རེབ་གོང་བའི་འབོལ་རྩོམ་ཁག་གཉིས།

              སྟོན་པ་མི་དགོས་པའི་རབ་བྱུང་བ།  ༼མཐོང་ཐོས་ཁག་དང་པོ།༽      
    སྤྱིར་རབ་བྱུང་བ་ཞིག་ཡིན་ཚེ་སྟོན་པ་ཤཱཀྱ་ཐུབ་པ་ནི་སྐྱབས་སྟོན་པ་པོ་དང་དེས་ བསྟན་པའི་ཆོས་ནི་སྐྱབས་དངོས་ཡིན་པའི་འདུ་ཤེས་ཡོད་པའི་སྒོ་ནས་ཐོས་བསམ་བྱེད་ དགོས་པ་ཞིག་ཡིན་པར་བཤད་མོད་དེང་དུས་ཀྱི་རབ་བྱུང་བའི་ཁྲོད་ན་རྩོམ་རིག་གི་ མདའ་ཁ་སྟོན་པར་གཏད་དེ་དེས་མི་རིགས་དང་རིག་གནས་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད་ པར་བཤད་མཁན་ཞིག་དང་།རང་ཉིད་ལ་དེ་ལྟར་བཤད་པའི་སྤོབས་པ་མེད་པར་གཞན་གྱིས་བཤད་ པ་ལ་རྗེས་སུ་ཡི་རང་གི་ཐལ་མོ་སྦྱོར་མཁན་རིགས་གཉིས་ཡོད་ལ་ཁོ་ཚོས་རྩོམ་རིག་ ཅེས་པ་འདི་ནི་སྟོན་པ་དང་བསྟན་པ་སོགས་ལ་རྒྱབ་འགལ་དུ་ཡོད་པ་ཞིག་ཏུ་ངོས་འཛིན་ བྱས་ཏེ་རྩོམ་རིག་གི་ཁོར་ཡུག་ཅིག་ནི་སྟོན་པ་སྟོན་པར་མི་བཀུར་བ་དང་དགེ་རྒན་ དགེ་རྒན་དུ་མི་བརྩི་བའི་ལངས་ཕྱོགས་ཤིག་ཏུ་མཐོང་གིན་ཡོད་པར་མ་ཟད།དེ་ནི་ཁོ་ ཚོའི་གཟི་བརྗིད་དང་སྤོབས་པ་ཞིག་ཏུ་རློམ་ནས་ཅི་ཞིག་ཡིན་མདོག་གི་རྣམ་འགྱུར་ སྟོན་བཞིན་ཡོད་མོད།དེ་དག་ནི་ཕར་དེད་ན་ལུས་ལ་ཆོས་པའི་ལྭ་བ་གོན་ཡོད་ནའང་ཆོས་ པའི་འགྲོ་ལུགས་དང་ལྟག་སྤྲོད་དུ་སོང་ཡོད་པའི་ནང་རུལ་བ་དག་ཡིན་པས་ཆོས་ལུགས་ པའི་ཁྲོད་ནས་གཙང་ཕྱག་བྱེད་གོས་པའི་གད་སྙིགས་རིགས་ཤིག་ཡིན་པར་འདོད།སྟོན་པ་ ཤྭཀྱ་ཐུབ་པས།སེང་གེ་ཤི་བའི་རོ་ནི་གཅན་གཟན་གཞན་གྱིས་ཟ་མི་ཕོད་མོད་རང་ཉིད་ ཀྱི་ཁོག་པའི་ནང་གི་འབུས་ཟ་བར་བཤད་པའི་དོན་གྱི་ལུང་བསྟན་དེའང་འདི་ལྟར་ཡོང་ ནི་ཡིན་རྒྱུ་རེད་སྙམ་པའི་བསམ་བློ་ཞིག་ཀྱང་སྐྱེ་འོང་།
                སློབ་གྲྭ་ཆེན་མོ་བ་འགའ་རེ༼མཐོང་ཐོས་ཁག་གཉིས་པ།༽
      བོད་ཀྱི་ན་གཞོན་ཤེས་ཡོན་པ་བསྐྱེད་སྲིང་བྱེད་སའི་སྟེགས་བུ་ཆེན་པོ་སྟེ་སློབ་ ཆེན་གྱི་སློབ་གསོ་མྱོང་མཁན་གྱི་སློབ་གྲྭ་ཆེན་མོ་བ་འགའ་རེས་སློབ་སྦྱོང་བྱེད་ པ་ནི་ཆུ་ཚོད་འཕྲོ་བརླག་ཏུ་གཏོང་བ་ཞིག་ཏུ་བཤད་ནས་ཉི་མ་རེ་རེ་ཡི་སློབ་ཁྲིད་ དེར་ཇི་ལྟར་གཡོལ་རྒྱུའི་ཕྱོགས་ལ་བསམ་བློ་གཏོང་བ་དང་ཐབས་ལམ་བརྙེད་པའི་རིགས་ནི་སློབ་མ་ཐབས་ཤེས་ལྡན་པ་ཞིག་ཏུ་བརྩི་བའི་འགོས་ནད་ཆེན་པོ་ཞིག་ཡོད།སློབ་ ཁྲིད་ལ་མི་ཞུགས་པའི་སློབ་མ་ཐབས་ཤེས་ལྡན་པ་དེ་ཚོས་ཕ་ཞིག་གི་དཀའ་སྡུག་དང་མ་ཞིག་གི་རྔུལ་ཆུ་ལས་བཙུར་ནས་འོང་བའི་ སྒོར་མོ་དེ་འཛད་སྤྱོད་བྱེད་མཁན་ནི་རང་ཉིད་ཡིན་མདོག་གིས་ཟ་ཁང་གོང་ཆེན་ཞིག་ གི་ནང་ནས་ཝུ་ཆང་གི་ཁ་འབྱེད་ཚུལ་གྱི་ལག་རྩལ་ངོམ་ཞོར་ཁ་པར་རེ་བླངས་ཏེ་སྐད་ སྒྲ་བརྗིད་པོ་ཞིག་སྒོ་ནས།ང་དེ་རིང་ཕྱི་དྲོ་སློབ་ཁྲིད་ལ་ཡོང་རྒྱུ་མིན།ཁྱོད་ ངའི་ཚབ་ཏུ་སོང་དང་རིན་གོང་སྔར་ལྟར་ཡིན།༼སློབ་ཁྲིད་གཅིག་ལ་སྒོར་བཅོ་ལྔ་སྟེར་ གྱིན་ཡོད༽ཞེས་བཤད་ཞོར་དགེ་རྒན་རྒད་པོ་དེའི་སློབ་ཁྲིད་ལ་ཉན་རྒྱུ་ཅི་ཡང་མི་ འདུག་པས་དེར་འགྲོ་བ་ལས་ཝུ་ཆང་སྐྱིད་པོ་ཞིག་འཐུང་ན་བཟང་ཟེར།༼དེ་ལྟར་སློབ་ ཁྲིད་ལ་ཞུགས་མྱོང་བའི་སློབ་མ་ཞིག་གིས་བཤད་པའི་གནས་ཚུལ་དངོས་ཡིན༽སློབ་མ་ དེའི་རིགས་ནི་རྩོམ་ཡིག་ཤོག་ལྷེ་གཅིག་བྲིས་ན་ཡིག་ནོར་བརྒྱ་ཕྲག་ལྷག་ཡོད་པའི་ རྨོངས་བ་རང་རློམ་ཅན་དག་ཡིན་ལ།ཁོ་ཚོའི་སེམས་ངོ་ན་རང་ཉིད་ནི་སྙན་ངག་པ་དང་། དཔྱད་བརྗོད་པ།བསམ་བློ་བ་ཡིན་སྙམ་ཡོད་པར་མ་ཟད་ད་དུང་མི་ཚེ་ཐོས་པ་ལ་གཞོལ་ཞིང་ ཡོན་ཏན་འཚོལ་བ་ལ་སློང་མོ་བའི་རྟུལ་ཞུགས་བཟུང་བའི་སྤྱོད་ཡོན་གཉིས་ལྡན་གྱི་ སློབ་མ་ཚོ་མཐོང་དུས་ཁོ་ཚོར་ཡོན་ཏན་མེད་ཚུལ་དང་མི་རིགས་ཀྱི་བསམ་བློ་མེད་ཚུལ། སྙིང་སྟོབས་དང་ནུས་པ་མེད་ཚུལ་སོགས་མེད་པ་མང་པོ་ཞིག་བགྲངས་ནས་ཁྱད་གསོད་བྱེད་ པ་དང་།དེའི་ཞོར་དུ་རང་རང་ནི་དེ་དག་ལས་ཁྱད་དུ་འཕགས་ཡོད་པའི་སྐད་ཆ་ཟ་དང་ཟུར་ ན་ཡོང་གི་ཡོད།དོན་ངོ་མས་བཤད་ན་ཁོ་ཚོས་རིག་གནས་ཡོན་ཏན་ཟེར་བ་ནི་སྐད་ཆ་ཙམ་ ཞིག་ཏུ་ངོས་འཛིན་བྱས་ཏེ་སྐད་ཆ་བཤད་ཤེས་པ་ནི་རིག་གནས་ཡོད་པའི་འབྲས་རྟགས་སུ་ འཇོག་གི་ཡོད་པའི་རྒྱུ་མཚན་གྱིས་རིག་གནས་མི་སློབ་པར་སྐད་ཆ་བཤད་པའི་གོ་སྐབས་ བཙལ་ཏེ་མི་མང་པོ་འདུས་ཡོད་སར་སོང་ནས་བོད་ཡུལ་ན་སྙན་པ་ཡོད་པའི་མི་ཆེན་ཞིག་ལ་སྡིགས་མོ་བྱེད་པའི་བྱ་བ་ཁོ་ན་དོན་དུ་གཉེར་བཞིན་ཡོད་ལ་དེ་ནི་ཁོ་ཚོའི་སེམས་ ཀྱི་བདེ་སྐྱིད་ཅིག་ཀྱང་ཡིན་པར་འདོད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རེབ་གོང་བའི་འབོལ་རྩོམ་ཁག་གཉིས།

2011-07-31 རེབ་གོང་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།