ཨ་ཅེ།

  མཛེས་སྡུག་གི་རྩྭ་ཐང་དྲན་ནམ།  ཆུང་དུས་ཀྱི་བྱམས་པ་དྲན་ནམ།  སྙིང་ཁོང་གི་དམ་ཚིག་དྲན་ནམ།  དོ་དགོང་ཡང་མཁའ་ཡི་ཟླ་འོད་སྔར་མོས་བཞིན་མི་ཡུལ་གྱི་གྲུ་ཟུར་གང་ལ་འཕྲོས་ཀྱང་།གྲོང་ཁྱེར་གྱི་གློག་སྒྲོན་ལ་ཆགས་ནས་ཡུན་རིང་ལུས་པའི་ཨ་ཅེ།  ཚེས་བཅོ་ལྔའི་མཚན་མོ་ནི་རེ་སྒུག་ལ་བཏབ་པའི་དུས་བཅད་དེ་མིན་ནམ།  ཆུང་དུས་ཀྱི་བྱམས་པ།  སྙིང་ཁོང་གི་དམ་ཚིག    སུ་ཞིག་གིས་ཁྱོད་ཀྱི་དྲན་པ་བསླངས་ཤིང་མིག་ཆུ་ཕྱུང་།    སུ་ཞིག་གིས་ཁྱོད་ཀྱི་བརྩེ་བ་བསླུས་ཤིང་རེ་སྒུག་གནང་།  སུ་ཞིག་གིས་ཁྱོད་ཀྱི་སང་ཉིན་བརླག་སྟེ་འདས་པར་སྤྲད།   ཨ་ཅེ།  ནར་སོན་གྱི་གོ་རིམ་ནི་བརྩེ་དུངས་ཀྱི་གོད་ཆག་ཅིག་ཡིན་ནམ།   མིན་ཏེ།   ཨ་ཅེ།  
  ང་ནི་སྔོན་སྨོན་གྱིས་མངགས་པའི་གནམ་རྒན་མའི་སྤྱན་ཟུང་ཡ་གཅིག་ཡིན།   སྟེས་དབང་མིན་པའི་ལས་སྐལ་འདིར་འཁྱིལ་ཏེ་ང་ཁྱོད་དང་ལམ་དུ་འཕྲད།   ལམ་འཕྲད་ནི་འུ་གཉིས་ཀྱི་ངོ་ཐུག་ལ་བསྐྲུན་པའི་གཙང་ངོགས་ཀྱི་ཟམ་ཆེན་དེ་ཡིན། གཙང་བའི་ཕ་རོལ་ཞིག་ན་གཡོལ་བཞིན་པའི་ལག་བརྡ་མཐོན་པོ་དང་གཙང་བའི་ཚུ་རོལ་ཞིག་་ན་ཡང་ཡང་ཕྱིར་ལ་འཁོར་བའི་མིག་ཟུང་གཉོམ་པོ་དེ་གཉིས།   འདི་ནི་འདུས་ཏེ་འབྲལ་བའི་རྣམཔ་ཞིག་ཡིན་ཤས་ཆེ་ཡང་།   འུ་གཉིས་ནི་བྲལ་ཏེ་འདུས་དགོས་པའི་ལྕགས་ཐག་གི་ཨ་ལོང་དེ་ཡིན།    ལས་དབང་གི་རི་ཆུ་ཁྲི་སྟོང་བརྒལ་ནས་ཕུགས་འདུན་གྱི་ནེམ་ཤའི་སྔོ་ལྗང་ཁྱེར་ཏེ་དཔྱིད་ཆར་བའི་ཤག་ཤག་འབབ་ཐེངས་ཤིག་ལ་འུ་གཉིས་འདི་ལྟར་འཕྲད།
