ང་ཚོའི་དཔལ་འབྱོར་ཅིའི་ཕྱིར་རྗེས་སུ་ལུས།

  རགས་བསྡུས།
 དྲི་བ་འདིས་གནད་དོན་གཉིས་བསྟན་ཡོད། ཕྱོགས་གཅིག་ནས་དེང་གི་བོད་ཀྱི་ས་ཁུལ་དུ་འབུ་ཚོང་། ཁྱི་ཚོང་། གཏར་འདོན། དེ་མིན་ཆོས་ལུགས་ཀྱི་བཟོ་བསྐྲུན་སོགས་ཀྱིས་བོད་ཀྱི་ཁྱད་ཆས་ལྡན་པའི་ཚོང་ར་གསར་བ་ཡུལ་གྲུ་ཀུན་དུ་ཁྱབ་ཡོད། ཕྱོགས་གཅིག་ནས་བོད་ཀྱི་ས་ཁུལ་མང་དུ། ལྷག་པར་བོད་ལྗོངས་ལྟ་བུར་སྤྱི་ཚོགས་ཀྱི་དོ་དམ་དང་དཔལ་འབྱོར་གྱི་ཡར་རྒྱས་ནི་པེ་ཅིང་གི་མ་རྩ་གཅིག་པུར་བརྟེན་པ་དང་། གོང་རིམ་ནས་བགོ་བྱ་རྒྱབ་པའི་མ་དངུལ་གྱི་བརྒྱ་ཆ་དགུ་ཅུ་ནི་ལས་བྱེད་པའི་གླ་ཕོགས་དང་འཛུགས་བསྐྲུན་སོགས་ལ་གཏོང་གིན་ཡོད་པ་རེད། དཔེར་ན་བོད་ལྗོངས་ཀྱི་GDP་ནི་གཞུང་གིས་འཛུགས་བསྐྲུན་ཐད་གཏོང་བའི་མ་རྩ་མང་ཉུང་གི་ཆ་ཡིན་པ་ལས་ཡོང་འབབ་མ་རེད(གཞུང་གིས་ག་ཙམ་གཏོང་བ་དང་ཡོང་འབབ་ཡང་དེ་ལྟར་རྩིས་ཡོད)། ལོ་རེར་བོད་ལྗོངས་གཏོང་བའི་མ་དངུལ་ནི་དུང་ཕྱིར་བདུན་བརྒྱ་ལྷག་གི་ཡན་ལ་ཤོར་ཡོད་པས་གཞན་བརྟེན་དཔལ་འབྱོར་ཞེས་མཚན་ཉིད་ཐོག་ཡོད། བོད་ལྗོངས་ཀྱི་ད་ལྟའི་སྤྱི་ཚོགས་འཕེལ་རྒྱས་སུ་མཁོ་བའི་མ་དངུལ་ས་གནས་རང་ཁུལ་ནས་འདོན་སྤེལ་བྱེད་ཐུབ་མེད།
  མི་བུ་སྒེར་གྱིས་འདེམས་ཀ་བྱེད་དུས་ང་ཚོས་རྣམ་པ་འདི་དག་མཐོང་གིན་ཡོད། སློབ་གྲྭ་ཆེན་མོ་བ་མཐར་ཕྱིན་པ་དང་གཞུང་གི་ལས་བྱེད་པ་བཙལ་རྒྱུར་ཧུར་ཐག་བགྱིས་བའི་མོད་ལ། གྲོང་གསེབ་ཀྱི་ཞོར་ལས་སྙེག་མཁན་ཚོས་ལྷ་ས་ལྟ་བའི་གྲོང་ཁྱེར་ཆེན་པོར་སླེབས་ནས་རྒྱལ་ནང་ནས་ཡོང་བའི་ངལ་རྩོལ་བ་དང་མཉམ་དུ་འགྲན་སྡུར་བྱེད་པའི་སྒང་ཡིན།
  གཞན་བརྟེན་དཔལ་འབྱོར་ལས་ཞོར་ལས་སྙེག་མཁན་དང་ཐོན་ཁུངས་གཅིག་གཉིས་ལ་གཞི་བཅོལ་བའི་བོད་ཁུལ་གྱི་དཔལ་འབྱོར་གནས་སྟངས་ནི་རང་རྐྱ་ཐུབ་པའི་ནུས་བ་ཤོར་ཡོད། དཔེར་ན་ཁ་བཏགས་ནི་བོད་ཀྱི་སྤྱི་ཚོགས་འཚོ་བའི་ནང་ནམ་རྒྱུན་བེད་སྤྱོད་བྱེད་པའི་ཅ་ལག་ཅིག་རེད། འོན་ཀྱང་ཁ་བཏགས་བཟོ་གྲྭ་བརྒྱ་ཆའི་དགུ་ཅུ་གོ་བརྒྱད་ ཁྲི་འདུ་ན་ཡོད། མ་ཟད་ད་དུང་ཁྲི་འདུའི་གྲོང་རྡལ་ཆུང་ངུར་གནས་ཡོད། ཁ་བཏགས་རིགས་མི་འདྲ་བ་གསར་གཏོད་བྱེད་ཚེ་བོད་ཀྱིས་ཚོང་མ་མང་པོས་ཐད་ཀར་ཁྲི་འདུའི་བཟོ་གྲྭར་བཅོལ་བ་ལས་རང་གི་བཟོ་བ་མ་རེད།
  ད་དུང་སྣང་ཚུལ་ཞིག་ནི་ངའི་འདི་ནས་བརྟག་དཔྱད་བྱེད་འདོད་ཡོད། རྒྱལ་ནང་གི་ཤེས་ཡོན་པའི་སྡེ་རུ་ཚང་མས་དཔལ་འབྱོར་དར་རྒྱུ་མང་དྲག་པས་མི་བུ་འཚོ་སྐྱོང་བྱེད་པའི་འཁོར་ཡུག་འབོག་བཙོག་ཚད་མེད་བཟོ་ཚར། མ་ཟད། མི་བུ་ཀུན་སྤྱོད་དང་རིན་ཐང་གི་ལྟ་ཚུལ་སོགས་སྒོར་མོ་དང་དབང་ཐང་གིས་འཁྱེར་སོང་བས་སྤྱི་ཚོགས་བདེ་འཇགས་དང་བདེན་དོན་དྲང་སྙོངས་ཀྱི་ཚད་ལས་བརྒལ་བའི་དོན་རྐྱེན་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད། བོད་དུ་གང་ལྟར་མང་པས་ཆོས་ལུགས་དང་རྨོངས་དད་སོགས་ཀྱིས་ཤུགས་ཆེ་དྲག་ནས་དཔལ་འབྱོར་དར་སྤེལ་འགྲོ་གིན་མི་འདུག་ཟེར། འདི་ལ་དཔྱད་དགོས་ན་མ་རྩའི་དོན་སྙིང་ཅུང་ཙམ་རྒྱུས་ལོན་བྱེད་དགོས་པ་དང་ཁྱད་པར་དུ་མིའི་ལྟ་བ་དང་བྱ་སྤྱོད་འབྱུང་བའི་སྤྱི་ཚོགས་ཀྱི་སྒྲིག་གཞི་དང་ལམ་ལུགས(སྒོར་མོ། རྒྱལ་ཁབ། ཚོང་ར།) འཛམ་གླིང་གཅིག་གྱུར་བཅས་ལ་བརྟག་དཔྱད་མཛད་དགོས།
