དཔེ་མཛོད་ཁང་དང་དེ་ལས་འཕྲོས་པའི་གཏམ་རྒྱུད་དག

            གཅིག
 ཡུ་ཐེ་མི་རིགས་ནི་དཔེ་ཁང་ལས་འོངས་ཤིང་དཔེ་ཁང་ལས་བུད་འགྲོཁོ་ཚོ་འོངས་དུས་ཡང་གཉའ་གནོན་དང་བཙན་འཛུལ། མཆིལ་ཞགས་ཀྱི་བསུ་བ་ལས་ཅི་ཡང་མེད་ནའང་། དེ་ལྟར་ཁ་རོག་གེར། ཉམ་ཆུང་ངེར་སོང་བའི་རྐང་རྗེས་ནི་ཇི་འདྲའི་འོད་སྟོང་ལྡན་པ་ཞིག་རེད་ཨང་།དཔེ་མཛོད་ཁང་ནི་ཤེས་ཡོན་པ་ཞིག་ལ་མཚོན་ན་ཤིན་ཏུ་གལ་ཆེ་བའི་གཡུལ་ས་ཞིག་རེད། དེ་ལས་བསམ་བློའི་གཡུལ་ཆེན་པོ་བཤམས་ནས་མི་ཚེ་ལ་བགྲོད་ལམ་གསར་བ་ཞིག་གཏོད་དགོས་པ་མ་ཡིན་ནམ།
               གཉིས།
 སྔོན་ཆད་ངས་སུམ་མདོ་བོད་ཡིག་དཀྱིལ་སྙིང་སློབ་གྲྭ་རུ་དམའ་འབྲིང་འདོན་པའི་སྐབས། ང་ཚོའི་འཛིན་གྲྭའི་སློབ་མ་རྣམས་ནས་གྲོས་འགོ་རང་འགྲིག་གིས་འཛིན་གྲྭའི་ནང་ཁུལ་དུ་དཔེ་མཛོད་ཁང་ཆུང་ཆུང་ཞིག་བཙུགས། དེ་ནི་ཧ་ཅང་སླ་མོ་ཞིག་སྟེ། སློབ་ཁང་གི་མར་ཕུག་ནས་ཅོག་ཙེ་སྟོང་བ་ཀླད་པ་མེད་པ་ཞིག་བཞག་པ་དེའི་ནང་དུ། འཛིན་གྲྭའི་ནང་ཁུལ་གྱི་སློབ་གྲོགས་མགོ་ནས་མཇུག་གི་བར་དུ་ཞོར་ལྟའི་ཀློག་དེབ༼བསླབ་དེབ་དག་ཕུད་པའི་དཔེ་ཆ་གཞན་དག༽ཅི་ཡོད་མཐའ་དག་མི་མིང་དང་དེབ་མིང་གཅིག་གཅིག་གཉིས་གཉིས་ལྟར་བཀོད་རྗེས་ཕྱོགས་གཅིག་ཏུ་བསྡུས་རྗེས་ཅོག་ཙེ་ཀླད་མེད་དེའི་ནང་དུ་བཞག  གསར་རྙིང་དང་བཟང་ངན། གོ་བ་ལེན་ཐུབ་པ་དང་མི་ཐུབ་པ། གོ་མྱོང་མ་མྱོང་དང་རིག་མྱོང་མ་མྱོང་སོགས་ཅི་རིགས་ཡོད་མོད། འོན་ཀྱང་རང་ཉིད་ཀྱི་ཤེས་པའི་ཚད་དང་མི་དམིགས་པར་ཡོད་ཚད་ལ་ཐུན་མོང་གི་བལྟ་ཀློག་བྱེད་སའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན། དེ་ནི་སློབ་གྲྭ་དེའི་ནང་བཀོལ་སྤྱོད་ཀྱི་རིན་ཐང་ཤིན་ཏུ་ཆེ་བའི་དཔེ་མཛོད་ཁང་ཆུང་ཆུང་ཞིག་ཡིན། དེ་ནི་ང་ཚོས་ཐོག་དང་པོར་རང་ཉིད་ཡར་འགྲེང་ནས་རང་ཉིད་ལ་བསྐྲུན་པའི་ཤེས་བྱའི་ལྡིང་ཁང་ཉམས་དགའ་བ་དེ་ཡིན་ལ། དེ་ནི་ང་
