ཕ་ཡུལ་གྱི་སྤྲོ་ཚོགས་ཞིག་ལ་བལྟས་རྗེས་ཀྱི་མྱོང་ཚོར།

   ང་དེ་རིང་ཕ་ཡུལ་དུ་ལོ་སར་རོལ་ཏུ་སོང་བ་ཡིན།
  ཡུལ་མི་ཚོས་དགའ་འགའ་སྤྲོ་སྤྲོའི་ངང་ནས་ད་ལོ་ཡུལ་ཚོ་ལས་འཚོགས་པའི་ལོ་སར་དགོང་ཚོགས་རྩེས་འདུག་ཟེར་བཞིན་གླུ་བ་ག་གེ་མོ་ཞིག་ལོ་སྔོན་མ་ལས་བཟང་རབས་བཤད།
  དེ་ལྟར་བཤད་ཚེ་ང་ནི་ཅིའི་ཕྱིར་མི་དགའ་ཡིད་སེམས་རབ་ཏུ་དགའ་བཞིན་སྤྲོ་ཚོགས་ལ་བལྟས་པ་ཡིན།
  སྤྱིར་ཕ་ཡུལ་ནས་ཤེས་རིག་དང་དེང་རབས་ཀྱི་ལམ་ཁར་བསྐྱོད་པའི་དགོང་ཚོགས་དང་འདུ་ཚོགས་མང་པོ་བསྒྲུབ་ན་ཧ་ཅང་དགའ་འོས་པ་ཞིག་རེད། དགོས་སུ་གནའ་བོའི་ས་རྩོད་ལ་སྤྲོ་བའི་རྒན་འཁོགས་དག་གིས་ཀྱང་
འདི་ལ་མོས་མཐུན་དང་རྒྱབ་སྐྱོར་གནང་བ་ནི་དེ་ལས་ཀྱང་དགའ་འོས་པ་ཞིག་རེད་མོད། ཡིན་ན་ཡང་ངས་མིག་ཟུང་བསྒྲིམས་ནས་དགོང་ཚོགས་ལ་ལྟ་དུས་ངའི་མིག་ལམ་དུ་ཤར་བ་ནི་ཁོ་ཚོའི་བཟང་ཆ་ལས་སྐྱོན་ཆ་མང་བར་གྱུར།
  དེའི་ཕྱིར་ངས་དེ་རིང་སྤྲོ་ཚོགས་འདིའི་སྐྱོན་ཆ་གླེང་རྒྱུ་ལས་གཞན་ཅི་ཡང་མ་ཡོད།  སྐད་འདར་འདར་བྱེད་བཞིན་པའི་རྡུང་ལེན་པ་དག་གིས་ཇི་འདྲའི་བརྗིད་ཉམས་ལྡན་ཁུལ་གྱིས་གར་སྟེགས་སྟེང་མིག་གིས་རིག་རིག་བྱེད་བཞིན་ཅི་ཡང་མི་སྨྲ་བའི་བོང་བུ་ཞིག་དང་འདྲ་བར་ཉམས་མྱོང་དང་སྦྱང་བ་ཅི་ཡང་མེད་པར་དངུལ་སྒོར་གྱི་སྟོབས་འགྲན་རེས་བྱས་ནས།གཞན་གྱི་དབྱངས་ཚིག་དག་བརྐུ་འཕྲོག་བྱས་ནས་ད་དུང་རང་ལ་ཡོན་ཏན་ཞིག་ཡོད་ཁུལ་གྱིས་རྫིག་ཉམས་ཞིག་བཙན་གྱིས་བཙིར་ནས་འོང་།
  སྤྲོ་ཚོགས་དེ་ལ་བལྟས་ཀྱིན་བལྟས་ཀྱིན་ཡིད་སེམས་ལ་གདུང་བ་དང་གྲང་ངར་ལྷན་དུ་འཁོར་ཡོང་།   སྦྱང་འབྲས་དང་མཐོང་རྒྱ་ཅི་ཡང་མེད་པར་དབེན་པའི་ལུང་མདོ་ཞིག་ན་ཕོ་ལོ་བརྒྱ་བཅུ་ཅན་ཞིག་གིས་རང་སེམས་གསོ་བཞིན་ལ་གཞས་བླངས་པ་དང་གཅིག་མཚུངས་རེད།  ང་དངོས་ནས་ཨ་ཐང་ཆད་སོང་།རང་ཉིད་ཀྱི་མིང་ཙམ་ཡང་འབྲི་མི་ཤེས་ན་ཡང་ད་དུང་གཞན་ལ་བོད་ཡིག་སྦྱང་དགོས་པ་དང་མི་རིགས་ཀྱི་ལ་རྒྱ་འཛིན་དགོས་ཚུལ་བསྟན་པ་ཉམས་འགྲོ་བ་ལ་སེམས་ཁུར་སོགས་མང་པོ་ཞིག་ལབ་འདུག   