  ༡ སྤྱི་ཚོགས་སྒྲིག་གཞི།
 མར་ཁུ་སི་བར་པུས་(Mark Weber)་བརྟག་དཔྱད་མཛད་པ་ལྟར་ན་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དཔལ་འབྱོར་དར་སྤེལ། ལྷག་དོན་མ་རྩ་རང་ལུགས་ནི་ཡེ་ཤུ་མ་ཤུ་ཀའི་ཆོས་ལུགས་ཀྱི་བཅོས་བསྒྱུར་ལས་བྱུང་བ་ཡིན་ཟེར། ཁོང་གི་དཔྱད་པ་ཆ་ཚང་ ཡེ་ཤུ་གསར་མ་དང་མ་རྩ་རང་ལུགས་ཀྱི་བླ་སྲོག་ཅེས་པའི་སྐད་གྲགས་ཆེ་བའི་བརྩམས་ཆོས་ནང་དུ་བཀོད་ཡོད། ཡེ་ཤུའི་གསར་མོའི་གོང་གི་སྤྱི་ཚོགས་ནི་དཀོན་ཆོག་མཐོ་ཤོས་དང་དེ་ལས་དགོན་སྡེའི་ཚོགས་པ་ནི་དཀོན་ཆོག་གི་བཀའ་ཐད་ཀར་ལག་བསྟར་བྱེད་པའི་འགྲེལ་བཤད་དུ་སོང་ཡོད། ལྟ་སྟངས་འདི་ལས་མི་རྣམས་ཀྱི་ཀུན་སྤྱོད་དང་མི་ཆོས་ཀྱི་འཚོ་བ་ཡང་སྤྱི་ཡོངས་ཀྱི་སེམས་ཁུར་(བསམ་བློ་འདི་དང་ལེན་བྱེད་དགོས་ན་གཅིག་གྱུར་གྱི་སྒྲིག་གཞི་དང་དོ་དམ་ལྟེ་གནས་ལ་སྐྱབས་བཅོལ་དགོས།)དང་སྒྲིག་ཁྲིམས་བརྩི་སྲུང་ལ་དོ་སྣང་སྟེར་བ་བཞིན་མི་བུ་སྒེར་གྱི་བདེ་སྡུག་དང་མྱོང་ཚོར་འབུར་དུ་ཐོན་དུ་བཅུག་མེད། དེ་ཡང་དམངས་ཚོགས་ནང་ཁུལ་དུ་མི་རང་ཉིད་ཀྱི་སྡུག་གྲུབ་བསགས་དགོས་ན་རྒྱུ་འབྱོར་བ་དགོན་པར་འཕུལ་བའི་འཚོ་བའི་རྣམ་པ་སྤྱད་ཡོད། དེ་སྐབས་ཀྱི་དགོན་སྡེའི་ཕྱུག་ཐོག་རྒྱབ་ཡོད་པ་གདོན་མི་ཟ། འོན་ཀྱང་ཚོགས་པ་ཞིག་ལ་རྒྱུ་འབྱོར་བ་མང་དྲག་ན་གནད་དོན་དུ་མ་འབྱུང་སྲིད། དགོན་པོའི་གྲྭ་བ་ནི་བུ་རབས་ཚ་རྒྱུད་སྐྱོང་རྒྱུ་མེད་སྟབས། འབྱོར་བ་འདི་དག་དོ་དམ་ཇི་འདྲ་བྱེད་དགོས་པ་དཀའ་ངལ་ཐག་ཡོད། མ་དངུལ་དང་ས་ཞིང་སོགས་དགོན་པར་བཅོལ་ན་དེ་དག་གི་རིན་ཐང་རིམ་བཞིན་མེད་འགྲོ་བ་ལས་མ་དངུལ་གྱིས་མ་དངུལ་སྐྱོང་ཐུབ་ཀྱིན་མ་རེད། དེ་བས་དགོན་པའི་མ་དངུལ་དོ་དམ་གྱི་ལམ་ལུགས་གསར་བ་བཙུགས་པ་རེད། རྒྱུད་རིམ་འདི་བགྲང་བྱ་དུ་མར་སོང་ཚར་ན་ད་ལྟའི་མ་རྩ་རང་ལུགས་ཀྱི་ཐོག་མའི་རྣམ་པ་སྟེ་མ་དངུལ་རྐྱང་རྐྱང་བརྟེན་པོའི་ཚོང་ར་དར་བ་རེད། ཡང་ཕྱོགས་གཞན་ཞིག་ནས་དགོན་པོའི་སྟོབས་འབྱོར་ཆེ་སོང་ན་དགོན་པའི་ནང་ཁུལ་དུ་རྒྱུ་བཟའ་བ་གྲྭ་བའི་འཚོ་བ་རུལ་སོང་དུ་གྱུར་བའི་གནས་ཚུལ་བསྟུར་མར་འབྱུང་གིན་ཡོད། ཡེ་ཤུ་གསར་མོའི་གསར་གཏོད་མཁན་ཚོས་གནད་དོན་འདི་གཞིར་བཞག་བྱེད་ནས་སོ་སོའི་ཆོས་ལུགས་བཅོས་བསྒྱུར་གཏོང་དགོས་པའི་ལས་འགུལ་སྤེལ་བ་རེད། ལས་གཞི་འདི་རྟིང་སྐུལ་བྱེད་དགོས་ན་ཁོང་ཚོའི་ཡེ་ཤུ་མ་ཤུ་ཀའི་ཆོས་གཞུང་ལ་འགྲེལ་བ་གསར་འཛུགས་དང་། མི་བུ་རང་ཉིད་དང་དཀོན་ཆོག་བར་འབྲེལ་བ་འཛུགས་དགོས་ན་(རང་གི་སྡུག་གྲུབ་བསག་དགོས་ན་)ཡིན་གཅིག་མིན་ནས་དགོན་སྡེའི་ཚོགས་པར་མ་དངུལ་འབུལ་མི་དགོས་ཟེར། མི་བུ་སྒེར་གྱི་ངལ་བརྩོལ་དང་རྒྱུ་འབྱོར་བའི་གསོག་འཇོག་བརྟེན་ནས་ཐད་ཀར་དུ་དཀོན་ཆོག་དང་འབྲེལ་བ་འཛུགས་ཐུབ་པའི་ལྟ་སྟངས་ལས་ཡེ་ཤུ་གསར་མ་བྱུང་བ་རེད། ད་ལྟའི་མ་རྩ་རང་ལུགས་དར་ཁྱབ་ཆེ་བའི་རྒྱལ་ཁབ་མཚོན་ན་མང་ཤོས་ཡེ་ཤུ་གསར་མ་བའི་དད་པ་པོ་ཡིན།