ཚོས་བག་འཁུམས་པའི་བསམ་བློའི་རྒྱ་ལས་གྲོལ་འདོད་པའི་ཕུགས་བསམ་གྱི་མེ་སོན་ཐོག་མར་བཏབ་པ་ཡིན།
               གསུམ།
   དེ་སྔོན་མཐོ་འབྲིང་འདོན་པའི་སྐབས་སུ། མང་ར་རྫོང་མི་རིགས་སློབ་འབྲིང་དུ་བར་སྐབས་ཤིག་ལ་སློབ་གྲྭས་དཔེ་མཛོད་ཁང་ཤིག་བཙུགས། དེ་ནི་ངས་མི་ཚེ་འདིར་ཐོག་དང་པོར་དཔེ་མཛོད་ཁང་དངོས་སུ་མཐོང་བ་ཡིན་པས། དཔེ་སྒྲོམ་དེ་དག་གི་མདུན་དུ་ང་ནི་ཅི་བྱ་གཏོལ་མེད་དུ་གྱུར་ཏེ། དཔེ་ཆ་དང་དུས་དེབ། ཚགས་པར་དང་ན་ཆུང་བྱིས་པའི་ཤེས་བྱ་ཕྱོགས་བསྡུས་ཀྱི་རྒྱུན་ཤེས་དེབ་ཆུང་སོགས་མང་པོ་མང་པོ་ཞིག་མིག་ལམ་དུ་སྣང་བྱུང་བས། ཐ་ན་ཁ་དོག་རྣམ་པར་བཀྲ་ཞིང་རི་མོ་ཡག་པོ་གང་མང་མང་དུ་བྲིས་པའི་རྒྱབ་ཤ་དེ་དག་གིས་ཀྱང་ངའི་ཡིད་དབང་ནི་དེ་བས་ཀྱང་ཅིག་ཅར་ཏུ་འཕྲོག་སོང་ཨང་། ཡིན་ནའང་། ཡིད་སྐྱོ་བ་ཞིག་ལ་ཉིན་འགའ་འགོར་མ་ཐག་དེ་སྔའི་རིག་པའི་ཞིང་ཁམས་ཆུང་ཆུང་དེ་གར་སོང་ཆ་མེད་དུ་གྱུར། མ་གཞི་སྒོ་བརྒྱབ་ནས་དཔེ་ཁང་ཞེས་འགྲོ་ས་ཞིག་གཏན་ནས་མེད་སོང་། ང་རང་མཐར་ཕྱིན་རག་བར་དུ་མེད་སོང་། ངའི་སེམས་པ་ནི་འཁྱག་སིབ་སིབ།
  དེའི་རྗེས་སུ་ང་ཚོའི་འཛིན་གྲྭ་སློབ་ཐུན་རེ་གཉིས་ཀྱི་སྐབས་སུ་དམིགས་བསལ་གྱིས་སློབ་ཁང་བརྗེས་ན་ཆོག  གཞི་རིམ་གྱི་སློབ་ཁང་ནི་སློབ་ཆེན་གྱི་སློབ་ཁང་ལྟར་རེས་མོས་སུ་བརྗེ་སྤོར་བྱེད་པ་ཞིག་མ་ཡིན་པར་ནམ་ཡང་གཏན་འཇགས་ཡིན།  