ལྷ་རམས་པའི་ཉིན་ཐོ།

  ཉིན་མོའི་སྣང་བ་འགགས་པའི་མཚན་གཞུང་དེར། །
  ཆར་བ་སིལ་སིལ་འབབ་པའི་དགོང་མོ་དེར། །
   གཉིད་ལ་འཇིགས་ནས་ཕྱི་ལ་འགྲིམ་དུས་དེར། །
   ཉི་གློག་འོད་མདངས་ཕོག་སའི་སྒོ་འགྲམ་དེར། །
 ང་ག་ལེ་ཆར་ཟིལ་དེ་ལས་གཡོལ་ཕྱིར་སྒོ་ལ་སྦྱར་ནས་ཡར་འགྲེང་ཞིང་།སྒོ་ཡོལ་དེ་ལུས་སྟེང་དུ་འཐེན་ཙམ་བྱས་ནས་ལག་ཁྱེར་ཁ་པའི་སྟེང་གི་ཆུ་ཚོད་ལ་གཅིག་ལྟ་དུས་ཆུ་ཚོད་༡པོ་དང་སྐར་མ་༢༨ ཟིན་འདུག འོན་ཏེ།ཁོ་བོའི་ལག་ཏུ་ཡོད་པའི་བམ་ཚད་མཐུག་པའི་འདུལ་ཊྲིཀ་ཉི་མོའི་འོད་ཟེར་དེ་ནི།ད་དུང་དེ་རིང་གི་བཀླག་མཚམས་སླེབས་པ་ལ་ཤོག་ངོས་༡༠ལྷག་འདུག་པས་ཕལ་ཆེར་ནམ་རྒྱུན་གཉིད་ཉལ་བའི་དུས་ཚོད་༼ཆུ་ཚོད་༢པའི་སྟེང་༽ལ་ཉལ་མི་ཐུབ་པ་ཤེས་སོང་ལ།སང་ཞོགས་ནམ་རྒྱུན་བཞིན་ལང་རྒྱུ་དེའང་དཀའ་ངལ་ཞིག་འཕྲད་རྒྱུ་ཡིན་པ་སེམས་སུ་འཁོར།དེ་མཚམས་ད་གིན་ཁ་པར་བཤད་མཁན་དེལའང་སུན་སྣང་ཞིག་དབང་མེད་དུ་སྐྱེས།(གཅིག་བྱས་ན་མཚམས་འདིར་ཉིན་ཐོ་ཀློག་མཁན་མང་པོ་ཞིག་གི་སེམས་སུ་ཁ་པར་ཆུ་ཚོད་གཅིག་ལྷག་བཤད་ཡོད་རྒྱུ་མ་རེད།དེ་ལ་ཧ་ལས་རྒྱུ་གང་ཡོད།རང་སྦྱོང་གི་དུས་ཚོད་ཟླ་བ་གསུམ་རིང་ཡོད་པ་རེད་ཅེས་བསམ་སྲིད་ལ་བཤད་ཀྱང་སྲིད།
གཅིག་བྱས་ན་ཁོ་ཚོས་བཤད་པ་དེ་ལའང་རྒྱུ་མཚན་ཞིག་ཡོད་སྲིད།འོན་ཏེ་དོན་དངོས་ནི་ཁོ་ཚོའི་སྐད་ཆ་དེ་གནས་ལུགས་དང་མི་མཐུན་པའི་ཤིང་མགོའི་ཀི་ཤར་རེད།
  རང་སྦྱོང་ཟླ་བ་གསུམ་རིང་བཀའ་པོད་ལྔ་དེ་བཀླག་དགོས་ལ།དེ་ཡང་ཚར་གསུམ་བཞི་མིན་ཡང་ཐེངས་གཉིས་ནི་ངེས་པར་དུ་བཀླགས་ཐུབ་པར་བྱེད་དགོས།ཐེངས་གཅིག་ཀློག་པ་ལའང་དཔེར་མཚོན་ཙམ་བཀོད་ན།ང་ཚོ་སློབ་དཔོན་ལོ་རིམ་དང་པོ་ལ་འདུལ་བ་མཚོ་ཏྲིག་ཉི་མའི་འོད་ཟེར་༼ཐའི་ཝན་པར་མ༽པོད་གཉིས་ལས་སྟོད་ཆ་ལ་ཤོག་གྲངས་༦༡༣དང་།བར་ཆ་ལ་༥༠༩། དེ་བཞིན་མཆིམས་མཛོད་༼སེར་བྱེས་པར་མ༽གནས་དང་པོ་བཞི་ལ་ཤོག་གྲངས་༤༢༠།འཇུག་པ་རང་འགྲེལ་ ༼ཐའི་ཝན་པར་མ༽སྟོད་ཆར་ཤོག་གྲངས་༡༢༧།རྩ་ཤེ་ཏྲིཀ་ཆེན་༼ཐའི་ཝན་པར་མ༽སྟོད་ཆར་ཤོག་གྲངས་༡༡༡།ཕར་ཕྱིན་ལེགས་བཤད་གསེར་ཕྲེང་༼སེར་བྱེས་པར་མ༽སྟོད་ཆར་ཤོག་གྲངས་༦༡༧།རྣམ་འགྲེལ་ཐར་ལམ་གསལ་བྱེད་༼ཝཱཎཱ་རྩ་སྦྱར༽ལེའུ་གསུམ་པར་ཤོག་གྲངས་༣༨༢བཅས་བསྡོམས་ཤོག་གྲངས་༢༧༧༩ ཡོད་ལ།དེ་དག་གི་ཚིག་དོན་བློར་འཆར་མིན་ལ་མ་ལྟ་བར་ཚར་གཅིག་ཀློག་པ་ལའང་དུས་ཚོད་ག་འདྲ་ཞིག་འགོར་མིན་རང་སོ་སོའི་སེམས་ལ་གསལ་རྒྱུ་རེད།དེ་དག་ནི་ངེས་པར་དུ་ཀློག་དགོས་ལ་རྒྱུགས་སྤྲོད་ལ་ཡང་ཡོང་ངེས་པ་དག་རེད།དེ་མིན་དེའི་ཞོར་དུ་འདུལ་བ་ལམཚོན་ན་རིན་ཕྲེང་དང་། རྗེ་བཙུན་འདུལ་བ།
པཎ་ཆེན་བདེ་ལེགས་ཉི་མའི་འདུལ་བ། སེར་སྨད་བློ་གྲོས་ལེགས་བཟང་གི་འདུལ་བ།བློ་གླིང་རྒན་དབང་ཆེན་གྱི་འདུལ་བས་གཙོས་འདུལ་སྡོམ་སོགས་བཀླག་དགོས་ལ།མཛོད་ལ་མཚོན་ན་མཆིམས་བློ་བཟང་གྲགས་པའི་མཆིམས་མཛོད།མཛོད་ཏྲིཀ་ཐར་ལམ་གསལ་བྱེད། རྗེ་བཙུན་མཛོད། སེར་བྱེས་དྲུང་མཛོད།བློ་གླིང་རྒན་རྣམ་རྒྱལ་དབང་ཆེན་གྱི་མཛོད།དབུ་མ་ལ་མཚོན་ན་འགྲེལ་བ་བུངྷྱ་པཱ་ལ། ཚིག་གསལ། དགོངས་པ་རབ་གསལ།དྲང་ངེས་ལེགས་བཤད་སྙིང་པོ། སྟོང་ཐུན་ཆེན་མོ།བླ་མ་རྗེ་བཙུན་པའི་དབུ་མའི་སྤྱི་དོན། ཤཱ་ལན་གོ་ལན།བྲག་དཀར་དབུ་མའི་སྤྱི་དོན། ཕར་ཕྱིན་ལ་མཚོན་ན་འགྲེལ་བ་དོན་གསལ།རྣམ་བཤད་སྙིང་རྒྱན། བླ་མ་རྗེ་བཙུན་པའི་གསུང་ཕར་ཕྱིན་སྤྱི་དོན་སོགས།གསེར་ཕྲེང་སྡོམ། སྡོམ་གྱི་དོགས་གཅོད། དོགས་ལན།འགྲེལ་བ་དོན་གསལ་གྱི་མཆན་འགྲེལ། རྣམ་འགྲེལ་ལ་མཚོན་ན་མཁས་གྲུབ་ཊྲིཀ་ཆེན།སྡེ་བདུན། རིགས་རྒྱན། རིགས་རྒྱན་མུན་སེལ། སྨོན་ཊྲིཀབླ་མ་རྗེ་བཙུན་པའི་རྣམ་འགྲེལ་སོགས་བཀླག་དགོས་ཐུག་ཅིང་།འདི་དག་ནི་རང་གིས་ལྟ་ཀློག་བྱས་པ་ཁག་དཔེར་མཚོན་པ་ཙམ་ལས་དངོས་གནས་མཁས་དབང་དག་གིས་ནི་འདི་ཙམ་གྱི་ག་ལ་ཚད།དེ་འདྲའི་གཞུང་མང་པོ་ཞིག་བཀླག་དགོས་དུས་མི་སོ་སོས་རང་གི་རྣམ་དཔྱོད་དང་མཐུན་པར་ཁ་ཅིག་གིས་ཉིན་གྲངས་ངེས་ཅན་ཞིག་ཏུ་ཁག་བགོས་ཀྱིས་རིམ་གྱིས་བཀའ་པོད་ལྔ་ལ་ལྟ་ཀློག་བྱེད་པ་དང་།འགའ་ཞིག་གིས་ཞོགས་པར་འདུལ་བ། ཉིན་གུང་མཛོད། ཉིན་རྒྱབ་དབུ་མ།