  འདི་ལས་ད་དུང་གནད་དོན་ཞིག་བརྟག་དཔྱད་བྱེད་དགོས། ཡེ་ཤུ་གསར་མའི་དད་པའི་གཞུང་ལ་གཏུགས་ན་མི་ཆོས་ཀྱི་ལྟ་བ་ཤུགས་ཆེན་ཟིན་ཡོད། དེ་ལྟར་བྱེད་ན་རྒྱ་ནག་གི་ལོ་རྒྱུས་ནི་ཁོན་མིན་གྱི་ལྟ་བ་རྒྱུགས་ཆེ་བའི་སྤྱི་ཚོགས་ཤིག་རེད། ཁོང་ཚོའི་ས་ཁུལ་ནས་མ་རྩ་རང་ལུགས་མ་དར་བའི་རྒྱུ་མཚན་ཅི་ཡིན། མ་ཟད་གནའ་ནས་ད་བར་དུ་རྒྱ་ནག་གི་སྤྱི་ཚོགས་སུ་ཚོང་ལ་ཕྱོགས་པའི་གོམས་སྲོལ་ཆགས་ཡོད་པ་དང་། ཁོང་ཚོས་རྩིས་གྲངས་ཐད་ཀྱི་ཡོན་ཏན་ནི་མ་རྩ་རང་ལུགས་མཁོ་བའི་དཔྱོད་ཤེས་རེད། འོན་ཀྱང་རིག་གནས་དང་གོམས་སྲོལ་འདི་དག་ཡོད་ཀྱང་རྒྱ་ནག་ཏུ་མ་རྩ་རང་ལུགས་དར་མ་ཐུབ། མར་ཁུ་སེ་བར་པུའི་འགྲེལ་བཤད་དུ་ཤར་ཕྱོགས་རྒྱལ་ཁབ་གང་མང་ཞིག་ཏུ་རྩོད་སྒྲུབ་དར་ཡོད་ཀྱང་རྩོད་སྒྲུབ་དེ་ཚོད་ལྟའི་ལས་འགུལ་དུ་བཏང་བའི་ཐབས་ཤེས་གསར་གཏོད་བྱས་མེད་ཟེར། དཔེར་ན་ཀྲུང་ཀོ་དང་རྒྱ་གར་དུ་འཇིག་རྟེན་གྱི་ལྟ་བ་དང་གཞུང་ལུགས་དར་ཁྱབ་སོང་ཡོད་ཀྱང་གནས་ལུགས་དེ་དག་ལག་བསྟར་གཏོང་བའམ་ཚོད་ལྟའི་གོ་རིམ་བརྒྱུད་བ་ལས་བདེན་དཔང་བྱེད་མེད། ལྷག་པར་དུ་རྒྱ་ནག་གི་སྤྱི་ཚོགས་སུ་ཡོད་ཏན་པར་(དབང་འཛིན་མཁན་ལ་)གོང་བཀུར་བྱེད་པའི་ལུགས་སྲོལ་དང་སྒྲིག་གཞི་རྐྱང་རྐྱང་བཅིངས་ཡོད་པས་ཚོང་བ་ནི་དེ་སྐབས་ཀྱི་ཞིང་བ་དང་ལུག་རྫི་བ་ལྟར་སྤྱི་ཚོགས་ཆེས་དམའ་སར་བཞག་ཡོད། སྒྲིག་གཞི་འདི་རིགས་ནི་མ་རྩ་རང་ལུགས་དར་སྤེལ་འགྲོ་མི་ཐུབ་པའི་རྒྱུ་མཚན་དུ་བྱས་ཡོད།
  མར་ཁུ་སེ་བར་པུའི་ལྟ་བ་འདིར་མི་མང་པོས་དགག་པ་བྱེད་བཞིན་ཡོད་མོད། འོན་ཀྱང་ཡེ་ཤུ་གསར་མའི་བཅོས་བསྒྱུར་ལམ་ལུགས་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་ལ་ཤུགས་རྐྱེན་ཚད་མེད་ཐེབས་ཡོད་པ་དངོན་སུམ་དོད་པོ་ཡིན། འདི་ནས་ང་ཚོས་ཁ་གསལ་དགོས་པ་ཞིག་ལ་ཆོས་ལུགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་ནུས་བ་འདོན་གྱིན་ཡོད་པ་གདོན་མི་ཟ། འོན་ཏེ་ཡོད་ཚད་མ་རེད།
  དེ་ནས་ཡང་བོད་དང་རྒྱ་ནག རྒྱ་གར་སོགས་ཀྱི་མིས་གནའ་སྔ་མོ་ནས་ཚོད་ལྟ་མི་དགའ་བ་ཅི་ཡིན་ཞེས་ན། ངེད་ཅག་གིས་རིག་གཞུང་དུ་མི་དང་རང་བྱུང་གི་འཁོར་ཡུག་བར་གྱེས་བ་གཏོང་སྲོལ་མེད། བྱིས་པའི་འཚར་ལོངས་དེ་ལ་རྒྱུས་ལོན་བྱེད་དུས་ང་ཚོས་ཤེས་བ་ནི་དང་ཐོག་མི་རྣམས་ཀྱི་རང་དང་འཁོར་ཡུག་གཅིག་ཏུ་བསམ་ཡོད་པས་དེ་དང་ཁ་བྲལ་ན་དངངས་སྐྲག་ཚད་མེད་བཟོ་ངེས་ཡིན། ལྟ་བ་འདི་ང་ཚོའི་མི་དར་མོའི་སྐབས་སུ་ད་དུང་གཏིང་ཟབ་མོ་རེད། དེ་བས་གནའ་སྔ་མོ་ནས་གཏར་ཁ་འདོན་པ་དང་མིའི་གཞན་གྱི་མཐུན་རྐྱེན་ལས་རང་གི་ཁེ་ཕོག་བསག་པ་སོགས་སྡུག་གྲུབ་ཞིག་ཏུ་བརྩིས་ཡོད། དེང་རབས་ཀྱི་དཔལ་འབྱོར་ནི་རང་བྱུང་གི་ཐོན་ཁུངས་གཅིག་པུར་བརྟེན་ཡོད་པ་ནི་ང་ཚོས་ད་ལྟའི་གནོད་འཚེ་གང་མང་མྱོང་དགོས་པའི་གཞི་རེད། མཐོ་སྒང་ཆ་མཚོན་ན་ཐོན་སྐྱེད་ཀྱི་དུས་རབས་མ་སླེབས་པའི་སྔུན་ལ་འཛམ་གླིང་ཇེ་དྲོད་སོང་བའི་སྡུག་དེ་མྱོང་དགོས་པ་ཇི་བཞིན། ང་ཚོས་ཕ་མེས་ཡང་མེས་སྤྱི་སྡོམ་བྱས་པའི་མི་དང་རང་བྱུང་གི་འབྲེལ་བ་དེ་མི་བདེན་ཟེར་ན་གནས་ལུགས་མེད།
  ༢ སྤྱི་ཚོགས་ལམ་ལུགས།