གནས་དེ་ནས་ཏག་ཏག་ང་ལ་དགའ་སྐྱོ་ཟུང་གི་ཚོར་སྣང་སྨྲ་མི་ཤེས་པ་ཞིག་སྐྱེས་སུ་བཅུག་སོང་། དགའ་བ་ནི་དེ་སྔའི་དཔེ་ཆ་ཕལ་ཆེར་མིག་ལམ་དུ་མངོན་པས་མ་ཡིན་ནམ། སྐྱོ་བ་ནི་དེ་དག་ཚང་མ་སྣོད་ཀྱི་ནང་དུ་བཅུག་ནས་མར་ཕུག་ན་ཚོང་རྫས་ལྟར་གང་སར་སྤུངས་འདུག དེ་དག་ནི་གད་སྙིགས་ཤིག་གི་ཚད་ལས་བཞག་མི་འདུག ངའི་སེམས་ལ་ཙག་ཤད་ཅིག་བརྒྱབ་འོངས།  ངའི་སེམས་ལ་ཧམ་སེམས་ཤིག་སྐྱེས་འོངས། ངའི་སེམས་ལ་སྡང་སེམས་ཤིག་སྐྱེས་འོངས།
    དེ་ལྟར་ཐེངས་འགར་དེར་སོང་རྗེས་གཞི་ནས་སློབ་གྲོགས་ལ་ཤས་ཀྱིས་ཁུག་མའི་གྲུ་ག་གང་རུང་ནས་ཙི་གུ་ཤིག་དང་འདྲ་བར་སྣེ་མོ་བརྡོལ་ནས་དཔེ་ཆ་བརྐུ་འགོ་བརྩམས་བྱུང་། མིག་གིས་བལྟས་བལྟས་རིག་རིག་ལ་དཔེ་ཆ་གཅིག གཉིས།གསུམ། བཞི། མི་བཞི་ལྔ་ཞིག་མ་འདུས་ན་མི་ཐེག་པའི་ཁུག་མ་རེ་འགའ་ནི་ཇེ་ཡང་ནས་ཇེ་ཡང་། ཇེ་ཆུང་ནས་ཇེ་ཆུང་དུ་བུད་སོང་། དང་ཐོག་ངས་བརྐུ་ག་ནས་ཕོད། ཡིན་ནའང༼ཁུང་དབྱི་ཅི༽ནང་གི་ཁུང་དབྱི་ཅིས༼ཤེས་ཡོན་པས་དཔེ་ཆ་རྐུས་པ་ནི་རྐུ་ལ་མི་བརྩི༽ཟེར་བའི་གཏམ་དེ་དྲན་ཐེངས་གཅིག་གིས།་ཉིན་དེར་ངའི་མཆན་འོག་ཏུ་ཡང་ལག་པ་ཞིག་སྐྱེ་རུ་བཅུག་སོང་། དེ་ནི་ངས་ཐོག་དང་པོར་དཔེ་ཆ་བརྐུས་པ་ཡིན་པས་མལ་ཁང་ནང་དུ་ལོག་རག་བར་དུ་སེམས་པ་བོང་བོང་འདུགདེ་ནི་དཔེ་ཆ་ལ་དུངས་དྲགས་པའི་སློབ་མ་ཞིག་གིས་ཞེད་སྣང་སྐྱེས་བཞིན་དཔེ་ཆ་བརྐུས་པའི་གཏམ་རྒྱུད་རེད།
  དྲང་མོར་བཤད་ན་ངས་བརྐུས་ཟིན་པའི་དཔེ་ཆའི་ནང་ནས་རང་ཉིད་དགའ་བའི་སྒྲུང་གཏམ་དང་བྱིས་སྒྲུང་སྣ་ཚོགས་ཀྱི་ཤེས་བྱའི་བུ་རམ་ལ་རོལ་དུས་ད་གཟོད་ངས་ཁུང་དབྱི་ཅི་ལ་བདེན་ཁ་བྱིན་པ་མ་ཟད།ནམ་ཡང་སློབ་གྲོགས་ཚོའི་མཐོང་ལམ་དུ་བརྒྱུད་མི་ཐུབ་པའི་དཔེ་ཆ་དེ་དག་སུ་ཞིག་གིས་བརྐུ་བ་མཐོང་ནའང་འགོག་རྒྱུའི་སེམས་ཞིག་གང་ན་ཡོད། ད་དུང་ངའི་ཡིད་སེམས་ལའང་དགའ་སྤྲོ་ཞིག་གིས་ཀུན་ནས་བརྟས་འོངས། ཡིན་པ་ནི་སེར་སྣ་མེད་པར་གང་སར་གད་སྙིགས་ལྟར་གཡུགས་ཤིང་ནམ་ཡང་མཐོང་ལམ་དུ་མངོན་པའི་བསྐལ་བ་དབེན་པའི་མགོན་མེད་སྐྱབས་མེད་ཀྱི་དཔེ་ཆ་དེ་དག་ལ་བདག་པོ་གསར་བ་ཞིག་བྱུང་བས་མ་ཡིན་ནམ། རེ་འདོད་དང་མཚར་སྣང་གིས་ཁེངས་བའི་བདག་པོ་ཆུང་ཆུང་དག་ཡོད་པས་མིན་ནམ། འདི་ལྟར་རུལ་གྱིན་པའི་དཔེ་ཆ་དག་ལ་ཀློག་མཁན་གསར་བ་ཞིག་གི་རྣམ་ཤེས་གསར་བ་ཞིག་ཞུགས་ཐུབ་ན་བརྐུས་ཡང་རྐུས་ཆོག་ཆོག་རེད་ཟེར་འདོད་དོ།།
                 བཞི།
    ནུབ་བྱང་སློབ་ཆེན་དུ་སླེབས་རྗེས་དེ་སྔོན་དང་མི་འདྲ་བར། ང་ལ་ཁོད་ཡངས་བའི་བསམ་བློའི་ཁོར་ཡུག་ཅིག་དང་གང་འདོད་དུ་བལྟ་ཀློག་བྱ་ཐུབ་པའི་དཔེ་མཛོད་ཁང་ཞིག་ཡོད་པས་ངའི་སེམས་པ་ནི་བར་སྣང་ཁམས་རེད།ཡིན་ནའང་།སྐྱུག་བྲོ་བའི་གཏམ་རྒྱུད་རེ་འགའ་ཡང་རྣ་བས་ཐོས་ཤིང་མིག་གིས་མཐོང་བར་བྱེད།དཔེ་མཛོད་ཁང་གི་བལྟ་ཀློག་ཁང་ན་ནམ་ཡང་འདུག་སྟེགས་མི་འདང་པའི་གནས་ཚུལ་ཅི་ཡང་མི་འདུག ཡིན་ཡང་འདུག་ས་ཡོད་རྒྱུ་ཕར་ཞོག་ཟ་འཐུང་དུ་འགྲོ་བའི་བར་སྐབས་དེ་ལ་འདུག་སྟེགས་འཕྲོག་དགོས་པའི་དུས་ཤིག་ཡོད། དེ་ནི་ནམ་རྒྱུན་ཡིག་རྒྱུགས་གང་རུང་གཏོང་དགོས་པའི་ཚད་ལ་སླེབས་དུས་རེད། དངོས་གཞི་ཡིན་
ན་འདྲ།ཆེད་སྦྱོང་ཡིན་ན་འདྲ།ཞིབ་འཇུག་སློབ་མ་ཡིན་ནཡང་འདྲ།ཚང་མ་ནི་འདུག་སྟེགས་འཕྲོག་པའི་རྐུན་ཇག་གི་གྱུར་འདུག  ན་ནིང་ངའི་བཟང་ས་ཞིག་གིས་ད་ནངས་སྔ་མོར་བལྟ་ཀློག་ཁང་དུ་འགྲོ་དུས། ང་ནི་འཕྱི་འདུག་པས་ཚང་མ་སྔ་མོ་ནས་སླེབས་ཏེ་དང་ཐོག་གྲལ་བསྒྲིགས་ནས་སྒུག་འདུག  སྒོ་ཕྱེ་བའི་དུས་ཚོད་ལ་ཐོན་དུས་སྒོ་འབྱེད་རྒྱུ་ཕར་ཞོག་འཚང་ཁ་བརྒྱབ་དྲགས་པས་སྒོའི་ངོས་ཀྱི་དྲ་མ་ཡང་བཅག་སོང་ཟེར། ངོ་མ་དེ་འདྲ་ཞིག་