   ངའི་ཚིག་གསུམ་བཤད་གྲོགས་ཀྱི་ཨ་ཅེ།  དྲན་གདུང་དང་ཞེན་ཆགས་ཁྱེར་བའི་ཨ་ཅེ། ལོ་ཟླ་ག་ཚོད་ཅིག་གི་ཀྱག་ཀྱོག་བརྒྱུད་དུས།  ཁྱོད་ཀྱི་རུམ་ཁོང་ནས་བརྩེ་བ་གྲངས་མེད་ཅིག་གི་མེ་སོན་སྒྲོན་ཏེ་རྒྱང་རིང་གི་ཉག་གར་འཕངས་མྱོང་ཨང་།དེ་རིང་ང་ནི་ཉག་ག་ནས་འོང་མཁན་གྱི་སྐྱ་མི་ཐོག་མ་དེའམ་ཡང་ན་ཆེས་མཐའ་མ་དེ་ཡིན།  ཁྱོད་ཀྱི་གསང་བའི་མདུད་རྒྱ་གྲོལ་ཆེད་དམ་ཁྱོད་ཀྱི་སྙིང་གི་ནོར་བུ་འཕྲོག་ཆེད་དུ་འོང་བ་ཡིན།   ཁྱོད་ཀྱི་རང་ལུས་དྲིན་ཆེན་གྱི་ཕ་མའི་གམ་དུ་ཡོད་ཀྱང་སེམས་ཀྱི་ཞགས་ཐག་གིས་རྒྱང་རིང་ལ་བང་གིས་རྒྱུགས་མཁན་གྱི་རྟ་ཕོ་དེ་འཛིན་འདོད་ཡོད་འདུག་ཨང་།  རྟ་གོམ་པ་ཅན་གྱི་སྒ་ཐོག་ནས་རོགས་ཤེས་རྒྱ་ཅན་ལ་འཇིག་རྟེན་སྣང་བའི་ལ་གཞས་ཤེད་ཀྱིས་ལེན་འདོད་འདུག་ཨང་།
  འཚོ་བའི་སྒྲོམ་གཞིར་བཅུག་པའི་ང་ཚོའི་བརྩེ་དུང་གི་འཆར་ཡན་མཐའ་དག  དེ་རིང་དངོས་ཡོད་ཀྱི་མདུན་ནས་ཤི་གསོན་གྱི་སོ་མཚམས་བརྒྱུད་དུ་བཅུག་ཀྱང་དྲན་ཤེས་ཀྱི་གསལ་པ་ནམ་ཡང་བག་ལ་མ་ཞ་བས།  འགྲན་རྩོད་ཀྱི་བང་བསྡུར་བའི་འཇིག་རྟེན་གྱི་ཕྲག་དོག་ལ་ཁྱོད་རང་མ་ཞུགས།  ཤོག་དངུལ་གྱི་གྲངས་རྩིས་པའི་འཇིག་རྟེན་གྱི་ཕྱི་གོས་ཁྱོད་ལ་མ་གཡོགས།ཁེ་ཕན་ཚད་ཤིང་བཅོལ་བའི་བརྩེ་དུང་གི་ཉོ་ཚོང་ཁྱོད་ཀྱིས་མ་བསྒྲུབས།  ཐ་ན་སྙན་པའི་སྙིང་གཏམ་འཁྲོལ་བ་དང་བཅོས་མིན་འཛུམ་མདངས་མངོན་པ་མཐའ་དག་ཀྱང་ཤ་རུས་ཁྲག་གསུམ་གྱི་བར་གསེང་ནས་ཚ་རླབས་ཀྱིས་འཕྱུར་བའི་ཚོར་བ་ཡང་མོ་ཞིག་གི་སྒུལ་ཤུགས་ཀྱིས་གནང་བ་རེད་ཨང་།  