 དང་པོ། ང་ཚོའི་སྤྱི་ཚོགས་སུ་མི་བུ་རང་ཉིད་ཚོགས་པ་དང་ཁ་གྱེས་ནས་རང་སྒེར་འཚོ་བ་སྐྱོང་བའི་ཆ་རྐྱེན་འབྱུང་མེད། གཉིས་པ། ང་ཚོའི་སྤྱི་ཚོགས་ཀྱི་རྒྱུ་འབྱོར་བ་ཞིང་ལས་དང་འབྲོག་ལས་ཀྱི་དཔྱ་ཁྲ་ལ་བརྟེན་དགོས་པ་ལས་ཚོང་ལས་ལ་སྐྱབས་བཅོལ་མི་དགོས། ཞིང་བ་དང་ཞིང་བདག་གི་འབྲེལ་བ་ནི་གཅིག་ལ་གཅིག་བརྟེན་གྱིས་ནུས་བ་མང་པོ་ཟིན་ཡོད་པ་དང་ཞིང་བདག་གི་འབྱོར་ཕྱུག་གཏན་པོ་ཆགས་དགོས་ནི་ཞིང་བ་དང་འབྲོག་པའི་གནས་སྟངས་དེ་སྲ་བརྟན་གཏོང་དགོས། རང་ཅག་གི་སྤྱི་ཚོགས་སྒྲིག་གཞིས་འབྲེལ་བ་འདི་དག་ལ་རྒྱུ་མཚན་དྲངས་བ་མ་ཟད། ཞིང་བདག་དང་ཞིང་བའི་བར་འགལ་བ་རྫ་དྲག་འབྱུང་ཡང་བདག་པོ་བརྗེས་བའི་ལས་འགུལ་གཅིག་གཉིས་བྱུང་བ་མ་གཏོགས། སྤྱི་ཚོགས་ཀྱི་སྤྱིའི་འབྲེལ་བར་བཅོས་བསྒྱུར་བྱུང་ཐུབ་མེད། འོ་ན་ནུབ་ཕྱོགས་རྒྱལ་ཁབ་ཏུ་འབྲེལ་བ་དེར་མེད་རླགས་བཟོ་ནུས་པ་ཅི་ཡིན། ང་ཚོས་གོང་ནས་གསལ་བཤད་ལྟར་དགོན་སྡེའི་མ་རྩ་དོ་དམ་བྱེད་དགོས་ན་ཆེད་ལས་པ་མཁོ་བ་རེད། དགོན་པོའི་ཁེ་ཕན་དང་ཁ་གཏད་དུ་ལངས་མི་དགོས་ན་དགོན་སྡེའི་ཕྱི་ཕྱོགས་ནས་དོ་དམ་མི་སྣ་འདི་རིགས་བཙལ་དགོས། རིམ་བཞིན་རང་གི་རྒྱུ་འབྱོར་བ་གཉེར་ཐུབ་པའི་གྲྭ་བ་མིན་པ་དང་ཞིང་བ་མིན་པའི་གྲལ་རིམ་གསར་བ་བྱུང་བ་ཡིན། དེ་ནས་ཆོས་ལུགས་བཅོས་བསྒྱུར་བརྟེན་ནས་དོ་དམ་པ་འདི་དག་གི་གོ་གནས་གཏན་པོར་བཅོས་ཡོད།
  ད་ལྟའི་མ་རྩ་རང་ལུགས་ཀྱི་དར་སྤེལ་ཐད་རྒྱབ་ཁབ་ཀྱི་ནུས་བ་འདོན་བཞིན་ཡོད་པ་ཤིན་ཏུ་ནས་བདེན་པ་ཡིན། ཤར་ཕྱོགས་རྒྱལ་ཁབ་དཔེར་ན་ཀྲུང་ཀོ། རྒྱ་གར། ཤིན་ཀ་ཕོ། ཁོ་རེ་ཡ། ཉིན་ཧོང། ཡོའུ་ནན་ལྟ་བུ། དེང་རབས་ཀྱི་འགྲོ་སྟངས་ནི་རྒྱལ་ཁབ་ཀྱིས་དོ་དམ་དང་འབྲེལ་བ་གཏིང་ཟབ་ཡོད། སྲོལ་རྒྱུན་དུ་ས་ཞིང་བདག་འཛིན་བྱེད་ན་རྒྱུ་འབྱོར་བ་རང་སྒེར་དབང་བ་དང་དོན་མཚུངས་ཡིན། དེ་སྐབས་སུ་མི་རྣམས་ཀྱི་འབྱོར་ཕྱུག་མ་དངུལ་གྱིས་ཚད་འཇལ་རྒྱུ་ཡོད་པ་མ་རེད། ཚོང་ལས་ཀྱི་འགྲོ་འོངས་ནི་དངོས་བོས་དངོས་བོ་བརྗེ་བ་གཅིག་པུ་ལས་འབྱོར་ཕྱུག་གི་བོངས་ཚད་ད་དུང་ཇེ་མང་སོང་མེད། ལས་ཀ་བཙལ་དགོས་ན་ཞིང་ལས་དང་འབྲོག་ལས་རྒྱ་ཆེན་པོ་ཡོད་པ་རེད། མ་ཟད། བོད་ཡུལ་དུ་ཞིང་ལས་དང་འབྲོག་ལས་གཉེར་མི་དགོས་པའི་ན་གཞོན་མི་ཉུང་བ་ཞིག་དགོན་པོའི་འཚོ་བ་རོལ་བ་དང་ཅི་ཡང་ལས་རྒྱུ་མེད་པར་འཁྱམས་འཁྱམས་སུ་མི་འགྲོ། སྤྱི་ཚོགས་ཀྱི་དོ་དམ་ངོས་ནས་བརྗོད་ན་མི་གྲངས་འདིས་སྤྱི་ཡོངས་ལ་བདེ་བཇགས་བསྐྲུན་པ་རེད། བཙུན་པའི་ལུགས་སྲོལ་བརྒྱུད་ལས་བོད་ཀྱི་མི་འབོར་ཇེ་མང་དུ་འགྲོ་བར་འགག་འགོག་བྱས་ཡོད་ཟེར་བའི་ལྟ་ཚུལ་འདི་ལ་ད་དུང་བརྟག་དཔྱད་མཛད་དགོས (གྲངས་ཀའི་བདེན་དཔང་མི་སྲིད)
  དངོས་རྫས་བརྗེ་རེས་བྱེད་པའི་སྐབས་སུ་རིན་ཐང་མཚོན་བྱེད་ནི་དངོས་རྫས་རང་ཡིན། རིན་ཐང་མཚོན་བྱེད་ཀྱི་སྒོར་མོ་ད་དུང་ཡུལ་གྲུ་འདི་ནས་ཡུལ་གྲུ་ཕ་གར་འགྲོ་ཐུབ་མེད། རིན་ཐང་མཚོན་བྱེད་ཀྱི་གསར་དངུལ་སངས་ལྕགས་དབང་བསྒྱུར་གྲལ་རིམ་པས་སྒེར་སྤྱོད་བྱེད་པ་དང་དམངས་ཚོགས་ཀྱི་ལག་ནས་སྟབས་བདེ་ངང་འཁོར་མི་ནུས། འབྱོར་ཕྱུག་བདེན་པ་ཚོས་མ་དངུལ་དེ་ཚོ་ཚོང་ལས་རྒྱ་སྐྱེད་དུ་མི་གཏོང་བར་རང་གི་འདོད་པ་སྐོང་བྱེད་ཀྱི་ཡོད་ཆས་ཉོ་རྒྱུ་དང་སྲིད་གཞུང་ངམ་དགོན་པར་གཏན་ཁེལ་གྱི་དཔྱ་ཁྲ་འབུལ་བ་མ་གཏོགས། སྒོར་