རེད།དོན་དེ་ཕར་འདས་ན་བལྟ་ཀློག་ཁང་དུ་འདུག་ས་གང་འདོད་འདོད་དུ་ཡོད་པ་མ་ཟད།  ལན་རེར་ཉིན་གང་བོར་སློབ་མ་རེ་འགའ་ཞིག་ལས་མི་འདུག་པའི་སྣང་ཚུལ་འདི་དག་གིས་དོན་ཅི་ཞིག་མཚོན་པ་རེད། དེ་འདྲའི་སྣང་ཚུལ་ལ་དོ་སྣང་མ་བྱས་པ་དང་གོམས་དྲགས་པའི་རྐྱེན་གྱིས་ང་ཚོའི་སློབ་ཆེན་གྱི་སློབ་མས་ཅི་ཡང་མ་ནུས།ང་ཚོའི་ཤེས་ཡོན་པས་ཅི་ཡང་ལོན་མ་བྱུང་།ཐ་ན་རང་ཉིད་ལ་འཚམ་པའི་ལམ་བུ་ཆུང་ཆུང་ཞིག་ཡང་རྙེད་མ་བྱུང་ཨང་།
                 ལྔ།
   ངས་མཚམས་རེར་ཡུ་ཐེ་མི་རིགས་ཀྱི་བསམ་བློ་དེ་དྲན་འོངས་ན། དེ་ནི་ཇི་འདྲའི་ཇི་འདྲའི་རླབས་ཆེ་བའི་མི་རིགས་ཤིག་རེད་ཨང་། དུས་རབས་ཇི་འདྲའི་མང་པོ་ཞིག་བརྒྱུད་ཟིན་ནའང་། བཙན་འཛུལ་་དང་གཉའ་གནོན་ཇི་འདྲ་ཞིག་བྱས་ནའང་། ལོ་རྒྱུས་ཀྱིས་ནག་ཉེས་ཅན་གྱི་ཀུ་རེས་ཇི་འདྲའི་རྩེས་ནའང་། ཚེ་སྲོག་ལས་ཀྱང་གལ་ཆེ་བ་ནི་སློབ་གསོ་རེད། མི་རིགས་ཤིག་གི་སྲོག་རྩ་བསྐལ་བརྒྱར་བསྟན་དུ་འཇུག་ཐུབ་པའི་ངོ་མཚར་གྱི་སློབ་གསོ་དེ་རེད།
   དེའི་རྐྱེན་གྱིས་འཛམ་གླིང་འདིའི་དམ་པའི་དམ་པ་རྣམས་གནས་དེ་ནས་འཁྲུངས་སོང་། དེའི་རྐྱེན་གྱིས་འཛམ་གླིང་གི་སོ་སྐྱེས་དག་གིས་ཁོ་ཚོ་ལ་རེ་ངན་གྱི་བསམ་བློ་བཅངས་མྱོང་།
   ང་ཚོའི་དཔེ་མཛོད་ཁང་དག ་འདི་ལྟར་རུལ་སོང་། ཅི་ཡང་མ་ནུས། ཐ་ན་སློབ་བུ་བརྒྱ་ཕྲག་ཅིག་གི་བསམ་བློའི་སྟོང་ཆའི་ཤས་ཙམ་བསྐོང་བའི་རྒྱུ་རུ་ཡང་མ་ནུས། འདི་ལྟར་གླང་ཉལ་ཚིལ་རྐྱལ་ཅན་གྱི་འགོ་ཁྲིད་དང་ཁ་ལ་སློབ་གསོ་འཕྲེད་དུ་བཟུང་བའི་སློབ་གཙོ་དག་གི་ཁ་ལག་བར་ནས་འདི་ལྟར་རུལ་སོང་། མི་རིགས་ཤིག་གི་རེ་ལྟོས་སུ་ཆེ་བའི་ན་ཆུང་གཞོན་ནུ་དག་གི་འོད་སྟོང་འབར་བའི་བསམ་བློ་དེ་འདི་ལྟར་རུལ་དུ་བཅུག་སོང་།
