མེ་ལོང་གི་མདུན་ནས། ང་དངོས་གནས་རྒས་འདུག

ཇོ་སྲས་ཚེ་རིང་བསམ་འགྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-06

                                 དང་པོ།
    བགྲང་བྱ་གཅིག་གི་ཕྱི་མིག་གི་སྣེ་མོ་ནས།  ང་མེ་ལོང་གི་མདུན་དུ་ལངས་ནས་རང་ལུས་ལ་ཞིབ་ལྟ་ཐེངས་ཤིག་བྱེད་དུས།  ང་དངོས་གནས་རྒས་འདུག                   
   ཐ་མག་རྐང་གཅིག་ལ་མེ་སྒྲོན་ཏེ་ཞིབ་འདང་རེ་རྒྱབ་ན།  ངས་ད་དུང་མང་པོ་མང་པོ་ཞིག་བྲང་ཁར་སྦྱར་ནས་སེམས་ཀྱིས་གཉོར་འདོད་ནའང་།  གུ་ཡངས་དང་བརྩེ་བ་མེད་པའི་དུས་ཚོད་ཀྱི་ཐག་སྒྲ་དེས་ང་ལ་དབང་མེད་ཀྱི་བྲེལ་འཚུབ་ཅིག་སེམས་ཀྱི་གཏིང་ནས་བསླངས་སོང་།  
                                  གཉིས་པ།
   འདས་ཟིན་པའི་ལོ་ངོ་གཅིག་གི་སྔ་རོལ་ཏུ། ང་ནི་སློབ་ཆེན་པའི་མིང་བྱང་གཡར་བའི་བྱིས་པ་བསམ་མེད་ཅིག་དང་།  ཡངས་པའི་ཐང་ཆེན་དང་སྐྱི་གཡའ་བའི་འགག་འཕྲེང་བརྒྱུད་མ་མྱོང་བའི་རྟེའུ་ཉམ་ཆུང་ཞིག   དེ་དུས་ངས་འཚོ་བ་ནི་མ་གཞི་ནས་ཉི་འོད་བཞིན་དྲོ་ཞིང་འཇམ་པའི་ཨ་མའི་རུམ་ཁོང་དང་མཛེས་སྡུག་གིས་བཞེངས་པའི་མཛའ་མོའི་དུང་སེམས་ལ་བསྒོམས་མྱོང་བ་རྫུན་གཏམ་ག་ལ་ཡིན།   ཡིན་ནའང་།  དེ་ནི་སད་སེར་གྱི་མནར་གཅོད་ཕོག་མ་མྱོང་བའི་མེ་ཏོག་གི་ལོ་ཟླ་ཡིན་ལ།  སྟོན་མཇུག་གི་གྲང་ལྷག་མ་ཕོག་པའི་དབྱར་ལྗོངས་ཤིག་གི་ཞོགས་པ་མ་ཡིན་ནམ།
                                 གསུམ་པ།
   དེ་རིང་།  ངས་བྱིས་པ་ཚོའི་དྭངས་གཙང་ལྷད་མེད་ཀྱི་འཛུམ་དཀར་དབུས་ ནས།  ཀ་མུད་སུམ་བཅུའི་དུང་ཞེན་ལ་སེམས་པ་གླན་བཞིན་རྨ་འབྲི་རྫ་གསུམ་གྱི་འགོ་ཁུངས་ནས་རྒྱང་ཐག་རིང་བའི་གླུ་སྐད་ཅིག་གི་འགྱུར་ཁུགས་ལ་བསྙེགས་ཤིང་།  དགེ་རྒན་ཞེས་པའི་ལྗིད་ཏིག་ཏིག་གི་གཟི་བརྗིད་ཀྱི་ལས་དོན་དེ་ཕྲག་ཏུ་འཁུར་དུས།  