མོས་སྒོར་མོ་བཙལ་བའི་དགོས་མཁོ་བྱུང་མེད། དངོས་བོ་བརྗེ་རེས་བྱེད་པའི་སྐབས་སུ་མི་དང་མིའི་བར་གྱི་འབྲེལ་བ་ནི་མིའི་མྱོང་ཚོར་གཙིགས་སུ་བཟུང་བ་ནི་སྲོལ་རྒྱུན་གྱི་ཁྱད་ཆོས་རེད། ཚོང་རའི་རྒྱ་ཆེ་ཆུང་དང་ཆེད་གཉེར་ཚོང་ལས་པ་མི་མཁོ་བའི་དུས་སྐབས་སུ་རིན་ཐང་མཚོན་བྱེད་ལགས་ཤོས་ནི་དངོས་རྫས་རང་རེད། དཔེར་ན་སྡེ་བ་གཅིག་གི་ནང་དུ་འཚོ་བ་རོལ་བའི་མི་གཉིས་ཀྱིས་སྒོར་མོའི་བརྟེན་ནས་དངོས་རྫས་བརྗེ་རེས་བྱེད་དགོས་དོན་མེད། ངེད་ཚང་གི་ཤ་ཁྱེར་ནས་ཁྱེད་ཚང་གི་མར་བརྗེས་ན་གོང་ཚད་ཀྱི་བཀག་འགོག་ཡོད་པ་མ་རེད། འོན་ཀྱང་ཤ་རྒྱ་མ་གང་དེ་མར་རྒྱ་མ་དུ་ཉོ་ཐུབ་མིན་ཚང་མས་འཚོ་བའི་ལག་ལེན་ལ་ལྟ་བ་རེད།
  བོད་ཁུལ་གྱི་ཞིང་ལས་དང་འབྲོག་ལས་བར་གྱི་བརྗེ་རེས་ནི་སྤྱིར་བཏང་ཕྱོགས་གཉིས་ཀའི་ཕན་ཚུན་བར་གྱི་དངོས་རྫས་ལ་ཆ་རྒྱུས་ཡོད་ཙ་སྒོར་མོར་བརྟེན་ནས་བྱུང་དགོས་དོན་མེད། དངོས་རྫས་བརྗེ་རེས་བྱེད་པའི་གོ་རིམ་ཁྲོད་གཅིག་གིས་ཅིག་ཤོས་ལ་རྫུན་ལབ་རྒྱུ་དང་དངོས་བོ་རྫུན་མ་སྟེར་བའི་འཁོར་ཡུག་ཡོད་པ་མ་རེད། བརྗེ་རེས་ཉེན་ཁ་ནི་ཅི་ཡང་མེད་ཟེར་ན་ཆོག འོན་ཀྱང་སྒོར་མོ་བྱུང་བའི་རྒྱབ་ལྗོངས་ནི་མི་དང་མིའི་བར་གྱི་འབྲེལ་བ་མི་སྙོམས་པར་གྱུར་བ་དང་ཡིད་ཆེས་རིམ་བཞིན་ཉམས་པའི་སྐབས་སུ་སྒོར་མོས་ཚད་བཟུང་ན་སྟབས་བདེ་བ་ཡིན། འོ་ན་མི་དང་མིའི་བར་གྱི་འབྲེལ་བ་མི་སྙོམས་བྱུང་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། མི་དང་རང་བྱུང་བར་གྱི་ཁྱད་བག་ཇེ་གསལ་སོང་པའི་རྐྱེན་ཡིན། དང་ཐོག་ང་ཚོས་ཞིང་ལས་དང་ཕྱུགས་ལས་གསོ་སྐྱོང་བྱེད་པའི་སྐབས་སུ་རང་བྱུང་གིས་སྒྲིག་པའི་གོ་རིམ་ནི་ཁ་ཚ་དགོས་གཏུགས་ཡིན། ངས་ས་ཆ་གང་ནས་འབྲུ་རིགས་ཅི་འདེབས་ན་དགའ་བ་དང་ཡོང་འབབ་ཇི་ལྟར་ཡོང་མིན་ས་གཤིས་དང་གནམ་གཤིས་ཀྱིས་ཁ་ལོ་བསྒྱུར་བཞིན་ཡོད། ཐོན་སྐྱེད་འདི་ལས་མིའི་ངལ་བརྩོལ་ལ་འབྲེལ་བ་དམ་ཟབ་ཡོད་ཀྱང་མིའི་ངལ་བརྩོལ་ནི་རང་བྱུང་གི་ནུས་བའི་ཆ་གཅིག་ཡིན། མིའི་ངལ་བརྩོལ་གྱིས་རང་བྱུང་གི་གོ་སྒྲིག་ལ་མཐུན་སྦྱོར་བྱེད་པ་མང་བ་ལས་རང་བྱུང་དང་མིའི་བར་གྱི་འབྲེལ་བ་གཏན་ནས་མགོ་རྟིང་སློག་པ་ཞིག་བཟོས་མེད། དེ་ནི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་རྫས་འགྱུར་ཚོད་ལྟ་རིམ་བཞིན་སྤེལ་བ་ལས་མི་དང་རང་བྱུང་བར་གྱི་འབྲེལ་བ་གསར་བ་བཙུགས་པའི་དགེ་མཚན་དུ་མཐོང་ངོ། རྫས་འགྱུར་གྱི་འབྱུང་རྐྱེན་ཡང་མིའི་རིགས་ཀྱིས་(ཆོས་ལུགས་)འཚེ་མེད་སྨན་རྫས་སྡེབ་སྦྱོར་བྱེད་པའི་གོ་རིམ་ཁྲོད་རིམ་བཞིན་རྒྱུས་ལོན་བྱས་པའི་རིག་པ་ཞིག་རེད།
  རང་སོར་གནས་པའི་བོད་ཀྱི་ཐོན་སྐྱེད་རྣམ་པ་ནི་རང་བྱུང་དང་མཐུན་སྦྱོར་བྱས་པའི་འབྲས་བུ་ཞིག་སྟེ། མིའི་ཐོན་སྐྱེད་ཀྱི་འཇོན་ཐང་ཡང་རང་བྱུང་གི་ཚད་གཞིར་བལྟས་ནས་གོ་སྒྲིག་བྱས་པ་ཡིན། སྤྱི་ཚོགས་ཀྱི་སྒྲིག་རིམ་ནི་ཁྱིམ་ཚང་དང་ཚོ་བ། སྡེ་བ་སོགས་ཀྱི་ཕུང་བོ་ལས་ཡལ་ག་རྒྱས་བ་དང་། ལར་སྤྱི་ཚོགས་ཀྱི་སྤྱི་ཡོངས་པའི་དོ་དམ་སྲོལ་རྒྱུན་འདི་དག་གིས་འགན་འཁུར་ཞིང་འཕེལ་རྒྱས་གཏོང་བ་རེད། དེ་སྐབས་སུ་གཅིག་གྱུར་གྱི་རྒྱལ་ཁབ་ལྟ་བུའམ་སྟོབས་འབྱོར་གཞི་གཅིག་ཏུ་སྦྲུལ་བའི་རྣམ་པ་ད་དུང་བྱུང་བའི་རྒྱུ་རྐྱེན་གྲུབ་མི་འདུག ད་ལྟའི་བོད་ཀྱི་དཔལ་འབྱོར་གནས་སྟངས་ནི་ལོ་རྒྱུས་དང་། དེ་མིན་སྲོལ་རྒྱུན་དང་འབྲེལ་བ་ཆེན་པོ་མེད། ང་ཚོས་དེང་རབས་ཀྱི་རྣམ་པར་བརྟག་དཔྱད་མཛད་དགོས་ན་འཛམ་གླིང་གཅིག་གྱུར་དང་དེང་རབས་ཀྱི་དཔལ་འབྱོར་ལམ་ལུགས་ལ་ལྟ་དགོས།