  རྟག་ཏུ་དགའ་སྐྱོ་ཟུང་གི་སྐྱ་འཐབ་པའི་གཞི་རིམ་གྱི་དགེ་རྒན་རྣམས་ཀྱིས་ཀུ་ཅོ་འདོན་མ་ཐུབ། ཤེས་བྱའི་སྦྲང་ཆང་ལ་དུངས་དྲགས་པའི་ན་ཆུང་རྣམས་ཀྱིས་ངུ་སྐད་འབྱིན་མ་ནུས། སྐྱིད་སྡུག་གི་རི་མོ་ཐོད་པའམ་ལག་ཟུང་ལ་བྲིས་དང་བྲི་བཞིན་པའི་ཡུལ་མི་རྣམས་ཀྱིས་ཅི་ཡང་རྟོགས་མ་བྱུང་ཨང་།
  དེ་ལ་འཇུག་པའི་རྒན་དར་གཞོན་གསུམ་གྱིས་དཔེ་ཁང་གི་རིན་ཐང་མ་རྟོགས།དཔེ་མཛོད་ཁང་ལ་རྩིས་འདང་མ་བཞག  དཔེ་ཆའི་ཕན་ནུས་མ་ཤེས། དཔེ་ཆ་ལ་དཔེ་འདང་མ་བཞག མི་རིགས་ཀྱི་ལས་དབང་ལ་སེམས་འཁུར་མ་བྱས། ཕ་མེས་ཀྱི་རྔུལ་ཁྲག་ལ་དུངས་ཀ་མ་ཆེ། རང་ཉིད་ལ་རྩིས་མཐོང་མ་བྱས།
  འདི་ནི་ང་ཚོས་དཔེ་ཆ་ལ་རྩིས་འདང་བྱས་པ་ཙམ་མ་རེད། འདི་ནི་ང་ཚོས་དཔེ་མཛོད་ཁང་ལ་མཐོང་ཆེན་མ་བྱས་པ་ཙམ་རེད། འདི་ནི་ང་ཚོའི་ན་ཆུང་གཞོན་ནུ་ཚོའི་བློ་གྲོས་ལ་རྡོག་བརྫིས་བཏང་བ་མ་ཡིན་ནམ། འདི་ནི་ང་ཚོའི་ཤེས་ཡོན་པ་རེ་རེའི་སྒ་ཚིགས་ཇེ་སྙི་རུ་བཏང་བ་མ་ཡིན་ནམ། འདི་ནི་ང་ཚོའི་མི་རིགས་ཀྱི་ལ་རྒྱའི་མགོ་བོ་དེ་གཞན་གྱི་རྐང་འོག་ཏུ་རང་གིས་བཞག་པ་མ་ཡིན་ནམ།
   ངས་འདི་ལྟར་སེམས་བཞིན་འདི་ལྟར་འབྲི་དུས། ངས་ཡུ་ཐེ་མི་རིགས་མི་རིགས་དྲན་འོངས། ཡུ་ཐེ་མི་རིགས་ཀྱིས་སློབ་གསོ་ལ་འཆང་བའི་བསམ་བློ་དྲན་འོངས། ཇི་འདྲའི་རླབས་ཆེ་བའི་མི་རིགས་ཤིག་རེད་ཨང་།
