དོ་ནུབ་ཀྱི་ལྷད་མེད་པའི་སྤྲོ་སྣང་།

  ད་ལོའི་སློབ་སྐབས་སུ་ང་སློབ་གྲྭར་སོང་ནས་ཟླ་ངོ་གཅིག་ལྷག་ལ་བསྡད་རྗེས་བྱ་བ་ཞིག་གི་ཆེད་དུ་ཕྱི་སློབ་འགྲོ་ལུགས་བསྒྲུབས་ནས་སློབ་གྲྭ་དང་ཁ་བྲལ་ནས་ཁྲི་ཀར་ཐོན་པ་ཡིན།ཁྲི་ཀ་ནས་ལེ་བར་ཉི་ཤུ་ཙམ་གྱི་ཚད་དུ་ལ་ཟེ་བ་གྲོང་བརྡལ་ཞེས་བརྗོད་པའི་ས་ན་ཁང་བརྩེགས་གཉིས་ཅན་གྱི་དྭ་ཕྲུག་སློབ་གྲྭ་ཞིག་ཡོད་ཅིང་གནས་དེ་ནས་ངས་ལོ་དེབ་ཞིག་གི་སྟེང་དུ་ཡིག་བསྒྱུར་འགའ་བྱས་ནས་བསྡད་པ་ཡིན།དྭ་ཕྲུག་སློབ་གྲྭ་འདིའི་སློབ་མ་ནི་རང་ས་ཁུལ་སོ་སོའི་བདེན་དཔང་ཡི་གེ་ལ་ཐམ་ཀ་བརྒྱབ་ཡོད་པའི་དངོས་གནས་ཀྱི་དྭ་ཕྲུག་རྐྱང་རྐྱང་ཡིན་ཞིང་སློབ་གྲྭའི་ཁ་གཏོད་ས་གཙོ་བོ་ནི་ལག་རྩལ་ཡིན་ཞིང་འཚོ་བའི་གྲོན་དངུལ་དང་སློབ་ཡོན་སོགས་གང་ཡང་མི་དགོས་པར་རང་མོས་ལྟར་ལག་རྩལ་གང་ཞིག་སྦྱངས་བསམ་ན་སློབ་གྲྭས་མཐུན་རྐྱེན་སྦྱར་བཞིན་ཡོད་རྐྱེན་སློབ་ཚད་ཐུང་ཐུང་གི་ནང་དུ་སློབ་མཐར་ཕྱིན་ནས་སྤྱི་ཚོགས་སྟེང་དུ་རང་གིས་སྦྱངས་པའི་ལག་རྩལ་གྱིས་རང་ཁ་གསོ་ཐུབ་བཞིན་ཡོད་པས་དམིགས་ཡུལ་གྱི་ངོས་ནས་གླེང་ན་རླབས་ཆེན་དང་ངོ་བོའི་སྟེང་ན་རྣམ་པ་གསར་བའི་ཆ་ཡོད་པ་ཞིག་རེད།སྔོན་ཆད་ནས་དྭ་ཕྲུག་སློབ་གྲྭ་འདིའི་ཕྱོགས་ཀྱི་གནས་ཚུལ་ང་ལ་ཆ་རྒྱུས་མེད་རྐྱེན་དོ་ནུབ་དྭ་ཕྲུག་སློབ་གྲྭ་འདིའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཞིབ་ཚགས་ཤིག་ང་ལ་གླེང་རྒྱུ་མེད་ལ་ཡང་གཅིག་བཤད་ན་ངས་དམིགས་ཀྱིས་གླེང་འདོད་པ་ནི་དོ་ནུབ་ཀྱི་ལྷད་མེད་པའི་སྤྲོ་སྣང་དེ་ཡིན།
  ང་སློབ་གྲྭ་འདིར་ཐོན་པ་ནས་སློབ་མ་ཆུང་ཆུང་གཉིས་ཡོད་པ་དང་གཞན་སློབ་གཙོ་དང་བོད་ཡིག་དགེ་རྒན་ཞིག་དང་རྒྱ་ཡིན་པའི་རྒྱ་ཡིག་དགེ་རྒན་ཚོ་དང་ལྷན་དུ་བསྡད་པ་ཡིན།དུས་ཚོད་ཀྱི་ཆོས་ཉིད་དང་བསྟུན་ནས་ངས་སློབ་མ་དེ་གཉིས་ཀྱི་གཤིས་ཀ་དང་སེམས་ཁམས