  ༣ འཛམ་གླིང་གཅིག་གྱུར་དང་དེང་རབས་ཀྱི་དཔལ་འབྱོར་ལམ་ལུགས།
 དེང་རབས་ཀྱི་རྣམ་པ་ནི་རྒྱལ་ཁབ་ཀྱི་ཕུང་བོ་གསར་བསྐྲུན་དང་ཕུང་བོ་འདིས་སྲོལ་རྒྱུན་གྱི་དོ་དམ་རིམ་བཞིན་རང་སྒེར་བཟུང་བ། ཆབ་སྲིད་དང་དཔལ་འབྱོར་གཉེར་བའི་ཆེད་ལས་མི་སྣའམ་ལས་ཁུངས་བཙུགས་པ་ནས་བཟུང་སྤྱི་ཚོགས་དོ་དམ་རྒྱལ་ཁབ་ལྟ་བུ་མི་བཟོས་ཚོགས་པས་གཅིག་གྱུར་གོ་སྡོམ་བྱས་པའི་མོད་ལ། མི་དང་སྤྱི་ཚོགས་ཀྱི་འབྲེལ་བ་ནི་སྔ་མོའི་ཚོ་བ་དང་མི་བུ་སྒེར་གྱི་འབྲེལ་བ་ལས་བརྒལ་ནས་ད་ལྟའི་རྒྱལ་ཁབ་དང་ཚོང་ར། དམངས་ཚོགས་བཅས་ཀ་བ་འདིའི་གསུམ་སྟེང་ནས་འཁོར་སྐྱོར་བྱས་པ་ཡིན།
  སྤྱི་ཚོགས་ནི་རྩེད་མོ་རྩེ་བའི་སྡིངས་ཀ་ཞིག་དང་གཉིས་སུ་མ་མཆིས། འཁོར་ཡུག་འདིའི་ནང་རྒྱལ་ཁབ་དང་ཚོང་ར། དམངས་ཚོགས་བཅས་ཁོང་གསུམ་པོས་སོ་སོ་ནུས་བ་འདོན་པ་དང་ལས་འགན་བསྒྲུབ་བཞིན་ཡོད། རྒྱལ་ཁབ་ཀྱི་ལས་འགན་གཙོ་བོ་ནི་རྩེད་རར་མཁོ་བའི་སྒྲིག་ཁྲིམས་གསལ་བོ་བཅའ་བ་དང་ཆབས་ཅིག་ལྟ་རྟོགས་ཀྱི་ལས་འགན་བསྒྲུབ་དགོས། ཨ་དམ་སི་མེ་སིད (Adam Smith) ཡིས་ཚོང་ར་ནི་རྒྱལ་ཁབ་ཀྱི་བཀབ་མེད་པའི་དཔལ་འབྱོར་དར་སྤེལ་འགྲོ་བའི་འགུལ་ཤུགས་གཙོ་བོ་ཡིན་ཟེར། ཁོང་གིས་ཚོང་ར་དེ་”གཟུགས་མེད་ལག་ཟུང་”ཞེས་བཏགས་ཡོད། དོན་ངོ་མར་ཚོང་ར་མཐོང་རྒྱུ་ཡོད་པ་ཞིག་དང་དེའི་ཁྱད་ཆོས་ནི་ཚོང་རྫས་བརྗེ་རེས་འཁོར་ཡུག་ནི་མིས་བསམ་གཟས་ནས་བཀག་འགོག་བྱེད་ཐུབ་རྒྱུ་མ་རེད། ངས་ཚོང་རྫས་ཤིག་བསྐྲུན་པ་དང་མི་ཅིག་ཤོས་ཀྱི་འདི་ཉོ་མིན་སྐབས་དེ་གོང་ཚད་དང་སྤུས་ཀ། མིའི་འདོད་པ་སོགས་ཀྱིས་འཁྱེར་འགྲོ་བ་རེད ། མི་ནི་རང་སྒེར་གྱི་བློ་གྲོས་མངའ་བའི་སྟབས་ཀྱིས་ཚོང་རྫས་ཅི་མཁོ་བ་དང་ཇི་འདྲ་མཁོ་བ་སོགས་ཀྱི་ཆ་འཕྲིན་ཏན་ཏན་བརྗེ་རེས་འཁོར་ཡུག་གི་ནང་དུ་གསལ་ལེར་བསྟན་ཡོད། གལ་སྲིད་རྒྱལ་ཁབ་ཀྱིས་ཕྱོགས་ཡོངས་ནས་ཚོང་རར་ཐེ་གཏོགས་བྱེད་ན་མཇུག་འབྲས་ནི་ཚོང་བ་དང་ཉོ་མཁན། བརྗེ་རེས་ཀྱི་གོ་རིམ་སོགས་ཕན་ཚུན་བར་བརྡ་འཕྲིན་ལེགས་པོ་བསྐྱལ་མི་བཏུབ་མ་ཟད། གོང་ཚད་ཀྱིས་དོ་སྙོམས་བྱེད་པའི་ནུས་བ་ཡང་ཤོར་འགྲོ་བ་རེད། དམངས་ཚོགས་ཀྱི་ཀ་བ་ནི་སྲོལ་རྒྱུན་ལྟར་སྤྱི་ཚོགས་དོ་དམ་དེ་གཞི་རིམ་ཚོགས་པ་དང་སྡེ་བ། ལུང་བ་རེ་རེའི་དོ་དམ་ཚན་ཆུང་འདི་དག་གིས་བསྒྲུབ་པ་དང་། རང་སྐྱོང་གིས་ནུས་བ་ཇེ་མཐོར་བཏང་བ་ལས་རྒྱལ་ཁབ་ཀྱི་ཤན་ཤུགས་མང་དྲག་ན་སྤྱི་ཚོགས་ཀྱི་རང་སྒེར་སྐྱོང་བའི་བྱེད་ལས་ཉམས་འགྲོ་གིན་ཡིན།
