བགོད་རྟགས་འདི་བཀོལ་ན་ཆོག་གམ།

  དེང་སང་གི་སྤྱི་ཚོགས་ནང་དུ་བགོད་རྟགས་བཀོལ་བར་ཆེས་རྒྱུགས་བྲིན་པའི་དུས་རབས་ཤིག་ཡིན་པས།  ཆེ་བ་རྒྱལ་ཁབ་ནས་ཆུང་བ་སྡེ་བའི་བར་དུ་བགོད་རྟགས་བར་མེད་དུ་བཀོལ་ནས་གདའ་ཡོད།  བགོད་རྩིས་རྩིས་རྒྱག་གི་སྐལ་ལ་རིགས་གཉིས་ཡོད་དེ།  གཅིག་གི་སྐལ་ལ་ཆ་སྙོམས་གྲངས་ཐོབ་པ་དང་། གཅིག་གི་སྐལ་ལ་ལྷག་གྲངས་ཡོད་པར་ཐོབ་པ་རེད།  དེང་སང་སྐལ་ཐོབ་པར་རྒྱུགས་ཆེ་བ་ནི་རིགས་གཉིས་པ་དེ་ཡིན། རྒྱུ་མཚན་ནི་སྤྱི་ཚོགས་ཀྱི་འགྲོ་ལུགས་ལྟར། ངེས་པར་དུ་བགོ་བའི་སྐལ་ལ་ལྷག་གྲངས་ཐོབ་དགོས་པ་རེད།  མ་ཐོབ་ན་ཕ་རོལ་བོ་དེ་དག་གི་ཐུགས་འདུན་དང་མི་འཚམ་པ་དང་། ཕ་རོལ་བ་ཚང་མར་སྐལ་ལྷག་ལེན་པ་མེད་པར་གྱུར་ཏེ་སྐལ་ཆད་བྱུང་འགྲོ་ནི་རེད།  དེ་བས།  མཐོ་བ་རྒྱལ་ཁབ་ནས་དམའ་བ་ཞིང་སྡེ་བར་དུ་སྐལ་ལ་ལྷག་གྲངས་ཐོབ་པའི་རྩིས་རྒྱག་གི་སྲོལ་དར་ཡོད་པ་ལས།  ཆ་སྙོམས་གྲངས་ཀྱི་སྐལ་ཐོབ་པའི་རྩིས་རྒྱག་ཅིག་གཏན་ནས་མེད་པར་འགྱུར་བཞིན་འདུག
   དེ་ན་གྲངས་རིག་གི་རྩིས་རྒྱག་ལས་ཚུར་བུད་དེ་དོན་བྱ་ངོ་མའི་སྟེང་དུ་བབ་ནས་གསལ་བོར་བརྗོད་ན། དེང་སང་གི་སྤྱི་ཚོགས་ནང་དུ་མང་ལས་མང་ཐོབ་དང་། ཉུང་ལས་ཉུང་ཐོབ་ཀྱི་གོ་ས་ནོར་འཛོལ་བྱུང་ཡོད་པ་རེད།  དེང་སང་གི་སྤྱི་ཚོགས་ཁྲོད་དུ་མང་ལས་ཉུང་ཐོབ་དང་། ཉུང་ལས་མང་ཐོབ་ཀྱི་ལྟ་བ་རིང་ལུགས་དར་ཡོད་པ་རེད། དེང་སང་གོང་འོག་བར་གསུམ་གང་ནའང་རྒྱུ་འབྲས་དྲང་སྙོམ་གྱི་རྒྱ་ཤིང་དྲང་མོ་ཞིག་ཧ་ཅང་ཆེས་ཉུང་བ་དང་། ཡོ་འཁྱོག་ཡོ་གཟུར་གྱི་རྒྱ་ཤིང་དེ་སྤྱི་ཚོགས་ཀྱི་གྲུ་ཟུར་གང་རུང་དུ་བཀང་ནས་བསྡད་ཡོད་པས།  མི་བུ་སྒེར་གྱི་སྒེར་གཤིས་རིང་ལུགས་གསལ་གསལ་རྗེན་རྗེན་དུ་ཚུར་མངོན་འོངས་ནས་སྤྱི་ཚོགས་གྲུབ་ཆ་གང་རུང་ཞིག་ལ་ངན་རྐྱེན་གང་མང་བཟོ་བཞིན་འདུག
   དཔེར་དྲངས་ནས་དམར་རྗེན་དུ་བཤད་ན།  དེང་སང་རྒྱལ་ཁབ་ཀྱིས་གཅིག་མཐུན་དང་སྒྲིག་ལམ་ཡོད་པའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་བདེ་སྡུག་ལ་ཤ་ཚ་སྙིང་ཉེ་ཡི་སྒོ་ནས་རོགས་སྐྱོར་གང་ལེགས་གནང་གིན་ཡོད་ན་ཡང་། དྲང་བདེན་གྱི་ལམ་སྣེ་འཁྱོག་བཟོ་གཏོང་མཁན་གྱིས་སྒེར་སེམས་ཅན་མང་ཤོས་ཤིག་གིས་རང་ཉིད་ཁོ་ནའི་ཁེ་ཕན་ཆེད་དུ་རྒྱལ་ཁབ་ཀྱིས་རོགས་དངུལ་མང་པོ་གཏོང་བ་དེ། ཐོབ་དགོས་པའི་ལས་ངན་སྐོར་ཞིག་གི་ལག་ལ་ཐོབ་ཏུ་མི་འཇུག་པར། གཡོ་སྒྱུ་དང་ཕྲག་དོག