ལམ་གྱི་ཉིན་ཐོ་སུམ་བརྒྱུས་མ།

          ལམ་དུ་ཆས་པ།
   ལམ་དུ་ཆས་པ་ནི་ཆེས་སྤྱིར་བཏང་གི་གོ་རིམ་ཞིག་ཡིན་ཀྱང་། མགོ་དཀར་རྒན་པོ་ཞིག་གིས་གནོང་འགྱོད་ཀྱི་ཕྱག་ཟུང་ཐོད་ལ་ལེན་བཞིན། ཀྱེ་མ་ཀྱི་ཧུད། ལམ་བར་ནས་ང་བདེན་སྟོབས་ཀྱི་སྙིང་ཁམས་ཆེན་པོས་འཆི་ན་འགྲིག་ཟེར།ད་ནི་མི་ཚེའི་གཏམ་རྒྱུད་ཀྱི་མཇུག་རྫོགས་ལ་བཞི་ཤད་ཀྱི་ལྡེ་མིག་ཁྱེར་ཏེ་སྒོ་མོ་གཞན་ཞིག་འབྱེད་དགོས་ཟེར། ལམ་
དུ་ངས་ཡང་ཡང་བསམ་གཞིགས་བཏང་བ་སྟེ། རྒན་པོ་དེས་འབྱེད་ངེས་པའི་སྒོ་མོའི་ནང་རོལ་གྱི་འཇིག་རྟེན་ནི་ཇི་འདྲ་ཞིག་ཡིན་ནམ། གོམ་སྟབས་ཀྱི་འདེགས་འཇོག་དང་བསམ་གཞིགས་ཀྱི་འཕུར་ལྡིང་ཀློང་ནས། ང་མཚམས་རེར་མདུན་དུ་བརྒྱུགས་ཤིང་སྐབས་རེར་རྗེས་སུ་བསྡད་ཀྱང་། སྔར་བཞིན་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ཁེགས། དོན་
དམ་དུ་ལམ་ནི་རྐང་འོག་ན་ཡོད་དམ་སྙིང་ཁོང་ན་ཡོད། ལམ་དུ་ཀུན་གྱི་སྔོན་ལ་བརྒྱུག་དགོས་སམ་རྗེས་སུ་ལུས་ཆོག་གམ།  ལམ་ནི་རིང་དགོས་སམ་ཡང་ན་ཐུང་བས་ཀྱང་ཆོག  ལམ་ནི་དྲང་བོ་ཡིན་ནམ་ཡང་ན་ཀྱག་ཀྱོག་ཡིན་ནམ། ལམ་ནི、、、....
         ལམ་གྱི་རྣམ་པ།
       ལམ་ནི་སུ་དང་གང་གིས་བཟོས་ཤིང་བཏོད་པ་མིན་པར། རང་སྲོག་ཤ་ཁྲག་གི་ཕུང་བོ་ཉིད་སྙིང་གི་འཕར་ལྡིང་ཁོ་ནས་མངོན་དུ་སྤྲོད་ཐུབ་པ་བཞིན།  རང་གི་གོམ་པའི་འདེགས་འཇོག་གི་སྟངས་སྟབས་རེ་རེས་ལམ་གྱི་རིགས་དང་རྣམ་པ་གང་ཅི་གསལ་ལེར་མངོན་ཐུབ་པའོ།། རང་ཉིད་ལ་མངའ་སྐྱུར་ཁ་གསུམ་གྱི་བྲོ་བ་དང་དགའ་སྐྱོ་ཆགས་སྡང་གི་སེམས་འགྱུ། ཚ་གྲང་རྩུབ་འཇམ་གྱི་ཚོར་བ་ཅི་རིགས་མཆིས་རྐྱེན། ལམ་ལ་ཡང་ལ་གྱེན་ཐུར་གཉིས་ཀ་དང་ལུང་ཆེ་ཆུང་སྣ་ཚོགས་ཅི་ཆ་རྒྱུས་མེད་དུ་འདུག རྒྱབ་ཏུ་བསྐྱུར་བའི་འདས་སོང་གི་བཤུལ་ལམ་ཡིན་ན་ཆོག  མདུན་དུ་ལྷག་པའི་སྨུག་སྤྲིན་གསེབ་ཀྱི་རྐང་ལམ་ཕྲ་མོ་ཡིན་ནའང་རུང་། གང་ལྟར། དེ་རིང་ངའི་རྐང་འོག་ན་མཆིས་པའི་ཚེར་ཤིང་གི་ལམ། མེ་ཏོག་གི་ལམ། བྲག་ཐེམ་གྱི་ལམ། བདེ་ཐང་གི་ལམ་སོགས་གང་ཞིག་ཡིན་ཀྱང་ཆོག་སྟེ། ཤར་ཕྱོགས་སྐྱ་རེངས་ཀྱི་ཡུལ་ཁམས་སུ་རང་ལུས་ཤ་ཁྲག་གི་ཕུང་བོ་འདི་ཉི་ཟེར་གྱི་རྡུལ་དུ་བརླགས་ཏེ་རང་དབང་གི་རྣམ་ཤེས་ཅི་དགར་རྒྱུ་སའི་ནམ་མཁའ་འཐོབ་པའི་སླད་དུ།  