་ལ་རྒྱུན་ལོན་རག་ཙམ་ཐོབ་པ་དང་ལྷན་དུ་ང་ཁོ་གཉིས་ལ་བཤད་མི་ཤེས་པའི་འདང་བརྩེ་མག་མོག་ཅིག་ངང་གིས་ཆགས།ཁོ་གཉིས་ནི་ངས་སྔོན་ཆད་མཐོང་བའི་བྱིས་པ་རྣམས་དང་མི་འདྲ་བར་གཤིས་ཀ་ལྷོད་ཅིང་སྨྲ་བ་མེད་པ།དུས་རྒྱུན་ཁ་རོག་གེར་བོད་ཡིག་དང་རྒྱ་ཡིག་གི་སློབ་ཁྲིད་ལ་འགྲོ་བ་ལས་གཞན་མགོ་སྒུར་ནས་རང་གི་ལས་ཀ་དེ་ལས་ནས་འདུག་པས་ངས་སེམས་སྟེང་ནས་ཁོ་གཉིས་ཀྱི་འཛུམ་མདངས་ཤིག་དང་ཡང་ན་དགོད་སྒྲ་ཞིག་ཐོས་ན་འདོད་པའི་ཚོར་བ་དྲགས་ཏུ་སྐྱེས།ཁོ་གཉིས་ཀྱི་ལོ་ཚད་ནི་ལོ་བཅུ་བཞི་ལ་བུད་ཡོད་ན་ཡང་ཕྱི་གཟུགས་ཀྱི་རྣམ་པ་དང་གཤིས་ཀ་གང་གི་ཆ་ནས་ཀྱང་བྱིས་པ་ཁོ་ཐག་ཡིན་ལ་མི་འདྲ་བའི་ཁྱད་པར་གཙོ་བོ་ནི་ཁོ་གཉིས་ལ་བྱིས་དུས་ཀྱི་འཚོ་བ་ཞིག་ཡེ་ནས་མི་འདུག།བྱིས་དུས་ཀྱི་འཚོ་བ་་ཡིན་ན་དེ་ལ་ཁྱབ་མཐའ་ཡོད་པའི་གོ་དོན་ཞིག་མེད་ཀྱང་བྱིས་པའི་སྐབས་སུ་ཁོ་ལ་པྲ་ཆལ་གྱི་གཤིས་ཀ་ཞིག་དང་བསྟན་བཤིག་གི་ངར་ཤུགས་ཤིག་ཡོད་ཆོག་ཆོག་ཡིན་ལ་ཁོའི་པྲ་ཆལ་གྱི་གཤིས་ཀས་རང་ཉིད་ལ་དབང་བའི་དགའ་ཕྱོགས་ཤིག་སྟོབས་ཀྱིས་འཚོལ་བཞིན་ཡོད་ལ་ཁོའི་བསྟན་བཤིག་གི་ངར་ཤུགས་ཀྱིས་རང་ཉིད་ལ་དབང་བའི་བསམ་བློ་ཞིག་ལ་མི་མངོན་པའི་ཉམས་ཀྱིས་ས་བོན་གཏོར་བཞིན་ཡོད།དེ་བས་ཁམས་དང་མོས་པ་མི་འདྲ་བའི་རིགས་ཀྱི་ནང་ནས་ང་ནི་སློབ་གསོ་ཞི་དྲགས་གཉིས་ལས་ཞི་བའི་རིགས་ལ་དགའ་བའི་སྣོད་ལྡན་དེ་ཡིན་ལ་ངའི་བྱིས་དུས་ཀྱི་སྐབས་སུ་ཡང་ང་ནི་སེམས་ཀྱི་གཏིང་ནས་ཞི་བའི་ཁ་བརྡ་ལ་དགའ་མཁན་ཞིག་ཡིན།ངས་ཁོ་གཉིས་ལ་ལྷག་བསམ་རྣམ་དག་དང་འདྲ་མཉམ་གྱིས་ཁ་བརྡ་བྱས་པ་ཡིན་ལ་ངའི་རེ་བ་ནི་ཁོ་གཉིས་ཀྱི་སྤྲོ་སེམས་རྨང་ནས་བརྡོལ་ཏེ་དོན་བྱ་གང་ལའང་ཚུགས་ཐུབ་ཀྱིས་བསམ་བློ་བཏང་ནས་རང་གི་འཚོ་བ་ལ་ཡིད་ཆེས་དང་སྤྲོ་སེམས་ཀྱིས་ཁེངས་རྒྱུ་དེ་ཡིན།རྟག་ཏུ་ཁོ་གཉིས་མཐོང་སྐབས་ངའི་སྣང་བ་ལ་ཁོ་གཉིས་ཀྱི་