ང་ཚོ་སྟེ་མིང་བྱང་འོག་གི་སློབ་ཆེན་པ།

    ང་རང་ཉིད་སློབ་ཆེན་པ་ཞིག་ཡིན་པའི་ཆ་ནས་རང་ཉིད་ལ་འགན་འཁྲི་མང་པོ་ཡོད་ཀི དེ་ཅི་རེད་ཟེར་ན།སྤྱི་ཚོགས་ཀྱིས་སྤྲད་པའི་འགན་འཁྲི་དང་ལོ་རྒྱུས་ཀྱིས་སྤྲད་པའི་འགན་འཁྲི།དུས་རབས་ཀྱིས་སྤྲད་པའི་འགན་འཁྲི་སོགས་ཡོད་ཀི  ཡིན་ནའང་།གླེང་གཞིར་གྱུར་བའི་མིང་བྱང་འོག་གི་སློབ་ཆེན་པ་འདི་ཚོ་ལ་མཚོན་ནས་བཤད་ན་གོང་གི་འགན་འཁྲི་དེ་དག་འབྲེལ་བ་མེད་པའི་དོན་གཞན་ཞིག་ཏུ་གྱུར་འདུགདེ་བས།ང་རང་ཉིད་ལ་ཡིན་རྒྱུ་ན་སློབ་ཆེན་པ་ཞེས་པའི་སློབ་གསོ་ལས་ཐོད་བརྒལ་བྱས་ཏེ་གནད་དམ་པ་པའི་ཁ་ཕྱོགས་ཀྱི་མཛུབ་སྟོན་བྱེད་རྒྱུ་ཞིག་མེད་མོད།ཡིན་ནའང་།ང་རང་ཉིད་ནི་སློབ་ཆེན་སློབ་མ་ཞིག་རེད།ཆུང་སློབ་ཆུང་ནས་དམའ་དམའ་འབྲིང་དང་མཐོ་མཐོ་འབྲིང་བར་ང་ཚོའི་ཁོར་ཡུག་འདིའི་སློབ་གསོས་བསྐྱེད་ནས་འོང་ནི་རེད།སློབ་གསོ་གང་གི་བསྐྱེད་ནི་རེད་ཟེར་ན་གཅར་རྡུང་སློབགསོ་མྱངས་ནས་འོང་ནི་རེད།ད་ལྟ་རང་ཉིད་སློབ་ཆེན་པའི་སྒོ་ཆེན་ལ་གོམ་པ་སྤོས་ཏེ་ཕྱིར་འདང་ཞིག་བརྒྱབ་ན་ངོ་མ་འཇིགས་སུ་འོང་བ་ཞིག་རེད།མི་བདེན་ན།ང་ཚོའི་སློབ་ཆེན་པའི་སྡེ་ལ་ཕྱིར་ལྟ་རེ་བྱོས་དང་།མིག་མཐོང་ལག་ཟིན་ཡིན་ནི་རེད།སློབ་མ་སུ་དང་སུ་ཡིན་ན་རང་ཚུགས་ཀྱི་ཆ་ཞིག་ཡོད་དཀའ་ནི་རེད།ཡོད་དོ་ཅོག་ཅིག་ཅིག་གི་ཁར་ཉན་པ་དང་ཉིག་ཉིག་གི་བཀའ་ལ་སྒུག་སོགས་མང་ནི་རེད།དེ་ལྟར་མ་བྱས་ན་ཁོ་ཚོས་ཁེར་ཚུགས་ནས་འགྲེང་ཐུབ་ནི་མ་རེད།ཁོ་ཚོས་ལྟག་རྒྱབ་ན་བག་ལ་ཞ་བའི་སྲོལ་རྒྱུན་གྱི་ལྟ་བ།རྨོངས་དད།བག་འཁུམ།རྙིང་ཞེན་སོགས་འཇིགས་སྐྲག་གང་མང་ཞིག་ཡོད་པས་རེད།དེ་བས།ང་ཚོའི་ཁོར་ཡུག་འདི་ནས་ལག་ཆགས་པའི་སློབ་ཆེན་པའི་སྡེ་ལ་འགན་འཁྲི་ཞེས་པ་འདི་ཐག་རིང་ཐག་རིང་ཞིག་རེད།ངས་ཀྱང་ང་ཚོ་སྟེ་མིང་བྱང་འོག་གི་སློབ་ཆེན་པ་གླེང་དོན་ཡང་འདི་ཡིན་རེད།
