དགུ་རོང་སྤུན་གྲོལ་ལ་ལན་འདེབས་བྱེད་པ།

   ཕྲན་གྱིས་ཆེད་དུ་བྲིས་པའི་རྩོམ་༼རྫི་བོའི་གླུ་དབྱངས༽ནང་དུ་གླེང་ཡོད་པ་ལྟར།སྤྱིར་བཏང་ཕྲན་གྱིས་དག་ཡིག་གསར་བསྒྲིགས་སོགས་ལ་བརྟེན་ནས།ནང་བའི་རྟེན་འབྲེལ་གྱི་ལྟ་གྲུབ་སོགས་ལ་ཞིབ་དཔྱད་མི་བྱེད་པ་བཞིན་དུ།ཆེད་དུ་སློབ་གཉེར་སོགས་མེད་པར་ནུབ་གྱི་སྲིད་སྒྲུབ་དང།རིགས་པའི་གཞུང་ལུགས་གཏིང་ཟབ་པ་དེ་དག་ལ་སྡོམ་ཚིག་ཆེན་པོ་མི་འཇོག་ལ།དེ་ལྟར་བྱས་པ་རྣམས་ལ་རྩལ་བཏོན་ནས་ལན་འདེབས་སོགས་ཀྱང་བྱེད་མི་འདོད།ཡིན་ནའང་ད་ནི་སྟག་གི་རྔ་མ་མ་འཇུ་བར་འཇུས་འདུག།འཇུས་ཚར་པའི་རྗེས་སུ་བདེན་མཐའ་མ་གསལ་བར་ཏུ་གཏོང་ཐུབ་པའི་སྤོབས་པའང་མི་འདུག།དེ་བས་འདིར་བརྗོད་པར་བྱ་བ་ནི།ཡང་དགུ་རོང་སྤུན་གྲོལ་གྱིས་༼མི་སྒེར་རིང་ལུགས་དང་རང་བཞིན་གནས་རིགས་གཉིས་ཀྱི་བསྡུར་བ།༽ཞེས་བའི་རྩོམ་དེ་ཡིན།
  སྤྱིར་བཏང་དགུ་རོང་སྤུན་གྲོལ་གྱིས་བློ་སྒོ་འབྱེད་པ་ཟེར་པའི་རྩོམ་དེའི་ཁོའི་རང་མདོག་ཚང་མ་ཕྱི་ལ་མངོན་འདུག།འདི་ལྟར་”ཕྱི་རྒྱལ་དུ་ལོ་ངོ་བཅུ་དྲུག་ལ་བསྡད་དེ་དབྱིན་ཡིག་སྦྱངས་ཀྱང་། ཕྱི་གླིང་གི་གཙོ་རྒྱུགས་མིང་བརྡ་རེ་འགའ་དང་དེའི་རིག་གནས་རྒྱབ་ལྗོངས་ལ་ཁྱོན་ནས་ངོ་འཕྲོད་ཀྱིན་མེད་པའི་སྣང་ཚུལ་འདི་མཐོང་ན། ང་ནི་ཧ་ལས་ཤིང་ཧང་སང་བའི་མི་ཚད། དགོད་སླ་ཡང་ངུ་ཡང་བྲོ་བའི་ཚོར་བ་སྐྱེན་པོ་ཞིག་སྐྱེས་བྱུང་།”ཞེས་དང།“ཁོང་གིས་དབྱིན་ཡིག་གི་མི་སྒེར་རིང་ལུགས་ཞེས་པའི་བརྡ་དོན་དེ་མིའི་རང་བཞིན་གནས་རིགས་ཀྱི་ལྟ་བར་ལོག་བསྒྱུར་བྱས་ཡོད་སྟབས། མི་སྒེར་རིང་ལུགས་ངོས་ནས་བོང་རྫི་ལ་བློ་སྒོ་ཞིག་འབྱེད་དགོས་པར་མཐོང་།”་ཞེས་དང།“ཕྱི་ནང་རིག་གནས་ལ་ཀློང་བརྡོལ་ཡོད་ཟེར་བའི་སྐུ་ཞབས་ཁྱེད་རང་གིས་མ་ཤེས་ཤེས་མདོག་གིས་སྐད་ཆ་དེ་ལྟར་བཤད་པ་དང་རྩོམ་དུ་དེ་ལྟར་བྲིས་པར། བློ་ཕངས་ཆེན་པོ་ཡོད།”ཅེས་དང།“ཁོམ་སྐབས་ཀྱི་དུས་ཚོད་བཙལ་ནས་ངའི་བསླབ་སྟོན་དག་ལ་འབད་པ་གནང་ན་མི་སྒེར་རིང་ལུགས་དང་རང་བཞིན་གནས་རིགས་ཐད་ནས་ངེས་ཤེས་འདྲོང་ངེས་ཡིན་ལགས།”ཞེས་ཕྲན་གྱིས་དབྱིན་ཇིའི་individualism