བརྩེ་དུང་གི་འབོད་སྒྲ།

མྱང་དོན་གྲུབ་ཕུན་ཚོགས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-06-06

  ཁྱེད་ཀྱི་མཛེས་སྡུག་ལང་ཚོ་དར་བའི་བཞིན་ཉིད་མཐོང་སླད་དུ། ངའི་སེམས་དབུས་ཀྱི་སྙིང་གཏམ་ལྷུག་པོ་ལྷུག་པོར་གྲོལ་ཞིང་།     བརྩེ་དུང་གི་འབོད་སྒྲ་ཡུག་གཅིག་ཏུ་གྲགས།    སྔར་སོང་གི་ལོ་ཟླ།      འབྱུང་འགྱུར་གྱི་ཕུགས་བསམ།     ང་ལ་ཡིད་ཆེད་ཡོད།         ཨེ་མ།        ཁ་སང་གི་དུས་འདིར་ཁྱེད་ཀྱི་ལང་འཚོའི་མཛད་འཕྲིན་དེ་འདྲའི་རླབས་ཆེན་ཞིང་།    མཁྱེན་པ་ཡངས་པའི་སྤྱན་གྱི་འཕྲེང་བས།      ཁོ་བོར་ཧ་ཅང་ཤོམ་དཀའ་བའི་བརྩེ་དུང་གི་གསོན་ཤུགས་ཤིག་སྟེར་བྱུང་།   ངོ་མ།     དེང་ཀྱང་བརྩེ་དུང་གི་རྒྱ་མཚོ་སྔར་བཞིན་རྒྱས་ནས།  ཁྱེད་ཀྱི་ཡོད་ཚད་ང་ཡི་ཆེད་དུ་འཚོ་ཞིང་ང་ཡི་ཆེད་དུ་འཆི།     འོ་རེད་ལགས།     ཁོ་བོས་ཀྱང་ཁྱེད་ལ་སྙིང་ནས་བརྩེ་ཞིང་ཁྱེད་ལ་སྙིང་ནས་དུང་།    དེ་བས་མ་འོངས་ཀྱི་འཚོ་བ་གསར་པ་གཏོད་གྱུར་ཁོ་བོས་མི་འགྱུར་དམ་བཅའ་ངག་ནས་བོར་ཞིང་།   ཁོ་བོའི་རྟ་མཆོག་གི་སྨྱུག་བརྩེ་ནས་བརྩེ་དུང་གི་རྨིག་སྒྲ་ཁྱེད་ལ་ཕུལ།   ཐ་ན་ཁོ་བོའི་ལུས་ཀྱི་བ་སྤུའི་བུ་ག་རེ་རེ་ནས་ཀྱང་བརྩེ་དུང་གི་འབོད་སྒྲ་དལ་མེད་དུ་གྲགས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་དུང་གི་འབོད་སྒྲ།

2011-06-06 མྱང་དོན་གྲུབ་ཕུན་ཚོགས། ཀློག་གྲངས། མཆན ཡོད།

  ཁྱེད་ཀྱི་མཛེས་སྡུག་ལང་ཚོ་དར་བའི་བཞིན་ཉིད་མཐོང་སླད་དུ། ངའི་སེམས་དབུས་ཀྱི་སྙིང་གཏམ་ལྷུག་པོ་ལྷུག་པོར་གྲོལ་ཞིང་།     བརྩེ་དུང་གི་འབོད་སྒྲ་ཡུག་གཅིག་ཏུ་གྲགས།    སྔར་སོང་གི་ལོ་ཟླ།      འབྱུང་འགྱུར་གྱི་ཕུགས་བསམ།     ང་ལ་ཡིད་ཆེད་ཡོད།         ཨེ་མ།        ཁ་སང་གི་དུས་འདིར་ཁྱེད་ཀྱི་ལང་འཚོའི་མཛད་འཕྲིན་དེ་འདྲའི་རླབས་ཆེན་ཞིང་།    མཁྱེན་པ་ཡངས་པའི་སྤྱན་གྱི་འཕྲེང་བས།      ཁོ་བོར་ཧ་ཅང་ཤོམ་དཀའ་བའི་བརྩེ་དུང་གི་གསོན་ཤུགས་ཤིག་སྟེར་བྱུང་།   ངོ་མ།     དེང་ཀྱང་བརྩེ་དུང་གི་རྒྱ་མཚོ་སྔར་བཞིན་རྒྱས་ནས།  ཁྱེད་ཀྱི་ཡོད་ཚད་ང་ཡི་ཆེད་དུ་འཚོ་ཞིང་ང་ཡི་ཆེད་དུ་འཆི།     འོ་རེད་ལགས།     ཁོ་བོས་ཀྱང་ཁྱེད་ལ་སྙིང་ནས་བརྩེ་ཞིང་ཁྱེད་ལ་སྙིང་ནས་དུང་།    དེ་བས་མ་འོངས་ཀྱི་འཚོ་བ་གསར་པ་གཏོད་གྱུར་ཁོ་བོས་མི་འགྱུར་དམ་བཅའ་ངག་ནས་བོར་ཞིང་།   ཁོ་བོའི་རྟ་མཆོག་གི་སྨྱུག་བརྩེ་ནས་བརྩེ་དུང་གི་རྨིག་སྒྲ་ཁྱེད་ལ་ཕུལ།   ཐ་ན་ཁོ་བོའི་ལུས་ཀྱི་བ་སྤུའི་བུ་ག་རེ་རེ་ནས་ཀྱང་བརྩེ་དུང་གི་འབོད་སྒྲ་དལ་མེད་དུ་གྲགས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།