འགུལ་ཤེས་པའི་ཆུ་མིག་གསོན་པོ།

    བདག་སྔ་ས་ནས་ཁྲི་གའི་ཆུ་མིག་གསོན་པོ་དང་མཇལ་འདོད་ཆེ་ནའང་རྐྱེན་ག་གེ་མོའི་དབང་གིས་ད་རག་བར་ལུས་སོང་  སྤྱི་ལོ་༢༠༡༡ལོའི་སྤྱི་ཟླ་༦པའི་ཚེས་ཆེན་༥བའི་ཉིན་གྲོགས་པོ་ཞིག་གི་སྐུལ་སློང་འོག་ཉིན་གུང་ཙམ
གྱི་སྤྱི་སྤྱོད་རླངས་འཁོར་དང་སྒོར་ལེབ་ཉི་ཤུ་དེས་བདག་གནའ་མཁར་ཟི་ལང་ནས་ས་མིག་དེའི་སར་ཐོན་བྱུང་དེ་ཡང་བདག་གི་བློ་རུ་མ་ཤོང་བ་ནི་དེ་ནི་དེ་དང་འདྲ་བར་རི་ཀླུང་ཁ་ཐུར་དུ་གཞོལ་བ་ཀྱག་ཀྱོག་དང་འབར་འབུར་དུ་སྣང་བ་གུ་དོག་ཅིང་འཆི་སྲིད་པའི་ལུང་གྲོག་ཅིག་ཏུ་ཚེ་སྲོག་གི་མེ་ལྕེ་འབར་བ་ནི་ཅི་མི་མཚར་རམ། ལོ་རྒྱུས་མེ་ལོང་སུ་{ཆུ་མིག་རང་ཉིད་མ་སྐམ་ན།།ས་ཡིས་མནན་པའི་ག་ལ་ཐུབ} ཅེས་པ་དེ་དོན་དངོས་ཏེ་འདི་ནི་དངངས་ཤིང་སྐྲག་པའི་སྙིང་སྟོབས་ཤིག    ལྷོག་ལྷོག་ཏུ་འཕྱུར་བ་ནི་ཚེ་སྲོག་ཅིག་གི་ངུ་ཤུམ་དང་གྱ་གྱུར་འགུལ་བ་ནི་མི་ཚེར་བཟུང་བའི་ལྟ་སྟངས་ཨེ་ཡིན། ཐོག་མར་ང་རང་ཅི་མི་སྙམ་པར་ཆུ་མིག་གི་འགོ་བོ་བཙལ་ལ་བྲེལ་ལར་དེ་རེ་ཞིག་ཐོན་ཁུངས་དཔལ་འབྱོར་ཅན་ཏུ་བསྒྱུར་ནས་སྒེར་བཟུང་གི་རྣམ་པ་ལྷག་པས་རྒྱུན་ལྡན་གྱི་རྣམ་པ་ལས་ཅུང་མ་ཚོར་ཡང་ཉིན་ལམ་གསུམ་དང་མཚན་ལམ་གསུམ་གྱི་དུས་ཀྱི་འཁོར་ལོས་མཐའ་འཁོབ་ཀྱི་ས་བབས་ཆགས་གཞི་དང་མི་རྣམས་ཀྱི་འཚོ་སྤྱོད་ཆུ་མིག་གི་སྙིང་སྟོབས་བཅས་རྒྱང་རིང་རྒྱང་རིང་ནས་ག་ལེར་ག་ལེར་ཚོར་འོངས། ས་སྲོས་ཀྱི་སྦལ་བའི་ཀི་རིང་དང་ཆུ་མིག་གི་གླུ་དབྱངས།  བྱ་ཁྭ་ཏའི་༁ག་སྒྲ།  འདི་དག་སོས་དལ་བག་ཕེབས གཉིད་ལ་དགའ་བ་སྐྱིད་ལབྱང་བའི་འདིར་འདུས་ཀྱི་རྒན་པོ་ཚོའི་མཚང་དུ་འགྲོ་སྲིད་ལ་ང་དང་ང་འདྲ་བའི་གཞོན་སྐྱེས་ཚོའི་བློ་སྟོབས་མཚོན་ཀྱང་རུང། གང་ལྟར་ངས་ནི་དེ་སྙིང་སྟོབས་ཤིག་ཏུ་བརྩིས་ནས་མི་ཡུལ་འདིར་དྲིལ་བསྒྲགས་བྱ་
དགོས་སོ།།  དེ་ཡང་འདི་ལྟར་སྟེ།  གཅིག་ནི་ཆུ་མིག་དེ་ཚེ་སྲོག་ཞིག་ཡིན་བའི་ངོས་ནས་ཁོ་རང་དངོས་གནས་རྨི་ལམ་ལས་བརྒལ་བའི་བློ་སྟོབས་དང་ནུས་ཤུགས་ཡོད་ངེས་ལ་གཡུ་ཐོག་མགོན་པའི་རྣམ་སྤྲུལ་ཡིན་ཀྱང་སྲིད།  གཉིས་ནས་མིའི་ལྟ་སྤྱོད་ལས་གསོན་པོར་གནས་བའི་ཆུ་མིག་དེ་མནན་མནན་ནས་སྐེམ་འདོད་ཀྱང་དེ་ནི་ཕལ་ཆེར་འཕྲུལ་སྣང་དེ་ཁོ་རང་སྙིང་སྟོབས་ཤིག་ཡིན་པའི་སྟབས་ཀྱིས་ཉིན་རེ་བཞིན་ཡར་ལ་འཕྱུར་བཞིན་འདུག གསུམ་ནི་རྫས་སྣ་འགྲིག་ཏེ་གསོན་པོར་གནས་པ་དང་དེ་ལས་རྟོགས་དཀའ་བའི་རིན་ཐང་ཞིག་ལོ་རྒྱུས་ཀྱི་ཤོག་ལྷེ་ངོས་སུ་ བཞུར་སོང་།   འདི་ནི་མི་ཞིག་གི་མི་ཚེའི་དོན་སྙིང་རེད། བདག་ནས་ཆུས་ལུས་བསིལ་བདང་ཁོག་ཏུ་འགྲེང་བས་ཡིད་སྤྲོ་ལ་བློ་བདེ་བའི་ཚུལ་བྱུང་ཞིང་ས་དེ་ག་ནས་དབྱར་ཉི་དང་ཐག་ཉེ་ལ་ཆུ་ཚ་བས་མི་དཀོན་ཞིང་ཕྱུགས་རྗེས་ཟད་པ་བཟའ་བཏུང་གི་དཀའ་ངལ་ལྕི་བ་གཞི་བྱས་ཕྱི་ཉིན་ནས་ཕྱིར་ལོག་པའི་སྟ་གོན་བྱས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འགུལ་ཤེས་པའི་ཆུ་མིག་གསོན་པོ།

2011-07-22 མགར་མིང་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།