ཟེར་པའི་སྐད་དོད་དུ་རང་བཞིན་གནས་རིགས་ཞེས་བཏགས་པ་ལ།ཕྲན་གྱིས་དབྱིན་ཇིའི་མིང་བརྡ་ཙམ་ཡང་ངོ་འཕྲོད་མེད་ཚུལ་དང་།དེ་ནི་ལོག་བསྒྱུར་ཡིན་ཚུལ།མཐར་དེ་ལ་བློ་ཕངས་ཆེན་པོ་ཡོད་ཚུལ་སོགས་འབྲེལ་བའི་སྤོབས་པ་ཆེན་པོས་བྲིས་བ་མ་ཡིན་ནམ།ད་ཐེངས་བྲིས་བ་འདིའི་ནང་དུ་གཞན་ལ་སྐྲག་བསླངས་བའི་ཆེད་དུ་དབྱིན་ཇིའི་མིང་འགའ་དང།མཁས་བ་འགའ་ཤས་ཀྱི་མིང་ཙམ་དྲངས་ཡོད་པ་ལས།དོན་གྱི་ individualism་ཟེར་བ་དེ་རང་བཞིན་གནས་རིགས་སུ་བསྒྱུར་མི་ཆོག་པའི་སྒྲུབ་བྱེད་རིགས་པའི་གནད་དང་མཐུན་པ་ཞིག་གཅིག་ཀྱང་དྲངས་མི་འདུག།དེ་བས་ཁྱོད་ལ་ལན་འདེབས་དགོས་བའི་རྒྱུ་མཚན་ཅི་ཡང་མ་མཐོང།
  སྤྱིར་བཏང་ཕྲན་གྱིས་འདི་ལྟར་གཞན་དུའང་མང་པོ་ལབ་ཡོང།དེང་དུས་མང་པོ་ཞིག་དང། ལྷག་པར་ཏུ་བོད་ཀྱི་རྙིང་གཏོར་གསར་བརྗེ་བ་དག་གིས་ཡོ་རོབ་གྱི་མཁས་བ་དག་གིས་མིང་དང། དཔེ་ཆའི་མིང་སོགས་འདྲེན་པ་ལ་དགའ་ཞིང། ཁོ་ཚོའི་བྲིས་པ་དག་གི་ནང་དུ་ནུབ་ཀྱི་མཁས་བའི་མིང་དང། དཔེ་ཆའི་མིང་མང་པོ་ཡོད། དེ་ནི་ཁོ་ཚོས་མཁས་པ་དེ་དག་གི་གསུང་རྩོམ་སོགས་ཧ་གོ་ནས་དྲངས་བ་མ་རེད།གཞན་ལ་སྐྲག་བསླངས་བ་དང།རང་མཁས་བ་ཧ་ལས་བ་ཞིག་ཡིན་པའི་མཚོན་བྱེད་དུ་དྲངས་བ་དེ་རེད། དེ་ཡང་དོན་གྱི་གསར་བརྗེའི་རང་བཤིས་སྟེ། བཅོས་མ་དང་རྫུན་མ་རེད། གོང་དུ་བཤད་པ་བཞིན། དགུ་རོང་སྤུན་གྲོལ་གྱིས་ཀྱང། འདི་ལྟར་ཡོ་རོབ་པའི་མཁས་པ་མང་པོ་ཞིག་གི་མིང་དང།དེ་དག་གི་གྲུབ་མཐའི་གཞུང་མང་པོ་ཞིག་དྲངས་འདུག་མོད།ཐ་ན་དེ་དག་གི་གསུང་རྩོམ་ཁ་ཚང་ཞིག་ཀྱང་ཀློག་ཡོད་དམ་སྙམ་པའི་དོགས་པ་ཡོད།འདི་ཐམས་ཅད་རང་ལ་གསལ་ཆ་ཆེན་པོ་ཡོད་ངེས་བས།རང་གིས་རང་ལ་བསླུ་བ་སོགས་མི་བྱེད་པའི་རེ་བ་ཡོད།
  དགུ་རོང་སྤུན་གྲོལ་གྱིས་འདི་ལྟར། “དབྱིན་ཡིག་གི་མི་སྒེར་རིང་ལུགས་ཀྱི་བརྡ་དོན་དེ་བོད་ཀྱི་མཚན་ཉིད་རིག་པའི་བརྡ་སྐད་རང་བཞིན་གནས་རིགས་ཀྱི་སྐད་དོད་ཡིན་པར་ཨུ་ཚུགས་ཡེ་ནས་བྱེད་མི་རུང་ལ། ཐ་སྙད་ཀྱི་སྤུ་རིས་འབྱེད་པར་གཙོ་གལ་ཆེ། སྐབས་འདིར་གླེང་གིན་པའི་དབྱིན་ཡིག་གི་མི་སྒེར་རིང་ལུགས་ཀྱི་དོན་ནི་གོང་དུ་བཤད་པའི་རང་མོས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་རང་ཐག་རང་གཅོད་ཀྱི་བས