  བོད་ཀྱི་དཔལ་འབྱོར་ནི་འཛམ་གླིང་གཅིག་གྱུར་གྱིས་ཁ་ལོ་བསྒྱུར་བཞིན་པ་ནི་དཔེར་ན། བོད་ནས་ཐོན་པའི་བལ་དང་འབྲི་རིགས་ཀྱི་གོང་ཚད་ལོ་དུ་མར་མཐོ་རུ་འགྲོ་མི་བཏུབ་པ་ང་ཚོའི་ཐོན་རྫས་རྒྱུ་སྤུས་མི་ལེགས་པའི་རྒྱུ་མཚན་མ་རེད། ཀྲུང་གོ་WTO་ནང་ཞུགས་ཚར་བའི་ཉིན་དེ་ནས་བཟུང་། ཨ་རེ་དང་ཨོ་སུ་ཁྲོ་ལུ་ཡ་སོགས་ནས་ཐོན་པའི་བལ་དང་འབྲི་རིགས་ཀྱི་ཀྲུང་གོའི་ཚོང་ར་གཅིག་གྱུར་གྱི་ངང་ཁ་ལོ་བསྒྱུར་བཞིན་ཡོད། ཁོང་ཚོས་ཚོང་རྫས་ཀྱི་ཁྱད་ཆོས་ནི་རྒྱུ་སྤུས་ཡག་པ་དང་གོང་ཚད་དམའ་བ། དེ་མིན་བོངས་ཚད་ཆེ་བ། བོད་ཀྱི་ཁྱིམ་ཚོང་གི་ཐོན་སྐྱེད་ནི་རྒྱ་ཆུང་བ་དང་སྤུས་ཀ་ཇེ་ལགས་བཏང་བ་སོགས་ཀྱི་གོ་སྐབས་མེད། རྒྱལ་ཁབ་ཀྱིས་མ་དངུལ་གཏོང་ནས་སོ་སོའི་ས་ཁུལ་གྱི་ཐོན་སྐྱེད་ཇེ་ལགས་བཏང་བ་ག་ལ་སྲིད། མ་དངུལ་གྱི་རྒྱབ་སྐྱོར་ཡང་ཧ་ཅང་ཉུང་བ་ཡིན། གཤོག་ཟུང་ལེགས་པོ་རྒྱས་མེད་པའི་བོད་ཀྱི་ཐོད་སྐྱེད་ནི་ད་ནས་བཟུང་འཛམ་གླིང་གཅིག་གྱུར་གྱི་ཕན་ཁ་མྱོང་དགོས་པ་རེད།
  རྒྱལ་ཁབ་ཀྱི་མ་དངུལ་(དམངས་ཚོགས་ནས་བསྡུ་བའི་དཔྱ་ཁྲ་)མང་པོ་འཛུགས་བསྐྲུན་ཐོག་གཏོང་གིན་ཡོད་པ་དང་ནང་གི་ཐོན་སྐྱེད་ལ་འཕེལ་རྒྱས་འགྲོ་དགོས་ཀྱང་མ་རྩའི་རྒྱབ་སྐྱོར་དང་ཁེ་དབང་སྲུང་སྐྱོབ་སོགས་ཀྱི་ཁྲིམས་ལུགས་ཁ་གསལ་ཞིག་ད་ལྟ་བར་དུ་བཅོས་ཡོད་པ་མ་རེད། བཅོས་པའི་དབང་དུ་བཏང་ཡང་ཁྲིམས་ཀྱི་ནུས་བ་སྲོག་རྩར་ཁས་ཀྱིན་མི་འདུག ན་ཚ་ཆེན་པོ་ཡོད་ན་དམངས་ཚོགས་ཀྱིས་མ་དངུལ་བཏང་དགོས་པ་དང། སློབ་གྲྭ་བ་གསོ་སྐྱོང་བྱེད་ན་ཕ་མས་མ་དངུལ་མང་པོ་བཏང་དགོས། ད་དུང་དམགས་ཚོགས་ཀྱི་མ་དངུལ་མང་པོ་གཏོང་ནས་ཁང་པ་ཉོ་དགོས་རྒྱུ་རེད། ནང་ཁུལ་གྱི་ལོངས་སྤྱོད་ནུས་གཏན་པོ་མེད་ཙ་སྒོར་མོ་མངའ་མཁན་ཚོས་ཁང་བ་དང་ཉིན་རེའི་འཚོ་བར་མཁོ་བའི་ཟ་ཡ་དང་བཏུང་ཡ་སོགས་ཀྱི་ཚོང་རྫས་རང་འདོད་ཀྱིས་ཉོ་བའམ་གསོག་འཇོག་བྱེད། དེ་ནས་ཁང་བ་དང་ཟ་ཡ་བཏུང་ཡ་སོགས་ཀྱི་གོང་ཚད་ལྡབ་དུ་མའི་འཕུར་གྱིན་ཡོད་པ་རེད། རྒྱལ་ཁབ་ནི་ལོ་ཁ་ཤས་དཔལ་འབྱོར་དར་སྤེལ་བརྟེན་ནས་སྟོབས་འབྱོར་ཅན་དུ་གྱུར་ཡོད། འོན་ཀྱང་དམངས་ཚོགས་ཀྱི་དཔལ་འབྱོར་ནུས་བ་ནི་སྔར་བཞིན་ཉམས་ཆུང་ཡིན། མི་མང་པོ་ཞིག་འབུ་ཚོང་(དབྱར་རྩ་དགུན་འབུ་རྐོ་བཞག་བྱེད་པའི་ལས་འགུལ་ལས་ང་ཚོའི་འཁོར་ཡུག་ལ་གནོད་འཚེ་ཇི་འདྲ་གཏོང་གིན་ཡོད་པ་ཚང་མས་ངེས་རྒྱུ་རེད།)དང་ཁྱི་ཚོང་སོགས་ལ་རྒྱུགས་པའི་གནད་དོན་ཡང་ནང་ཁུལ་གྱི་དཔལ་འབྱོར་(ལོངས་སྤྱོད་ཀྱི་ནུས་བ་དང་གསར་གཏོད་ཀྱི་འཁོར་ཡུག)ཉམས་རྒུད་དུ་སོང་བའི་རྟགས་ཡིན།
   མཇུག་བསྡུ།
 བོད་ཀྱི་ཤེས་ཡོན་པ་མང་པོ་ཞིག་གིས་བོད་འདི་དེང་རབས་ཅན་དུ་བསྒྱུར་མ་ཐུབ་པ་གླེན་རྟགས་ཁོ་ནར་འཁུམས་ནས་ག་ས་གང་དུ་སྐྱོན་བརྗོད་བྱེད་ཀྱིན་ཡོད། ཁོང་ཚོའི་ལྟ་བ་དེ་རྒྱལ་ནང་གི་མི་གང་མང་ཞིག་གི་ལྟ་བ་དང་གཉིས་སུ་མ་མཆིས། ངས་གནས་ཚུལ་འདི་གླེང་དགོས་པའི་རྒྱུ་མཚན་ནི་ང་རང་ནི་ལྟ་བ་དེ་འདྲིའི་འོག་འཚར་ལོངས་བྱུང་བ་ཞིག་ཡིན། ངའི་སེམས་པ་དཀྲིག་དཀྲིག་བྱེད་པ་ནི་མི་འདི་འདྲའི་ཟེར་སྟངས་ཡང་ཡང་གོ་བྱུང་བ་དང་རྣར་གཟེར་བའི་ཚིག་ནི་ཉིན་རེའི་འཚོ་བའི་བྲོ་བ་ལྟར་གྱུར་ཡོད། ཉིན་དུ་མའི་སྔུན་ལ་ང་རང་གནམ་གྲུ་ས་ཚིགས་ནས་གྲོང་ཁྱེར་ནང་དུ་བཞུར་བའི་སྐབས་སུ་ཁོ་པ་ཚོས་འདི་ལྟར་ཟེར་བ་ཞིག་གོ་སོང་། “བོད་པ་ཀླ་ཀློ་དེ་ཚོས་ཅི་རྟོགས། ང་ཚོས་གཏར་འདོན་པ་ནི་དཔལ་འབྱོར་གྱི་ཆེད་དུ་རེད།” ནམ་རྒྱུན་ཚིག་འདི་འདྲ་བཤད་པ་ནི་བོད་ཀྱི་ཤེས་ཡོན་པ་ཡིན་རྒྱུ་ལས་རྒྱལ་ནང་གི་སྤྱིར་བཏང་མི་སེར་ཞིག་གིས་བོད་ལ་སྣང་བ་འདི་འདྲ་བཅངས་ཡོད་ན་དེའི་ཤུགས་རྐྱེན་ནི་ཅི་འདྲ་ཞིག་ཡིན་ངེས།