ངན་སེམས་བཅས་ཀྱིས་འཁོར་ལོ་བར་མེད་དུ་བསྐོར་ནས། ཐོབ་མི་དགོས་པ་རྣམས་དང་ལས་ཅན་གྱི་ཚོགས་ཤིག་ལ་ངེས་པར་དུ་འཐོབ་ཏུ་འཇུག་པ་འདི་ནི་འཇིག་རྟེན་གྱི་ལྡོག་མེད་ལས་འབྲས་ཤིག་གཏན་ནས་མ་ཡིན་ནོ།། དེང་སང་རྒྱལ་ཁབ་ཀྱིས་དབུལ་སྐྱོར་རྣམ་གྲངས་ཀྱི་དངོས་ཤུགས་རྒྱུ་ཤུགས་གང་མང་དབུལ་ཕོངས་མང་ཚོགས་ཀྱི་ཁྲོད་དུ་བཀོལ་དང་བཀོལ་བཞིན་འདུག་ན་ཡང་།  དེ་ནི་བྱེ་མ་ནང་དུ་ས་བོན་གཏོར་བ་བཞིན་ཡོང་འབབ་གཏན་ནས་འཐོབ་རྒྱུ་མེད་པའི་དཔེ་ལྟར།  ཐོབ་དགོས་པའི་དབུལ་ཕོངས་མང་ཚོགས་ཀྱི་ཁྲོད་དུ་མི་འཐོབ་པར་རྒྱུ་ཅན་དབང་ཅན་ཚོགས་རྣམས་གཙོ་བྱས་ཏེ་དེ་དག་གིས་བགོད་རྟགས་ལས་ལྷག་གྲངས་ཡོད་པའི་བགོད་རྩིས་བརྒྱབ་ནས་བགོ་དགོས་པ་རེད། ཡང་དཔེར་ན།  བྱ་དགའི་རྣམ་གྲངས་ནི་མི་སྣ་བྱས་རྗེས་ཅན་དང་། མི་སྣ་ཡ་རབས་ཅན། མི་སྣ་ཚུལ་མཐུན་ཅན་སོགས་དང་། ཡང་ན་བགོ་བྱའི་སྐལ་དེ་མང་ལས་མང་ཐོབ་ཅན་སོགས་ལ་སྟེར་དགོས་པ་ལས། དེང་སང་ལྟར་མི་སྣ་ཁ་ངོ་ཅན་དང་། མི་སྣ་གཡོ་སྒྱུ་ཅན། མི་སྣ་ཚུལ་འཆོས་ཅན་སོགས་དང་། ཉུང་ལས་ཉུང་ཐོབ་ཅན་ལ་སྟེར་དགོས་པའི་དཔེ་སྲོལ་འདི་ནི་སུས་བཙུགས་པ་ཡིན་ནམ། རྒྱལ་ཁབ་ཀྱིས་གཏན་འབེབས་ལྟར་ཐོབ་དགོས་པའི་མི་སྣ་རྣམས་ལ་འཐོབ་ཏུ་མི་འཇུག་པར་ཡོད་ཚད་བགོད་རྩིས་ལས་ཆ་སྙོམས་གྲངས་བཀོལ་ནས་བགོས་ན་ཆོག་གམ།  འདི་ནི་ང་རང་གི་བསམ་ཚུལ་ལྟར་ན་གཏན་ནས་མི་འགྲིག་པ་འདྲ། རྒྱུ་མཚན་ནི་མི་ལ་ལའི་མང་ལས་མང་ཐོབ་ཀྱི་འཐོབ་བྱའི་ལས་ཅི་ཡང་བསྒྲུབ་མེད་པར། ནམ་རྒྱུན་རང་ཉིད་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་ཤ་ཐང་འབད་ཐང་བྱས་ཡོད་པ་ལས། རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་བྱས་རྗེས་ཏིལ་འབྲུ་ཙམ་ཡང་བཞག་མེད་ནའང་། མང་ལས་མང་ཐོབ་ཀྱིས་སྐལ་ལྷག་དེ་དག་ལ་འཐོབ་ཏུ་བཅུག་ནས། ཉུང་ལས་ཉུང་ཐོབ་ཀྱི་སྐལ་ལྷག་ནམ་རྒྱུན་ཡ་རབས་ཚུལ་མཐུན་དང་། འབད་བརྩོན་ལྷོད་མེད་སྒོས་རང་དོན་ཕར་ལ་གཡུགས་ཏེ་གཞན་དོན་རྐྱང་རྐྱང་གི་ཆེད་དུ་འདུར་རྒྱུགས་ལ་བྲེལ་བའི་ལས་ངན་ཚོགས་དེ་ལ་འཐོབ་ཏུ་འཇུག་པ་འདི་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་དང་མཐུན་པ་ཡིན་ནམ། མཐུན་པ་ཡིན་ན་རྗེས་ཕྱོགས་རྒྱལ་ཁབ་དང་ལས་ཁུངས་ཀྱི་ཆེད་དུ་ཤ་ཐང་འབད་ཐང་བྱས་ཏེ་གཞན་དོན་རྐྱང་རྐྱང་སྒྲུབ་མཁན་གྱི་མི་སྣ་དཔེ་ལེགས་ཅན་གཏན་ནས་ཡོད་སྲིད་ཀྱི་མེད་པར། རང་དོན་ཁེ་ཕན་གཙོ་གཉེར་བྱེད་པའི་མི་སྣ་ཚུལ་འཆོས་ཅན་དང་། མི་སྣ་གཡོ་སྒྱུ་ཅན། མི་སྣ་ལྐོག་ཇུས་ལ་མཁས་པའི་དཔུང་སྡེ་ཞིག་གྲལ་རིང་བསྒྲིགས་ཏེ་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རུ་འགྲོ་བཞིན་ཡོད་པས། མ་འོངས་བའི་སྤྱི་ཚོགས་ནི་རྫུན་བཟོ་དང་། ཚུལ་འཆོས། མགོ་མེད་མཇུག་རྡུམ། རྫུན་དྲང་བདེན་ནོར་གྱི་མགོ་རྔ་གོ་ལྡོག་པའི་བག་ཕེབས་སོས་དལ་གྱི་ཁོར་ཡུག་རྫོབ་དྲི་བྲོ་བ་ཞིག་ཏུ་འགྱུར་ཁོ་ཐག་ཡིན་ངེས་སོ།།
         རྩོམ་ཡིག་འདི་ནི་ང་རང་གི་ལས་ཁུངས་གཙོ་བྱས་ཏེ་ལས་ཁུངས་ཉུང་ཤོས་འགའ་རེ་ཡིས་འདི་ལྟར་མང་ལས་མང་ཐོབ་ཅན་ལ་སྐལ་གཅོད་པ་དང་། ཉུང་ལས་ཉུང་ཐོབ་ཅན་ལ་གཟི་བརྗིད་ཀྱི་དཔའ་དར་འཐེན་པ་དང་། ནམ་ཡང་རང་གི་ཁེ་ཕན་དོན་གཉེར་ཅན་ནི་བྱ་བ་བསྒྲུབ་མཁན་དཔེ་ལེགས་ཅན་ལ་འདེམས་པ་དང་།  ནམ་རྒྱུན་རང་དོན་རྒྱབ་སྐྱུར་གྱི་གཞུང་དོན་གཙོ་གཉེར་བྱེད་མཁན་དག་ནི་སྐལ་ཆད་ཅན་དང་། མང་ལས་ཉུང་ཐོབ་ཀྱི་གྲལ་མཐའ་རུ་ཕུད་པ་འདིའི་རྒྱུ་མཚན་གཙོ་བོ་ནི། དེང་སང་སྤྱི་ཚོགས་སུ་རྒྱུགས་ཆེ་བའི་ཁ་ངོ་རྒྱུ་ངོ་ཅན་རྣམས་ལ་སྐྲག་པ་དང་། ཁ་ངོ་རྒྱུ་ངོ་ཅན་རྣམས་ལ་རང་གི་ངོ་ཐང་བཙོངས་བ་དང་། རང་གི་ཁེ་ཕན་ཆེད་དུ་མི་རིགས་དང་ལས་ཁུངས་ཀྱི་དོན་ངོ་མའི་ཤ་ཐང་འབད་ཐང་བྱེད་པའི་མི་སྣ་སྐོར་ཞིག་གི་སེམས་ཁམས་སུ་གནོན་ཤུགས་མི་དམན་པ་སྦྱིན་ནས། མི་རིགས་དང་རྒྱལ་ཁབ་ཀྱི་ལས་དོན་ཆེད་དུ་འབད་པ་བྱེད་འདོད་ཡོད་པའི་སེམས་ཤུགས་རྩ་བ་ནས་ཉམས་སུ་བཅུག་སྟེ།  མི་རིགསདང་རྒྱལ་ཁབ་ཀྱི་ལས་དོན་ལ་འགལ་རྐྱེན་དང་རྙོག་དྲ་ཅི་འདྲ་བཟོ་བཞིན་པ་སུ་ཞིག་གིས་ཤེས་སམ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བགོད་རྟགས་འདི་བཀོལ་ན་ཆོག་གམ།

2011-12-09 གཅན་རྣམ་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།