    འདི་ནས་ང་རང་ཉིད་ཀྱིས་ལྟ་སྟངས་ཀྱི་སྟེང་ནས་སློབ་ཆེན་སློབ་མ་ཞེས་པ་འདི་ག་འདྲ་ཞིག་ལ་ངོས་འཛིན་དགོས་ཟེར་ན།མི་བུ་རང་གི་ཕུགས་བསམ་ཡིན་ན་འདྲ།མི་བུ་རང་གི་ཆེད་ལས་ཡིན་ནའང་འདྲ།དེ་དག་གི་སྟེང་ནས་གཞི་བཞག་བྱས་ཏེ་ཕྱོགས་སྣ་ཁ་སྒོ་མོ་ནས་བསམ་བློ་དང་མཛེས་དཔྱོད་ཀྱི་སྟ་སྟངས།མི་ཚེའི་ལྟ་སྟངས།སྤྱི་ཚོགས་ལ་ཁ་ཕྱོགས་སྟངས་སོགས་ལ་འཚོལ་རྟོག་བྱས་ཏེ།རང་ཉིད་ལ་བཅོས་བསྒྱུར་དང་འཕེལ་རྒྱས་བཏང་ན།རང་ཚུགས་སུ་འགྲེང་ཐུབ་པ་ཞེས་པའི་མཚན་ཉིད་ཆ་ཇེ་ཚང་དུ་འགྲོ་བར་གཞོག་འདེགས་ཀྱི་ནུས་པ་ཐོན་པར་འདོད་གིསྤྱིར་བཏང་དུ་མི་བུ་སུ་ཡིན་རུང་འདང་རྒྱག་ཕྱོགས་མི་འདྲ་བ་མང་པོ་ཡོད་ནི་རེད།།དེ་ནི་མེ་ཏོག་མཉམ་བཞད་དང་བསམ་བློ་བརྩི་མཐོང་གི་ཆ་ཞིག་ཡོད་མ་ཡིན་ནམ།
      ང་ཚོའི་སློབ་ཆེན་པ་རྣམས་ལ་སྐྱོན་ཞིག་ཡོད་ནོས་མི་རང་ཉིད་དགའ་ཕྱོགས་མང་པོ་མང་པོ་ཞིག་ཡོད་ཀྱང་།དགའ་ཕྱོགས་དེ་མངོན་འགྱུར་བྱེད་ཐུབ་ནི་མ་རེད།རྒྱུ་མཚན་ནི་སྲོལ་རྒྱུན་གྱིས་བསྐྱེད་པའི་སློབ་གསོ་དེ་ལ་རགས་ལས་པས་རེད།ཆུང་དུས་ནས་ཕ་མས་བྱིས་པ་ལ་འདོད་ཆུང་ཆོག་ཤེས་དགོས་ཚུལ་དང་རྣམ་རྟོག་སྐྱེ་ཚུལ་བསླབས་པ།ཅིག་ཅིག་ཉིག་ཉིག་སྒྲུབ་ན་འཛེམ་བག་བྱ་ཚུལ་སོགས་ཀྱི་སློབ་གསོ་ཡིས་བྱིས་པའི་དྭངས་གཙང་གི་ཀླད་པའི་ནང་ལ་ཞོ་དཀྲུགས་དཀྲུགས་བྱས་པས་ཅི་ཁགད་དུང་དགེ་རྒན་རྣམས་ཀྱིས་དཔེ་ཀློག་གི་གོམ་ཁ་ཁྲིད་མགོ་ནས་བཟུང་ཆོས་སྲིད་གཉིས་ཀས་གང་རུང་མ་ཡིན་པའི་སློབ་གསོ་གཏོང་བ།ཆོས་སྲིད་གཉིས་ཀས་གང་རུང་མ་ཡིན་པའི་སློབ་གསོ་ནི་གང་ཡིན་ཞེ་ན།དཔེར་ན།སློབ་གྲྭ་ལ་ལ་༼ང་རང་གི་ཕ་ཡུལ་ན་སློབ་གསོ་ཡ་མ་ཟུང་འདི་འདྲ་སྤེལ་བཞིན་ཡོད་པ་ནི་རང་གིས་མིག་མཐོང་ལག་ཟིན་དང་གྲོགས་པོ་དག་གིས་བཤད་པ་གང་མང་མང་ཡོད།ད་དུང་སློབ་ཆེན་ལ་ལ་ན་ཡང་དགོད་བྲོའི་སློབ་གསོ་འདི་འདྲ་སྤེན་གྱིན་ཡོད་པ་སྐུ་ཞབས་ཞོགས་དུང་གི་དཔེ་ཚོགས་དག་ན་གསལ་བས་ཚིག་བསྐྱར་ཟློས་མི་བྱེད་དོ།།༽ན་དགེ་རྒན་དག་གིས་དགོད་བྲོ་བའི་འགྲིག་ལམ་ཅིག་གསར་དུ་གཏོད་དེ་ཆོས་མ་བཏོན་ན་སློབ་གྲྭའི་འགྲིག་ལམ་འགལ་སོང་ཟེར་ནས་ཡང་གཅར་རྡུང་དང་འབུར་འཇོམས་ཀྱི་གདུག་རྩུབ་སློབ་གསོ་ལག་བསྟར་བྱས་ནས་མི་བུ་གསོ་སྐྱོང་བྱས་སའི་དཀྱེལ་ཡངས་ཀྱི་མཁའ་དབུགས་ལ་སྒེར་གཅོད་བྱས་པ་མ་ཡིན་ནམ།འདི་ནི་མི་རབས་ཤིག་གི་དར་རྒུད་ལ་འདང་རྒྱག་མཁན་ཞིག་ཡིན་ན་ངོ་མ་བཟོད་བསྲན་དཀའ་བའི་ན་ཟུག་ཅིག་རེད།ང་ཚོ་ངོ་མ་སད་རན་འདུགསྦྲིད་སྨན་འཐུང་བ་ལྟ་བུའི་ལོ་རྒྱུས་ལ་མིག་གཤེར་རམ་ཕྱིར་རྟོག་ཅིག་བྱེད་རན་འདུགལས་དབང་ཡོད་ཚད་མགོ་གཏུགས་པའི་འབག་སྐུ་འདིའི་སྔུན་ནས་ང་ཚོའི་གསེར་ལས་ལྷག་པའི་དུས་ཚོད་མང་མང་ཞིག་ཆུ་ཟོས་སུ་བཏང་སོང་བས།མི་རབས་ཤིག་གི་ལས་དབང་ཕྲག་ཏུ་བླངས་བའི་སྤུན་ཟླ་རྣམ་པ།དུས་ད་ལྟ་ནས་ཁ་གཡང་མ་ཡིན་པའི་རང་ཉིད་སྔུན་ལ་བུད་དེ།སྤྱི་བམ་མམ་ཐག་རིང་ཞིག་མི་གླེང་བར་རང་ཉིད་ཀྱི་མདུན་དུ་ལྷག་པའི་དངོས་ཡོད་འཚོ་བ་འདི་ལ་ཁ་གཏོད་དགོས།མི་བྱེ་བྲག་ལ་དམིགས་ཏེ་གནད་དོན་གྱི་ནད་སྙིང་ལ་འཚོལ་དཔྱད་བྱེད་དགོས།འདི་ལྟར་བྱས་ན་ལོ་ཟླའི་འཕག་འཚག་བྱས་པའི་ནམ་ཞིག་ཚེ་ན་ཉི་མ་རྩེ་ཤར་གྱི་ཉིན་ཞིག་ལོས་ཡོད།ང་ཡིད་ཆེས་ཡོད།སྡུག་རུས་ཀྱི་རྗེས་ན་བདེ་སྐྱིད་ཡོད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་ནི་རེད།
       མཚམས་འདི་ནས་བཤད་རྒྱུ་ཞིག་ཡོད་ནོས་ང་རང་ཉིད་ཀྱིས་ཤེས་ཚོད་ཀྱིས་  དབྱེ་ཞིབ་ཀྱི་བརྗོད་བྱར་བབས་པ་ནི་མིང་བྱང་འོག་གི་སློབ་ཆེན་པ་ཞེས་པ་དེ་རེད།འདིའི་༼ཚོགས་སྤྱི༽ནང་དུ་ང་ཡང་འདུ་བ་ནི་སྨྲོས་མ་དགོས་པ་ཞིག་ཡིན་ནི་རེད།ཡིན་ནའང་།གླེང་དོན་གྱི་མདོ་རྩ་ནི་ང་ཡང་སློབ་ཆེན་པ་ཡིན་པས་རེད།མི་བུ་སོ་སོ་ནས་ལྟ་ཚུལ་དང་བསམ་བློ་བརྗེ་རེས་ཀྱི་ཁོར་ཡུག་བསྐྲུན་ན་ལེགས་པས་རེད།རྒྱའི་མཁས་པ་ལའོང་ཆུ་ཁྲོ་ཡིས་སྐད་ཆ་ཞིག་བཤད་ཡོད་གི་༼བཅོས་ན་འཕེལ།འཕེལ་ན་བརྟན།༽ཞེས་པ་དེ་ནང་བཞིན་ནོ།།
                                  ༢༠༡༡ལོའི་ཟླ་༡༡ཚེས༣ཉིན་ལ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཚོ་སྟེ་མིང་བྱང་འོག་གི་སློབ་ཆེན་པ།

2011-11-16 མདའ་ལྗང་ལོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།