ངའི་ལུས་སེམས་ཡོངས་སུ་བརླན་པའི་བརྩེ་ཞེན་གྱི་འོད་གོར་དེ་སུ་ཞིག་གི་རྨི་ལམ་གྱི་གཏིང་རིམ་ན་འབུས་བཞིན་པ་ཚོར་བྱུང་ལ། ཉིན་ཞག་གྲངས་མེད་ཅིག་གི་བར་གསེང་ན་ཤེས་མེད་ཚོར་མེད་ངང་འཇའ་ཚོན་ལྟ་བུའི་ལང་ཚོ་འཚོ་བའི་དབྱིངས་རིམ་ལ་འཐིམས་པའི་དགེ་རྒན་ནི་ངེས་དོན་གྱི་མི་རིགས་ཤིག་གི་དཔའ་བོ་ཡིན་པའི་སྡོམ་ཚིག་ཀྱང་ཐོག་མར་རྙེད་བྱུང་།
                                 བཞི་བ།
   དགེ་རྒན་གྱི་མི་ཚེ་ནི་བྱིས་པ་ཚོའི་མཚར་སྡུག་གི་རྨི་ལམ་ན་ལྡིང་བསྐོར་རྒྱག་བཞིན་པའི་རང་དབང་བྲལ་བའི་ཤོག་བྱ་ཞིག་དང་།  དགེ་རྒན་གྱི་འཚོ་བ་ནི་རྫོགས་མཐའ་བྲལ་བའི་བསྐྱར་ཟློས་ཀྱི་རྨི་ལམ་ཞིག་གམ་ཆེས་བྲེལ་འཚུབ་ཆེ་བའི་རྒྱང་བཞུད་རིང་མོ་ཞིག  ཡིན་ནའང་།  སུས་ཀྱང་དག་ཞིང་དུ་བསྒོམས་མ་མྱོང་ཞིང་སུས་ཀྱང་ཐེ་གཏོགས་དང་བདེན་ཁ་བྱིན་མ་མྱོང་བའི་དགེ་རྒན་གྱི་འཇིག་རྟེན་དེ་ན།  ཆེས་ལྷད་མེད་པའི་བྱིས་པ་ཚོའི་འཛུམ་མདངས་དང་དགོད་སྒྲ་ཡོད་ལ།   མི་རིགས་ཤིག་གི་རྣམ་ཤེས་ཀྱི་དར་རྒུད་དང་རུས་རྐང་གི་ཆག་འཇིག   ཚེ་སྲོག་གི་འཕར་ལྡིང་བཅས་གཞི་གཅིག་གི་གདངས་དབྱངས་ལ་བཅོལ་ཏེ། རྦ་རླབས་ལྟར་འཕྱོ་ཞིང་མེ་སྟེག་བཞིན་འཚུབ་པ་སྙོན་མེད་ཀྱི་གཏམ་ཚངས་ཐིག་ལྟ་བུ་ཞིག་ཅི་ལ་མིན།
                                   ལྔ་བ།
   ང་ནི་འདི་ལྟར་འདར་འདུར་གྱི་གོམ་ཁ་གངས་ཀློང་ལས་བརྒལ་ཏེ། ཡངས་པའི་རྩྭ་ཐང་གི་པང་བ་རུ་སླེབས་དུས།  མེ་ཏོག་གི་འཛུམ་མདངས་ལ་སེམས་པ་ལྷག་མེད་དུ་ཤོར་བས།  དྭངས་གཙང་གི་རེ་སྨོན་དང་དྲོད་འཇམ་གྱི་ཉི་འོད་འཁྱིལ་བའི་བྱིས་པ་ཚོའི་འཇིག་རྟེན་འདིའི་བསླུ་བྲིད་ལས་ཐར་ཐུབ་ཡེ་ནས་མ་བྱུང་།  
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་ལོང་གི་མདུན་ནས། ང་དངོས་གནས་རྒས་འདུག

2011-12-06 ཇོ་སྲས་ཚེ་རིང་བསམ་འགྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།