མི་ཚེའི་དོན་སྙིང་ངམ་དམིགས་འབེན་ཡོད་ཚད་ཀྱང་ལམ་གྱི་ཀྱག་ཀྱོག་ལ་བསྟིམས་ཏེ།  ང་འགྱེད་ཅིང་ལངས་པ་དང་འགྲེང་སྟེ་སྐྱོད་པ་མཐའ་དག་གི་བརྒྱུད་རིམ་ནི་ལམ་གྱི་ཀྱག་ཀྱོག་གི་དོན་སྙིང་རེད་ལ། དོན་སྙིང་དེ་ཡང་ལམ་ནི་ཀྱག་ཀྱོག་ཡིན་པ་ལས་བསླངས་ཤིང་ཀྱག་ཀྱོག་གི་གོ་རིམ་ཞིག་ལ་འཐིམ་ཚུལ་ཡང་ཡིན།
        ལམ་གྱི་འཚོལ་སྙེག
      མི་ལོ་ག་ཚོད་ཅིག་གི་སྔ་རོལ་དུ་མེས་པ་ཚོས་ལམ་ཞེས་པ་ངོས་འཛིན་ཇི་ལྟར་རྙེད་ཚུལ་ཡིག་ཚགས་སུ་མ་མཐོང་མོད།  འོན་ཀྱང་ལོ་ཚིགས་ཀྱི་བསྟར་ལ་རྒྱུས་པའི་སྔོན་མ་སྔོན་མ་དེ་ལ་མི་ཞེས་པའི་མཐོ་རིམ་སྲོག་ཆགས་འདིའི་མེས་པོ་ཞིག་ལམ་དུ་ཆས་པ་ནས།  མང་པོ་ཞིག་གསོན་ཅིང་འཆི་ལ།  འགྱེད་ཅིང་ལངས་བཞིན་ད་ལ་ཐུག་གི་བར་དུ་
སྔར་བཞིན་ལམ་དུ་གཅིག་མཚུངས་ཀྱིས།  བསྐྱར་བཟླས་ཀྱིས།  ཨུ་ཚུགས་ཀྱིས།  འདོད་རྔམ་གྱིས་གོམ་སྟབས་སྒྱུར་བཞིན་ནོ།། ལམ་དུ་སྐྱོད་བཞིན་པའི་མདུན་ཕྱོགས་ནི་མི་རྟག་འཆི་བའི་ཚེ་ཐག་གིས་འཇལ་ཏེ་བཤད་ན་གཅིག་ནི་སྐབས་གསུམ་ལྷ་ཡུལ་འགྲིམས་པའི་ཐེམ་སྐས་སམ་བདེ་མེད་དམྱལ་ཁམས་ལྷུང་སའི་གཡང་ས་ཡིན།  ཅིག་ཤོས་དེ་ནི་རང་ལུས་ཤ་ཁྲག་རུས་གསུམ་གྱི་ཕུང་བོ་འབྱུང་བཞིར་འཐིམས་སའམ་སྐྱེས་ཏེ་འཆི་ངེས་པའི་མཐར་ཐུག་གི་འབབ་སྟེགས་ཡིན།  དེ་བས་ན།  འཚོལ་སྙེག་ནི་བརྒལ་ངེས་པའི་ལམ་གྱི་ས་མཚམས་དེ་མིན་པར་ས་མཚམས་ལྟ་བུའི་འགག་སྒོའི་མཐར་ཐུག་ལ་བརྒལ་བའམ་མུ་མཐའི་བདེན་པའི་ལམ་གྱི་གསེར་མཁར་དགུ་ཐོག་ཏུ་བསླེབ་དོན་དུ།   ང་ཚོའི་འཚོལ་སྙེག་གི་སྙིང་བོ་དང་སྦྱོར་བ་ཐམས་ཅད་ལམ་དུ་བགྱི་དགོས་པ་རེད་ཨང་།   དེའང་ལམ་གྱི་ཀྱག་ཀྱོག་གི་གོ་རིམ་དུ་སྦྱོར་བས་བརྩམ་རྒྱུ་ནི་མཐར་ཐུག་གི་འཆི་བའམ།  རྣམ་ཤེས་གཞན་འཕོའམ།  རང་ལུས་རྡུལ་ཟད་སོགས་དམིགས་འབེན་མངོན་འགྱུར་གྱི་དོན་དུ་ཡིན་ཏོ།། མཐར་ཐུག་གི་རིན་ཐང་ངམ་དོན་སྙིང་ཡང་ལམ་དུ་བརྩམས་པའི་སྦྱོར་བ་རེ་རེའི་སྟེང་དུ་ཡོད་པར་ངེས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལམ་གྱི་ཉིན་ཐོ་སུམ་བརྒྱུས་མ།

2011-12-25 པད་མ་རྣམ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།