འཚོ་བའི་རྣམ་འགྱུར་ནི་ཧ་ཅང་སེམས་ཆུང་ཞིག་དང་རང་གི་འགྲོ་འདུག་གི་སྤྱོད་པ་གཅུན་སྡོམ་མང་དྲགས་པས་འཚོ་བ་ཟེར་བ་ནི་ཁོ་གཉིས་ལ་མཚོན་ན་གཟབ་གཟབ་ནན་ནན་དང་གུས་གུས་བཀུར་བཀུར་ཞིག་ཡིན་པའི་འདུ་ཤེས་སྟེར།ང་ལ་མཚོན་ན་འཚོ་བ་ནི་ལྷོད་ཡངས་དང་རང་བྱུང་ལ་དགའ་བས་ཁོ་གཉིས་མཐོང་དུས་ང་ལ་བཤད་མི་ཤེས་པའི་ན་ཟུག་ཅིག་སྐྱེས་འོང་།ངེད་ཀྱི་སྲོལ་རྒྱུན་དགེ་སློབ་ཀྱི་འབྲེལ་བ་ནི་ཕན་ཚུན་ལ་རྒྱུས་ལོན་ཟབ་མོ་མི་བྱེད་པར་བར་ཐག་ངེས་ཅན་ཞིག་འཇོག་པར་གོམས་ཡོད་ཕྱིར་ཁོ་གཉིས་ཀྱི་དགེ་རྒན་ནི་དེ་ལྟ་བུ་ཡིན་ཡང་སྲིད།ལྷག་མ་གསལ་བཤད་དགོས་པ་ཞིག་ལ་རྒྱ་ཡིག་གི་དགེ་རྒན་དེ་ནི་ཕྱོགས་གང་ཐད་ནས་ཁོ་གཉིས་ལ་དོ་དམ་བྱས་པ་ཧ་ཅང་བཙན།
  ངས་ཁོ་གཉིས་ཀྱི་བྱིས་པའི་ངོས་ཐད་ཀྱི་པྲ་ཚགས་དང་ལྷད་མེད་པའི་གཤིས་ཀ་དེ་ལྷང་ལ་འབུད་པའི་ཕྱིར་དུ་རྟག་ཏུ་ཁོ་གཉིས་ལ་རང་གི་ན་ཟླ་ཞིག་དང་འདྲ་བར་ཁ་བརྡ་སྣ་ཚོགས་བྱས་པ་ཡིན་ལ་མང་ཆེ་ཤོས་ནི་དགོད་ཁ་བསླངས་པ་ཡིན།དུས་ཚོད་ཀྱི་རྒྱུན་དང་བསྟུན་ནས་ཁོ་གཉིས་ཀྱི་གཤིས་ཀ་དང་དགའ་ཕྱོགས་མེ་ལྕེ་བཞིན་དུ་དགུང་དུ་འབར་ཞིང་ངས་ད་བཟོད་ཁོ་གཉིས་ཀ་གསལ་བོར་མཐོང་བྱུང་།ཁོ་གཉིས་ནི་ཧ་ཅང་རིག་པ་རྒོད་པའི་བྱིས་པ་ཞིག་དང་རྒན་པ་ལ་བརྩི་འཇོག་དང་ཁ་ལེན་ཚིག་བརྩི་བྱེད་པའི་བྱིས་པ་ཡ་རབས་གཉིས་རེད།ང་ཚོ་སྐབས་དེར་ཕན་ཚུན་ལ་ལོབས་ཤིང་འདྲེས་ནས་ཁོ་གཉིས་ཀྱིས་ཀྱང་འཛེམ་དོགས་མེད་པར་སྐད་ཆ་བྱེད་ལ་ཁོ་གཉིས་ཀྱི་ལྷད་མེད་པའི་ཁ་བརྡའི་ནང་དོན་གྱིས་ངའི་སེམས་ཐོག་ལ་བགོས་པའི་ནག་ནོག་གི་དྲི་མ་མང་པོ་ཞིག་གཙང་མར་བཀྲུས་སོང་བའི་སྣང་བ་སྟེར།ཁོ་གཉིས་ནི་དྭ་ཕྲུག་ཡིན་པའི་དབུལ་ཕོང་གི་ཁྱིམ་ཚང་ཞིག་གི་ཡིན་པ་ནི་ངས་གསལ་བོར་ཤེས་ན་ཡང་དེ་ལས་ལྷག་པའི་གནས་ཚུལ་ཞིབ་ཚགས་ཤིག་ངས་འདྲི་བསམ་ཡང་མཐའ་མཇུག་འདྲ་མ་ཕོད།འདི་ནི་ཕལ་ཆེར་ངས་ཁོ་གཉིས་ཀྱི་ལ་རྒྱ་ལ་བརྩི་བཀུར་བྱས་པ་རེད་ལ་ཡང་ན་ཁོ་གཉིས་ཀྱི་སེམས་ཀྱི་སྡུག་བསྔལ་ལ་ཁབ་གཙགས་བྱས་ནས་ད་ལྟ་ཡོད་པའི་སྤྲོ་དགའ་ལ་བར་ཆད་བྱེད་མ་འདོད་པས་ཡིན།ལྷན་སྐྱེས་ཀྱི་ཤེས་རབ་དང་རིག་པ་རྒོད་ཀྱང་དཀའ་ཁག་གི་མདུན་ནས་རང་ལ་ཡོད་འོས་པའི་འཇོན་ནུས་མང་པོ་ཞིག་རྩ་མེད་དུ་འགྲོ་བའི་སྣང་ཚུལ་འདི་ནི་ངོ་མ་ཡིད་སྐྱོ་བ་ཞིག་རེད།
  ང་ཚོ་ནི་དེ་ལྟར་ཕན་ཚུན་ལ་ལོབས་པ་ནས་ངའི་སེམས་ཧ་ཅང་སྐྱིད་ལ་གནས་འདིའི་ཁོར་ཡུག་དང་འཚོ་བ་ལའང་འདྲེས་པར་གྱུར།ལྷག་ཏུ་དགའ་འོས་པ་ཞིག་ནི་དོ་ནུབ་ང་ཚོ་སུས་ཀྱང་སྔོན་ཆད་རོལ་མྱོང་མེད་པའི་ཡེ་ཤེས་སྐྱེས་སྐར་ལ་རོལ་ནས་དུས་ཚོད་མང་པོ་ཞིག་སྤྲོ་སེམས་ཀྱིས་ཕར་ལ་བསྐྱལ།སྤྱིར་ན་ཡེ་ཤེས་སྐྱེས་སྐར་ནི་ང་ཚོ་བོད་དུ་མི་རོལ་ན་ཡང་རྒྱ་ཡིག་དགེ་རྒན་གྱིས་གྲ་སྒྲིག་ཆ་ཚང་བྱས་ཟིན་པས་ངས་ངོས་ནས་དེ་ནི་སྤྲོ་སྟོན་ཞིག་ཏུ་བཟུང་ནས་ཞུགས་པ་ཡིན་ལ་དུས་སྟོན་འདི་རུ་ངས་བྱིས་པ་གཉིས་ཀྱི་འཛུམ་མདངས་དང་སྤྲོ་དགའ་དེ་སྔར་ལས་ཀྱང་གསལ་བར་མཐོང་ཞིང་ང་ཚོའི་སེམས་ཀྱི་བར་ཐག་ཡང་ཐག་ཉེ་ནས་མེད་པར་གྱུར་པ་འདི་ནི་དོ་ནུབ་ཀྱི་ཡེ་ཤེས་སྐྱེས་སྐར་རོལ་བའི་ཡོང་སྒོ་ཉག་གཅིག་ཏུ་གྱུར་པས་ངའི་སེམས་པ་ཧ་ཅང་སྐྱིད།ཁོ་གཉིས་ཀྱིས་གླུ་དབྱངས་བླངས་ཤིང་ངས་ཕྱིར་ལ་གནའ་གཏམ་དང་ཁེད་བཤད་ནས་དུས་ཚོད་མང་པོ་འགོར་ཞིང་དེའི་རིང་ལ་ཁོ་གཉིས་ཀྱི་དགོད་སྒྲ་དང་ང་ཚོའི་དགོད་སྒྲ་གཞི་གཅིག་ཏུ་འདྲེས།
                   
                            ཟིན་ཐོ་ལྟ་བུ་འདི་ནི་རང་ལ་ཕྱིར་དྲན་ཞིག་ཡོད་ཕྱིར་བྲིས་པ་ཡིན། ༢༠༡༡ ༡༢ ༢༥            

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དོ་ནུབ་ཀྱི་ལྷད་མེད་པའི་སྤྲོ་སྣང་།

2011-12-29 གདུ་བུ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།