   གལ་ཏེ་ང་ཚོའི་བོད་པ་རེ་རེ་ལ་ཡུ་ཐེ་མི་རིགས་ཀྱི་གྲོགས་པོ་རེ་ཡོད་པའི་དབང་དུ་བཏང་ན། ང་ཚོའི་མི་རིགས་འདི་གནས་ཚུལ་གང་འདྲ་ཞིག་གི་ཚད་དུ་བསྐྱལ་ཡོད་དམ།མིན།ཧམ་སེམས་ཆེ་དྲགས་སོང་། གལ་ཏེ་ང་ཚོའི་ས་གནས་གང་རུང་ཞིག་ན་ཡུ་ཐེ་མི་རིགས་ཀྱི་ཚོ་སྡེ་གཅིག་ཡོད་པའི་དབང་དུ་བཏང་ན།  ཉེ་འཁོར་གྱི་ང་ཚོའི་རྒན་རབས་རྣམས་ལ་མིག་རྒྱ་གང་འདྲ་ཞིག་བསྐྱེད་དུ་བཅུག་ཡོད་དམ། མིན། གལ་ཏེ་ང་ཚོའི་ས་ཁུལ་དུ་ཡུ་ཐེ་བའི་ཤེས་ཡོན་སྡེ་ཡིས་བཙུགས་པའི་སློབ་གྲྭ་ཅིག་ཡོད་པའི་དབང་དུ་བཏང་ན། དེའི་སློབ་གསོའི་རོ་བཅུད་མྱོང་བར་འགྲམ་ཆུ་ལྡང་ཞིང་འཚང་ཁ་རྒྱག་པའི་སློབ་མ་ག་ཚོད་འདུག་གམ། དེ་ཡང་མིན། གལ་ཏེ་ང་ཚོའི་ཤེས་ཡོན་པའི་སྡེ་རུ་ཡུ་ཐེ་མི་རིགས་ཀྱི་ཤེས་ཡོན་པ་གཅིག་ཡོད་པའི་དབང་དུ་བཏང་ན། ང་ཚོའི་ཤེས་ཡོན་པར་འབོད་པའི་སྡེ་དེ་ཚད་ཐིག་གང་ཞིག་ཏུ་བསྐྱལ་ཡོད་དམ། ང་ཚོའི་ཤེས་ཡོན་པར་བློ་བསྐྱེད་གང་འདྲ་ཞིག་བསྩལ་ཡོད་དམ།
   ང་ཚོའི་མི་རིགས་ཡང་ཡུ་ཐེ་མི་རིགས་དང་འདྲ་བར་ཉམ་ཆུང་ངེར་དཔེ་མཛོད་ཁང་ལས་འོངས་ཤིང་དཔེ་མཛོད་ཁང་ལས་་ཁུ་སིམ་མེར་བུད་སོང་ན་ཅི་རུང་ཨང་། རྒྱུ་མཚན་ནི་ཧ་ཅང་སླ་སྟེ། ཁོ་ཚོ་འདི་ལྟར་བུད་སོང་བ་སུས་ཀྱང་མ་ཤེས་ལ་སུས་ཀྱང་ཤེས་དགོས་པའི་རྨི་ལམ་ཡང་མི་འདུག་མོད།འཇིག་རྟེན་འདིའི་སྐྱེ་བོ་རབ་འབྲིང་ཐ་གསུམ་མདོར་དེད་ན་ལྟག་དགྱེ་བསྒྲེང་བསྒྲེང་། ངོ་ལྤགས་འཛུམ་འཛུམ་ཀྱིས་འགྲོ་ས་ནི་ཁོ་ཚོའི་རྐང་རྗེས་ལས་གཞན་ཅི་ཨང་།
                ༢༠༡༡ལོའི་ཟླ༤༥ཉིན་ནུབ་བྱང་སློབ་ཆེན་དུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔེ་མཛོད་ཁང་དང་དེ་ལས་འཕྲོས་པའི་གཏམ་རྒྱུད་དག

2011-06-12 མར་ལོ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།