཉིན་ནད་པ་དེས་ཀྱང་ནད་ཇེ་བཟང་ལ་སོང་ཡོད་པར་བཤད་པ་སོགས་རྨོངས་པའི་འཁོར་ལོ་མང་དུ་བསྐོར་བ་དང་།ལྷག་པར་དུ་སྐུ་སྔོན་མའི་ཁྱིམ་ཚང་གི་ཆོས་སྒམ་ནང་དུ་གནའ་སྐུ་ལུ་མ་ཞིག་ཡོད་པ་དེ་ཤེས་ནས་དེ་བརྐུ་བའི་ཐབས་སུ་ཁྱིམ་ཚང་དེར་ཁྱེད་ཚང་གི་ཆོས་སྒམ་ནང་གི་སྐུ་འདྲ་འདི་ནམ་ཉི་མ་ཞིག་ལ་འཕུར་ཉེན་ཆེ་བས་བདག་གིས་དེ་ལ་ཐབས་ཤིག་འཐེན་ཞེས་བཤད་ཞོར་ང་ལ་ཐག་པ་ཞིག་བྱིན་རྗེས་ཁྱེད་ཚང་གི་ཁྱིམ་མི་ཚང་མ་ནང་ནས་མི་འདུག་པར་སྒོ་ཕྱི་ལ་སོང་ནས་སྡོད་དང་ཡོང་ཆོག་དུས་ངས་བརྡ་རྒྱག་ཅེས་བཤད་ཚེ་ཁྱིམ་ཚང་གང་བོ་སྐྲག་ནས་ཁྱེད་ཀྱིས་ཅི་གསུང་ལྟར་ཡིན་ཞེས་ཚང་མ་སྒོ་ལ་བུད་སོང་།སྐབས་དེ་དང་བསྟུན་ནས་ཁོས་ཆོས་སྒམ་ནང་གི་གནའ་སྐུ་ལུ་མ་དེ་བླངས་ནས་ཁོའི་སྣོད་ཅིག་གི་ནང་དུ་བསྡུས་པ་དང་ཁྱིམ་ཚང་དེའི་ཆོས་སྒམ་དེ་ཐག་པས་དམ་པོ་ཞིག་བསྡམས་རྗེས་ཁྱིམ་མི་དག་བོས་ཏེ་བཤད་རྒྱུར་ཆོས་སྒམ་འདིའི་ཁ་ང་མ་གཏོགས་སུས་ཀྱང་དབྱེ་མི་ཆོག་གལ་ཏེ་ཁ་དབྱེ་ནས་སྐུ་འདྲ་འཕུར་སོང་ན་ངས་འགན་མི་འཁུར་ཞེས་བཤད་པར་ཁྱིམ་མིས་ལགས་སོ་ཡི་ལན་སྤྲད་པ་རེད།༼དོན་འདི་གསལ་བོ་ཞིག་མི་ཤེས་མོད་ཕལ་ཆེར་ལོ་གཅིག་གི་རྗེས་མ་གཏོགས་མ་ཤེས་པར་བཤད༽དེར་མ་ཟད་ད་དུང་རི་འགོ་ནས་ཀྱང་འཆར་གཞི་ཡོད་པའི་བསླུ་བྲིད་ཅིག་ལག་སྟར་བྱས་པ་འདི་ལྟར།སྡེ་བ་དེའི་སྐྱེས་པ་མང་པོ་ཞིག་དང་ལྷན་དུ་རི་མགོར་བསང་ཕུད་པར་སོང་སྟེ་བསང་ཕུད་ཚར་རྗེས་ཁོ་ཚོར་ཁྱེད་ཅག་ལ་གཞན་ཞིག་གིས་མནན་པ་རྒྱབ་ཡོད་པས་དེས་གནོད་པ་གཏོང་གི་ཡོད་ཅེས་བཤད་ཚེ་ཚང་མས་ཁྱེད་ཚང་གིས་དེ་ཟློག་པའི་ཐབས་ཤིག་གམ་ཡང་ན་དེ་ལེན་དགོས་པ་གང་ཡིན་ཡང་ངེད་ཅག་ཐུགས་ལ་འཛིན་དགོས་ཞེས་བཤད་པ་ན།འོ་ན་ཁྱེད་ཅག་གི་རེ་བ་ལྟར་དུ་དེ་ལེན་རྒྱུ་བྱེད་ཅེས་ས་ལ་རྟགས་ཤིག་རྒྱབ་སྟེ་འདི་ནས་མར་ལ་བརྐོས་ཞེས་བརྐོ་རུ་བཅུག་མཐར་ཁྱེད་ཅག་གི་ནང་དུ་མནན་པ་ལེན་པར་བལྟ་འདོད་པ་ཡོད་ན་ལྟོས་དང་མིག་བྱར་སོང་ན་མི་ཤེས་ཞེས་བཤད་རྗེས་ཚང་མས་དེ་ལ་ཅི་བལྟ་ཞེས་ཚང་མ་དེ་དང་ཅུང་ཐག་རིང་སར་སོང་སྟེ་མིག་བཙུམ་ནས་སྡོད་པའི་སྐབས་དེར་ཁོས་གྲ་སྒྲིག་བྱས་ཡོད་པའི་རྭ་ཅོ་ས་ཁུང་ནང་ནས་བླངས་ཁུལ་བྱས་ཏེ་དམངས་ཚོགས་ལ་བསྟན་ནས་མནན་པ་འདི་རེད་འདིས་ཁྱེད་ཅག་ལ་གནོད་པ་གཏོང་གི་ཡོད་ཅེས་བཤད་ཚེ་བསམ་བློ་གཏོང་མི་ཤེས་པའི་དམངས་ཚོགས་དེ་ཚོ་ཧ་ལས་ཏེ་དད་པ་ལྷག་ཏུ་བྱས་པ་རེད།༼རྗེས་སུ་ཚང་མས་ཤེས་ཏེ་དོན་རྐྱེན་སྣ་ཚོགས་ཤིག་བྱུང་བ་རེད།༽འདིས་མཚོན་པའི་སྤྲུལ་མིང་ཡོད་མེད་འགའ་རེས་གཉིད་ལས་མ་སད་པའི་དམངས་ཚོགས་མང་པོ་ཞིག་གི་ཟུང་ཁྲག་འཇིབ་ཀྱིན་ཡོད་པས་ང་ཚོས་སྐུ་ལོ་སུ་ཞིག་རང་སྡེ་བར་ཐོན་དུས་ཁོའི་མི་ཚེའི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་རྒྱུ་དེ་ནི་དད་པའི་སྔོན་དུ་འགྲོ་དགོས་པའི་བྱ་བ་གལ་ཆེན་ཞིག་ཡིན་པར་སེམས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རེབ་གོང་བའི་འབོལ་རྩོམ་གྱི་ཁག་གསུམ་པ་དང་བཞི་བ།

2011-08-03 རེབ་གོང་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།