མ་བློའི་གདམ་ཀ་ཞིག་ཡིན་སྟབས།ཐོག་མ་མེད་པ་ནས་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པའི་སེམས་ཀྱི་ཆོས་ཉིད་ཅིག་ཡེ་ནས་མ་རེད་པས། རྡོ་ཆག་བཙན་སྒྲིག་བྱས་ན་འོས་ཤིང་འཚམས་པ་ཞིག་མ་ཡིན།”
  སུས་ཨུ་ཚུགས་བྱེད་ཀྱིན་འདུག།ཕྲན་གྱིས་འདི་ལྟར།“དེ་ན་ཕྲན་གྱིས་དབྱིན་ཇིའི་ Individualism་སྐད་དོད་དུ་རང་བཞིན་གནས་རིགས་ཀྱི་ཇི་ལྟར་བཏགས་པ་ཡིན་ནམ་ཞེ་ན། གོང་དུ་བཤད་པ་བཞིན། བོད་ཀྱི་བསྟན་བཅོས་སྣ་ལས་བྱུང་བའི་རང་བཞིན་གནས་རིགས་ཀྱི་མཚན་ཉིད་དང། མཚན་གཞི་སོགས་ནུབ་ཀྱི་རང་བཞིན་གནས་རིགས་གཉིས་སྒྲས་བརྗོད་རིགས་ཀྱི་དབང་དུ་བྱས་ན་ཤིན་ཏུ་ནས་འདྲ་ཞིང། གཉིས་ཀའི་ལུགས་ལ། མི་སོ་སོའི་རྒྱུད་ལ་མི་གཞན་དང། རྒྱལ་བོ་དང། བློན་པོ། ཚོགས་སྡེ། དེ་བཞིན་སྲིད་གཞུང་སོགས་ལ་མ་བརྟེན་པའི་ཆོས་ཉིད་ཅིག་ཡོད་པར་འདོད་ཅིང། དེ་ནི་མི་གཞན་སུས་ཀྱང་འཕྲོག་པ་མེད་པར་རང་རང་གི་ཆོས་ཉིད་ཡིན་པར་བཞེད། དེ་བས་ཕྲན་གྱིས་སྒྲ་ཡངས་འཇུག་གི་དབང་དུ་བྱས་ནས་ Individualism་ཟེར་བའི་སྐད་དོད་དུ་རང་བཞིན་གནས་རིགས་ཞེས་བཏགས་པ་ཡིན། འདི་ནི་སྔོན་དུ་བསྟན་བཅོས་སོགས་བསྒྱུར་སྐབས་སུ། དོན་བསྒྱུར་བྱ་ཚུལ་དུའང་ཤིན་ཏུ་མཐུན། དཔེར་ན། གྲུབ་མཐའ་རེ་རེའི་ལུགས་ལ་ཀུན་རྫོབ་དང་དོན་དམ་བདེན་པའི་མཚན་མཚོན་སོགས་འཇོག་ཚུལ་མི་འདྲ་བ་མང་དུ་ཡོད་པ་དེ་བཞིན་ཡིན་ཡང། སྐད་དོད་ནི་གཅིག་པ་དེ་བཞིན་རེད། ལྕང་སྐྱ་རོལ་བའི་རྡོ་རྗེས་ཀྱིས་ཐ་སྙད་སོགས་བསྒྱུར་དུས། ཚིག་དེ་ཀའི་ནུས་བ་འདོན་ལུགས་ལེགས་པར་བརྟག་དགོས་ཞེས་བའི་དགོངས་དོན་དང་མཐུན། དེའི་ཕྱིར་ཕྲན་གྱིས་ཀྱང་དབྱིན་ཇིའི་ཚིག་འདི་དང། རང་བཞིན་གནས་རིགས་གཉིས་ཀྱི་ཚིག་གི་ནུས་བ་ལ་བརྟགས་ཡོང་དུས་དོན་ཟབ་གསལ་གྱི་དབང་གིས་་རང་བཞིན་གནས་རིགས་ཞེས་བཏགས་པ་ཡིན་ནོ།”ཞེས་གསལ་བོ་དག་པོ་བཤད་ཡོད།ད་དུང་ཨུ་ཚུགས་བྱེད་དགོས་བའི་རྒྱུ་མཚན་ཅི་ཡིན་ནམ།