  ང་ཁྱོད་དང་འཕྲད་པ་དང་འཕྲད་ནས་ཀྱང་ཅི་ཞིག་བརྐུ་བའམ་འཕྲོག་འདོད་པ་ད་ནི་གཞན་མ་ཡིན་པར།  ཟུར་དུ་བལྟས་ན་ལེབ་ཀྱིས་འཁྱམས་ཤིང་དྲང་བར་བལྟས་ན་མཐོངས་སུ་ཟུག་བཞིན་པའི་ཚོར་བ་འདི་མ་ཡིན་ནམ།   ང་རང་ཚོར་བ་འདིའི་ཀློང་དུ་དྲངས་ཏེ་སྐྱོ་ན་སྐྱོ་བའི་དོན་སྙིང་རྟོགས་ཤིང་དགའ་ན་དགའ་བའི་སེམས་ཁམས་ཤེས།   ཉི་འོད་འདི་ཅི་ཞིག་ལ་འདི་འདྲའི་དགའ་སྤྲོའི་གཟི་བྱིན་གྱི་ཟེགས་མ་འགྱེད་པར་བརྩོན་པ་དང་།  ཟླ་འོད་འདི་ཅི་ཞིག་ལ་འདི་འདྲའི་སྐྱོ་ཤས་ཀྱི་མག་མོག་གིས་ཁེར་ཧྲིང་དུ་སྡོད་པར་སུན་པ།   འདི་དག་གིས་ཀྱང་ནང་སེམས་ཀྱི་ཟབ་ས་ཞིག་ནས་ཆགས་སྡང་གི་ཁ་དོག་ཅིག་གི་འགྱུ་བ་ཉམས་སུ་སྤྲས་པའོ།།   
   ངས་མཐོང་བ་ནི་ཁྱོད་ཀྱི་ཕྱི་མཛེས་ཀྱི་ཡ་མེད་དེ་ཡིན་ཀྱང་ཚོར་ཟིན་པ་ནི་མཛེས་པའི་ནང་ཉིང་དེ་རེད་ཨང་།  མིག་ཟུང་ལྟ་བུའི་ཚོར་བ་འདི་ནི་ཏག་ཏག་གཟུགས་བརྙན་གྱི་ཡུལ་དུ་མེད་པའི་མཛེས་པའི་ཡང་སྙིང་དེ་མཐོང་བྱེད་དུ་གནང་བར་འདུགབརྗོད་དུ་ཁེགས་པའི་ཚོར་བ་འདིའི་རྨི་ཐག་ལ་འཇུས་ནས་ང་རང་སྟོང་བའི་དབྱིངས་ཀྱི་སྤྲིན་དཀར་གྱི་པང་དུ་ཉལ་ཞིང་།ཐོགས་རེག་བཀག་ཙམ་མེད་པའི་མི་ཚེའི་འཚོ་བའི་གཞིས་ཁྱིམ་ལ་བདེ་དྲོད་དང་མཁའ་དབུགས་སྣུམ་པོ་ཞིག་མི་ཡུལ་གྱི་འཇིག་རྟེན་འདི་དང་གོ་འབྱེད་དེ་བསྩལ།    ཨ་ཅེ།  འདི་ནི་ལྷ་ཐུགས་རྗེ་ཅན་གྱི་བྱིན་རླབས་མིན་པར་ཁྱོད་ཀྱི་གཞུང་རྒྱུད་ན་བག་ལ་ཉལ་བའི་ལྷད་མེད་གསེར་གྱི་རང་མདངས་དེ་མ་ཡིན་ནམ།   ཁྱོད་ཀྱིས་བསྩལ་བ་མ་ཡིན་ནམ།འདི་ན་ཁྱོད་ཀྱི་གམ་དུ་ལོག་བཞིན་པའི་མགྲོན་པོ་རྐང་ཐང་པ་དེ་ང་ཡིན།  དེ་ན་ཁྱོད་ཀྱི་མཚན་མོར་རྨི་ལམ་གྱི་དབུ་ཁྱུད་འབྲི་མཁན་དེའང་ང་ཡིན།    ངས་སྤྲིན་དཀར་གྱི་ཡང་སྟེང་ནས་མེ་ཏོག་གི་ཆབ་རྒྱུན་ཕབས་ཏེ་ཁྱོད་ཀྱི་གནས་ཡུལ་ལ་དཀར་དམར་གྱི་ཁྲ་ཚོམ་བཏབ།ངས་དྲི་བཞོན་གྱི་རླུང་བུ་མངགས་ཏེ་ཆབ་སྤོས་ཀྱི་དྲི་ཞིམ་ཡངས་པོ་ཁྱོད་ཀྱི་སྐུ་ལུས་ལ་བརྗེད་མེད་ཀྱི་དྲན་ཤིང་དུ་བཞག  ངའི་འཚོལ་སྙེག་གི་ལམ་བུར་བསླངས་པའི་ལམ་སྟོན་གྱི་རྡོ་རིང་ཆེན་མོ།   དེའི་ཐོག་ཏུ་བརྐོས་པ་ནི་གཞན་ཅི་ཡང་མ་ཡིན་ཏེ།   ཉིན་ཞག་ལས་ལ་བརྩོན་པའི་ཧྲག་བར་དུ་བརྩེ་དུང་གི་མངར་ཁ་མེད་ན་བརྩོན་པ་ལ་ཁྲག་རྒྱུན་མེད་པ་དང་མི་ཚེ་མཐར་ལ་བཀྲམས་པའི་ཤོག་སྟེང་དུ་བརྩེ་དུང་གི་གཏམ་རྒྱུད་མེད་ན་སྲོག་གི་གཞུང་ཤིང་མེད་པ།   རྒྱལ་ཕམ་སྲང་ལ་འཇལ་བའི་ཚད་ཤིང་དུ་བརྩེ་དུང་གི་དོན་སྙིང་མེད་ན་སྡུག་འབྲས་ཀྱི་ངལ་བ་ཐེངས་ཤིག   གསོན་པའི་སེམས་ཤུགས་དང་འཚོ་བའི་སྙིང་སྟོབས་གང་ལ་ཡང་བརྩེ་དུང་ནི་ཐོག་མའི་གཞི་འདིང་ས་དང་མཐའ་མའི་མཇུག་བསྡུ་སའམ། བར་གྱི་བསམ་གཞིགས་དང་སྙིང་པོ་དེ་རེད་ཨང་།ཨ་ཅེ།  མཛེས་སྡུག་གི་རྩྭ་ཐང་དྲན་ནམ།  ཆུང་དུས་ཀྱི་བྱམས་པ་དྲན་ནམ།  སྙིང་ཁོང་གི་དམ་ཚིག་དྲན་ནམ།   སྙིང་ཁོང་གི་དམ་ཚིག་དྲན་པས་ཆུང་དུས་ཀྱི་བྱམས་པ་དྲན་ནམ།  ཆུང་དུས་ཀྱི་བྱམས་པ་དྲན་པས་མཛེས་སྡུག་གི་རྩྭ་ཐང་དྲན་ནམ།ཡངས་པའི་རྩྭ་ཐང་དེ་སྔར་བཞིན་མཛེས་ཤིང་སྡུག་པ་ལ།  བྱམས་པའི་སྐུ་གཟུགས་དེ་སྔར་བཞིན་ཆུང་དུས་ཀྱི་རྣམ་པ་ལ།   འགྱུར་མེད་དམ་ཚིག་དེ་སྔར་བཞིན་སྙིང་དུ་འཐིམས་པ་ལ།
              ༢༠༡༡ལོའི་ཟླ༡༢པའི་ཚེས༡༧ཉིན་གྱི་དགོང་མོའི་དུས་ཚོད༠༠དང་སྐར༢༩སྟེང་མཇུག་རྫོགས་སོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་ཅེ།

2011-12-19 པད་མ་རྣམ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།