དངོས་ནས་དགོད་ཁ་ཡང་ཤོར་ལ་ངུ་རྒྱུའང་དབང་མེད་དུ་ཐོན་ཡོང།གནའ་མིའི་ཁ་དཔེ་ཞིག་ལ་གནམ་གང་ལ་རྟ་གསོ་བ་དང་ཚེ་གཅིག་ལ་རྟ་རྒྱུགས་ཟེར་བ་དེ་ནི་འདི་ལ་ཅིས་ཀྱང་མི་འབྱོར་རམ། ཉིན་འགའ་ལ་སྦྱང་བ་ཙམ་ཡང་མི་བྱེད་པར་སྒྲ་དང་གླུ་ཚིག་སོགས་དོ་མི་མཉམ་པར་གང་དྲན་ཞིག་བླངས་འདུག
  ལྟད་མོ་བའི་མིག་དབང་འཕྲོག་པ་ཕར་ཞོག་དུས་ཚོད་གཅིག་གི་རིང་ལ་སུན་སྣང་དང་ངོ་ཚ་ལྷན་དུ་ཐོན་ཡོང་བས་དེ་འདྲའི་སྤྲོ་ཚོགས་ཤིག་ཡོད་པ་ལས་མེད་ན་བཟང་བའི་ཚོར་བ་སྐྱེས་བྱུང་།  གཞན་གྱི་གླུ་ཚིག་དག་ལ་གཡར་ཞུ་ཞིག་ཕར་ཞོག་ཐ་ན་གླུ་ཚིག་འབྲི་མཁན་གྱི་མིང་ཡང་མི་འབྲི་བར་རང་ཉིད་ཀྱི་ཡིན་ཁུལ་གྱིས་ཨུ་ཚུགས་ཀྱིས་འཛུམ་ཞིག་ལངས་ནས་མི་ཚོགས་ལ་ཧེབ་ཀྱིས་ལྟ་དུས་ལྟད་མོ་བས་ཁྱེད་ལ་བྱིན་པའི་སྐར་གྲངས་ནི་ཀླད་ཀོར་རེད།
  སྤྱིར་བོད་ཀྱི་རྡུང་ལེན་པའི་ཁྲོད་ན་གཞན་གྱི་གཡམ་རྒྱུགས་ལ་དགའ་བ་ཇེ་མང་རེད། རང་ཉིད་ཀྱིས་གླུ་ཚིག་འབྲི་མི་ཤེས་པ་བསྐྱུར་ཞོག་གཞན་གྱིས་བྲིས་པ་དག་ཚིག་གི་གཅོད་མཚམས་ཙམ་ཡང་མི་ཤེས་པར་ད་དུང་སྙན་གྲགས་ཤིག་གི་ཆེད་དུ་འཚང་ཁ་བརྒྱག་གིན་པའི་བོད་ཀྱི་རྡུང་ལེན་པའི་ཚོགས། ཇི་འདྲའི་ཡིད་ཕངས་པ་ཞིག་རེད་འང་།
  ཁོ་ཚོའི་སེམས་སུ་སྒོར་མོ་ཡོད་ན་ཇི་ཞིག་ཡིན་རུང་བསྒྲུབ་ཆོག་པ་དང་གང་ཞིག་ཡིན་ཡང་བླངས་ཆོག་པར་འདོད་པའི་འཁྲུལ་སྣང་ཞིག་ཡོད་པ་གདོན་མི་ཟ། སྒོར་གྱིས་ཉོས་པའི་གླུ་ཚིག་དག་ལ་དབྱངས་འཁྱར་འཁྱོར་ཞིག་བཙན་གྱིས་བསྒྲིགས་ནས་ དེ་ཡང་ཡར་གྱི་མགོ་བཅད་ནས་མར་གྱི་མགོ་ལ་མཐུད་པ་དང་མར་གྱི་མགོ་བཅད་ནས་ཡར་གྱི་མགོ་ལ་མཐུད་པས་དབྱངས་ཚིག་རྩོམ་པ་པོ་དག་ལ་ཨ་ཐང་ཆད་བྱེད་ཅིག་ཀྱང་བསྒྲུབ་མེད་དམ།