   ལྟོས་ཚོད་ཀྱིས་འཛམ་གླིང་གཅིག་གྱུར་ནི་བོད་འདི་དང་རྒྱང་ཐག་ཧ་ཅང་རིང་བར་བསམ། གང་ཡིན་ཟེར་ན། ཚང་མའི་བོད་ལ་བསྟོད་པ་བྱེད་ས་དང་དགག་པ་བྱེད་ས་གང་ཡིན་བོད་ཀྱི་རིག་གནས་རེད། ལྷག་དོན་བོད་ཀྱི་ཆོས་ལུགས་རིག་གནས་གཅིག་པུ་རེད། བོད་ལ་བཞག་པའི་ངེས་ཤེས་ཡང་ལྟ་སྟངས་དེ་འདྲའི་སྟེང་ནས་བྱུང་བ་ཡིན། འགྲོ་གླེང་འདི་ལས་ལྟ་བ་གཉིས་ནི་དམིགས་བསལ་མངོན་ཡོད། ཕྱོགས་གཅིག་ནས་ཚང་མའི་བོད་ཀྱི་རིག་གནས་ལ་བསྟོད་བསྔགས་བླ་མེད་མཛད་ཀྱིན་ཡོད་པ་དང་ཕྱོགས་གཅིག་ནས་བོད་དུ་ཆོས་ལ་རྨོངས་ནས་གླེན་རྟགས་སུ་གནས་ཡོད་ཞེས་བའི་འཕྱ་སྨོད་དམ་དགག་སྒྲུབ་བྱེད་བཞིན་ཡོད། འོན་ཀྱང་ང་ཚོའི་ཚང་མས་བཤད་འདོད་མེད་པ་ནི་སྤྱིར་བཏང་གི་མི་ཡིས་བརྩོན་ལེན་བྱེད་པ་དེ་དག་རེད། ང་ཚོའི་ཕ་མ་གང་མང་མང་ཞིག་གིས་སློབ་གྲྭ་ཆེ་མོ་བ་ཞིག་གསོ་སྐྱོང་བྱེད་ཆེད་ཁྱིམ་ཚང་གི་རྒྱུ་ཡོད་ཚད་དངུལ་ལ་བསྒྱུར་དགོས། ད་དུང་ང་ཚོའི་སློབ་གྲྭ་ཆེ་མོ་བ་རྣམས་སློབ་གྲྭ་ནས་ཐོན་མ་ཐག་ལས་ཀ་ཤོར་འགྲོ་གིན་ཡོད། ཁྱིམ་མི་ཞིག་ནད་ཀྱིས་རྡུང་ན་དེ་ཚང་གི་ཡོང་འབབ་ཇི་ཡོད་སྨན་རིན་ལ་སྟེར་དགོས། འོན་ཀྱང་ང་ཚོའི་ཤེས་ཡོན་པ་དག་གིས་ད་དུང་བོད་འདི་དེང་རབས་ཅན་དུ་གྱུར་མི་འདུག་ཅེས་དཔྱོད་ཤེས་རྒྱང་འབོད་བྱེད་ཀྱིན་ཡོད། ང་ཚོའི་ན་གཞོན་ཕ་མ་ཚོས་གྲོང་ཁྱེར་ནས་ཞོར་ལས་གཉེར་དགོས་པའི་ཚེ་སོ་སོའི་བུ་དང་བུ་མོ་བྱིས་སྐྱོང་ཁང་དུ་མི་བསྐྱལ་ཐབས་མེད་ཡིན། ང་ཚོའི་ཕ་མ་ཚོས་སློབ་ཆུང་གི་སློབ་ཡོན་སྟེར་མི་དགོས་མོད་རང་གི་བྱིས་པའི་སློབ་རིན་ནི་ངེས་པར་དུ་སྟེར་དགོས།
   ང་ཚོའི་ཤེས་ཡོན་པ་མང་པོས་བོད་ཀྱི་ཕ་མ་ནི་སྲོལ་རྒྱུན་གྱི་རྒྱུད་པ་འཇུར་ནས་གཏོང་དགོས་མི་འདུག་ཟེར། ཁོང་ཚོས་མ་ཤེས་པ་ནི་ཕ་མ་དེ་དག་གིས་ང་ཚོའི་མི་རིགས་ཀྱི་མ་འོངས་པའི་ཆེད་དུ་སྡུག་རེས་བྱེད་པའི་སྒང་ཡིན། ང་ཚོས་སྲོལ་རྒྱུན་ལ་དགག་པ་བྱེད་པའི་དུས་སུ་འཛམ་གླིང་གཅིག་གྱུར་ནི་ཁ་ཁུ་སིམ་པའི་ངང་ང་ཚོའི་འཚོ་བའི་ནང་ལ་འཐུམས་ཡོད་པ་མ་ཟད། ང་ཚོའི་འཚོ་བར་ཤན་ཤུགས་ཆེན་པོ་ཐེབས་ཀྱིན་ཡོད། འོན་ཀྱང་བོད་ཀྱི་བདེ་སྡུག་གླེང་བའི་སྐབས་སུ་ཚང་མའི་རྐྱེན་འཇོག་ས་ནི་བོད་ཀྱི་སྲོལ་རྒྱུན་རེད། འདི་ནས་ངའི་གྲོགས་པོ་ཞིག་གིས་བཤད་པའི་སྐད་ཆ་དེ་དྲན་བྱུང་། ཁོས་”བོད་ཀྱི་ལས་གཞི་མི་སྣ་གསོ་སྐྱོང་བྱེད་པ་འདི་ལྟར་རྗེས་ལུས་ཡིན་པ་ནི་བོད་ཀྱི་སྤྱི་ཚོགས་རྙིང་པར་ལན་”ཟེར། ངའི་བསམ་པར་བཅིངས་འགྲོལ་བྱས་ནས་ལོ་ངོ་ལྔ་བཅུ་ལྷག་ཕྱིན་སོང་མོད། ང་ཚོས་ད་དུང་སྐྱོན་ཚང་མ་བོད་ཀྱི་སྤྱི་ཚོགས་རྙིང་པར་དེད་ན་ཕན་ཇི་ཐོག་ཅེས་དྲི་བ་འདོན་གིན་ཡོད།
 
རྩོམ་ཁུངས། རང་གྲོལ་སྨྱུག་གསར་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཚོའི་དཔལ་འབྱོར་ཅིའི་ཕྱིར་རྗེས་སུ་ལུས།

2011-06-01 པད་མ་རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།