  སྤྱིར་བཏང། དབྱིན་ཇིའི་Buddha-natureདང།Natural rights་དང་ inalienable rights, སོགས་ལས་འཕྲོས་བའི་འཕྲོས་མོལ་བྱེད་འདོད་པའང་ཤིན་ཏུ་མང་མོད།དོན་གྲུབ་རྒྱལ་གྱི་རྗེས་འཇུག་པ་དག་དང་། ཞོགས་དུང་སོགས་བོད་ཀྱི་གསར་བརྗེ་བ་དག་ལ།རྙིང་གཏོར་གྱི་སྐད་འབོད་དང་ཨུ་ཚུགས་ལས་ཅི་ཡང་མེད་པས།རེ་ཞིག་མཚམས་འཇོག་གིན་ཡིན།དོན་གྲུབ་རྒྱལ་གྱིས་གསར་བ་ཡིན་ཁུལ་གྱི་རིག་གནས་གསར་བརྗེའི་ལྟ་བ་སོགས་བོད་ལ་སྤེལ་ཅི་ཐུབ་བྱས།ཞོགས་དུང་གིས་ནུབ་ཀྱི་རིག་གནས་ཡིན་ཁུལ་གྱིས་རྙིང་གཏོར་གྱི་སྐད་ཆ་མང་པོ་ཤིག་བོད་ལ་སྤེལ་ཅི་ཐུབ་བྱས།ད་ལྟ་ཁྱེད་ཅག་གིས་ཡང་དོན་གྲུབ་རྒྱལ་དང།ཞོགས་དུང་སོགས་ཀྱི་ལྟ་བ་ཧ་ལས་བ་ཞིག་ཡིན་ཁུལ་གྱིས་དེའི་རྒྱུད་འཛིན་དང།སྤེལ་ཅི་ཐུབ་བྱེད།ད་ནི་དོན་གྲུབ་རྒྱལ་དང། རྙིང་གཏོར་གྱི་ལྟ་བ་བཤད་པའི་སྐབས་མ་རེད། དེང་རབས་ཅན་ཕྱི་མ་སོགས་བཤད་པའི་སྐབས་རེད། མང་པོ་བཤད་ན།ཁྱེད་ཚོ་ལ་ཁོང་ཁྲོ་སློང་བ་དང།བདག་གི་ཆུ་ཚོད་བརླགས་པ་དེ་ལས་ཅི་ཡང་མི་འདུག་པས། རྩོད་རྙོག་འདི་འདི་ལྟར་ཡིན་པ་བྱོས། རྗེས་མར་ཐོག་མར་གཞན་གྱི་བློ་སྒོ་འབྱེད་པ་ལས།དངོས་གནས་འདི་སོགས་ཤེས་བསམ་ན། སྐད་ཡིག་སོགས་ལེགས་པོ་སྦྱོངས། ཡང་རྗེས་མར་དོན་ངོ་མའི་སྟེང་ནས་ལུང་རིགས་གང་རུང་གི་སྒོ་ནས་བྱ་རོག་སོ་རྟོག་གི་བསྟན་བཅོས་ལ་ལན་འདེབས་ཤིག་བྱེད་ཡོང་ན།ངས་ཀྱང་མ་ཤེས་ཁུལ་དང།མ་གོ་ཁུལ་མི་བྱ་བར།ལན་འདེབས་བྱ་ངེས་ཡིན། དེ་མིན་ཁོམ་སྐབས་སུ་ཁ་ཏོན་དགེ་སྤྱོང་རེ་བྱེད་ཅི་ཐུབ་གྱིས་འདུག་ངེས་ཡིན། ཁྱེད་རང་གིས་བཤད་པ་བཞིན།ཕྲན་གྱིས་ལོ་བཅུ་དྲུག་ཙམ་ཞིག་ལ། ཡོ་རོབ་གྱི་ང་ཚོ་རྩོད་བཞིན་པའི་གྲུབ་མཐའི་གཞུང་དེ་དག་ལ་སྤྱངས་ནས།ཐམས་ཅད་ཤེས་པ་ག་ལ་ཡོང་ཡང།གཞན་གྱིས་ངོ་གནོང་མི་དགོས་བ་ཞིག་ཡོད།ཡིན་ནའང་ཁྱོད་ཚོས་ནུབ་ཀྱི་གྲུབ་མཐའི་གཞུང་དེ་ཚོ་ལ་འགྲེལ་རྒྱག་པ་མཐོང་དུས།ཡ་མཚར་བོ་ཞིག་དང།མ་འདྲ་བ་ཞིག་ཡོང་གིན་འདུག།དེ་མིན་གཞན་ཅི་ཡང་མེད།བཀྲ་ཤིས་བདེ་ལེགས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགུ་རོང་སྤུན་གྲོལ་ལ་ལན་འདེབས་བྱེད་པ།

2011-07-12 བོང་རྫི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།