  ད་དུང་བོད་ཀྱི་སྤྲོ་ཚོགས་ཆེན་མོ་དག་གི་གྲལ་དུ་ཡང་ཁོ་ཚོ་ཐོན་ཡོད།སྨྲ་ལྕེ་དག་པའི་འགན་འཛིན་པ་དག་ལ་སྒོར་འགའ་ཡི་དྲོད་ཁོལ་སྦྱིན་ནས་མིང་དུ་གྲགས་པའི་གླུ་བ་ཆེ་གེ་མོ་ཟེར་བའི་ཐ་སྙད་རྫིག་པོ་ཞིག་རང་ལ་བཙན་གྱིས་འདོག་ཏུ་འཇུག་དུས་ཁོ་བོས་ཀྱང་ཅི་ཞིག་ཡིན་འདོག་ཁ་བོའི་ངང་གར་སྟེསག་སྟེང་ཧེབ་གྱིས་འགྲོ་དུས། ང་དངོས་ནས་ཨ་ཐང་ཆད་ལ་དགོད་ཁ་ཡང་ཤོར།སྒོར་མོ་ཡོད་ཚེ་ཅི་ཞིག་ཡིན་རུང་འགྲུབ་འདོད་པའི་བོད་ཀྱི་རྡུང་ལེན་པ་འདི་ཚོ། མཐོ་རིམ་ཤེས་ཡོན་ཅན་དང་སྨྲ་ལྕེ་དག་པའི་འགན་འཛིན་པ་དག་གིས་ཀྱང་འུར་སྟོད་མི་བཤད་པ་ཤིན་ཏུ་ནས་གལ་ཆེ་བར་བསམ།རྒྱུ་མཚན་ང་ཚོ་ལ་རྡུང་ལེན་པ་མ་མཁོ་བ་གཏན་ནས་མིན།ཡིན་ན་ཡང་གླུ་ཚིག་གི་གཅོད་མཚམས་མི་ཤེས་པ་དང་མཐའ་ན་རང་ཉིད་ཀྱི་མིང་ཙམ་ཡང་འབྲི་མི་ཤེས་པ་དག་ང་ཚོ་ལ་བསྐལ་བའི་བར་དུ་མི་མཁོ།ང་རང་ཉིད་ཀྱིས་བསམ་ན་རྡུང་ལེན་པ་ཞིག་ལ་ཚང་དགོས་པའི་མ་མཐའི་ཆ་རྐྱེན་ཡང་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་ཞིག་ཡོད་པ་དང་སུམ་རྟགས་དག་གསུམ་གྱི་འགྲོ་སྟེང་ཡག་པོ་ཞིག་ངེས་པར་དུ་ཤེས་དགོས་པར་འདོད།
  ང་ཚོས་ཕྱིར་དྲན་ཞིག་བྱས་ན། གནའ་བོའི་རྡུང་ལེན་པ་དག་གིས་བླངས་པའི་རྡུང་ལེན་ཡོད་ཚད་ལ་ཇི་ལྟར་ཉན་ཡང་སུན་སྣང་ཡེ་ནས་མེད། རྒྱུ་མཚན་ཁོ་ཚོ་དབྱངས་ཚིག་ལ་མཁས་པ་དང་ལྷན་སྐྱེས་ཀྱི་སྐད་ངག་ཡོད་པ་སྦྱང་འབྲས་ལེགས་པས་རེད།
  མཇུག་མཐར་གསར་སྐྱེས་རྡུང་ལེན་པ་དག་ལ་རེ་ཞུ་ཞིག་ཡོད་པ་ནི།རྡུང་ལེན་སྒྱུ་རྩལ་ལ་མཁས་པའི་གནའ་བོའི་རྒན་པ་དག་གི་མདུན་ནས་ལས་རིགས་འདི་ལ་སློབ་སྦྱོང་ཡག་པོ་ཞིག་བྱེད་རྒྱུ་ནི་དུས་དང་བསྐལ་བའི་བར་དུ་བདག་གི་རེ་བ་གསོན་པོ་དེ་ཡིན།

                                                                                                                              ༢༠༡༡་༣་༡༦་ཉིན།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ་གྱི་སྤྲོ་ཚོགས་ཞིག་ལ་བལྟས་རྗེས་ཀྱི་མྱོང་ཚོར།

2011-06-02 ཏཱ་ན་སྦྱིན་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།