དགུང་མོ་ཆུ་ཚོད་༦་པ་ནས་༡༠་པའི་བར་རྣམ་འགྲེལ།དེ་ནས་ཕར་ཕྱིན་སོགས་ཁག་བགོས་ཀྱིས་ཉིན་རེར་ཆུ་ཚོད་ངེས་ཅན་ཞིག་གི་ནང་གཞུང་ཚན་རེ་ལྟ་ཀློག་བྱེད་ཀྱི་ཡོད་པས།ཆུ་ཚོད་སྐར་མ་དེ་ལས་འདས་ན་སླར་དུས་ཚོད་གཉིས་པ་ཞིག་རྙེད་རྒྱུ་མེད་པ་ཞིག་རེད།དུས་ཚོད་འདི་ཕར་ཆེར་རྒྱུགས་སྤྲོད་ལ་ཕེབས་ཀྱང་རིག་པ་སྒྲིམ་མ་མྱོང་བ་ཞིག་ཡིན་ན་ཤེས་རྒྱུ་མ་རེད་ལ།ཕེབས་མ་མྱོང་བ་ཞིག་ཡིན་ན་དེ་ལས་ཀྱང་ཤེས་མི་སྲིད་པ་ཞིག་རེད་ཅེས་ངས་ཚིག་ཐག་ཆད་པའི་སྒོ་ནས་བཤད་ཐུབ།)དེ་ལྟར་ཉིན་མོའི་སྣང་བ་ཡོངས་སུ་འདས་པའི་མཚན་གཞུང་དེར།ངའི་མིག་མདུན་གྱི་ཉི་གློག་གི་འོད་མདངས་དེ་ནི་སྔར་ལས་གསོན་ཉམས་ལྡན་ཞིང་།ཁོས་མི་ཁྱོད་ལ་སྙིང་སྟོབས་ཡོད་ན་ངའི་ཁྱོད་ལ་གསལ་མདངས་སྦྱིན་ཆོག་བརྗོད་མ་བྱུང་ཡང་དོན་དངོས་ནི་ཁོང་ང་ལ་བཀའ་དྲིན་ཧ་ཀྱང་ཆེ།ངས་གཏོང་ཕོད་ཡངས་བའི་ཉི་གློག་གི་སྦྱིན་བདག་སྒ་ཨ་ཡང་སྤྲུལ་སྐུ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ།
ང་འདྲའི་གྲྭ་རྐྱང་དུ་མ་ཞིག་ལ་ཤེས་རབ་ཀྱི་མིག་སྦྱིན་པ་དང་གཉིས་སུ་མེད་པ་ཞིག་རེད་ཅེས་ཁ་ནས་ཤོར།མཚམས་དེར་ངའི་ཤག་མཚེས་རྒན་འཆི་མེད་ཀྱི་ཁྱི་རྒྱ་རིལ་སོགས་ཁྱི་རྒྱགས་ཁ་ཤས་ཀྱིས་དེད་རྩེད་བྱེད་དེ་བྱུང་བས་ངའི་དྲན་ཤེས་སླར་དཀུགས་ནས་འདྲེན་བྱེད་མདའ་མོ་འདུལ་གཞུང་གི་གསེབ་ཏུ་འཕངས་ནས་ལྔ་ཕྲུགས་ཀྱི་དོགས་གནད་ལ་འབད་པ་ཡིན།

                                                                                                 སྐོར་ལམ་འགྲམ་གྱི་ལྷོ་བ་ཁམས་ཚན་གྱི་གཙུག་ལག་ཁང་རྙིང་པའི་སྒོ་འགྲམ་དུ།
                                                                                                        ༢༠༡༠ ༧ ༢༣ དགུང་མོ་ཆུ་ཚོད་༢ །༣༥ཐོག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་རམས་པའི་ཉིན་ཐོ།

2011-06-13 གཙང་ཁའི་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།