ནང་བསྟན་གླེང་བ།

   འཛམ་བུ་གླིང་འདིར་འཚོ་སྡོད་བྱེད་པའི་འགྲོ་བ་མིའི་རིགས་མི་འདྲ་བ་མང་བོ་ཡོད་ལ་དེ་དག་རེ་རེ་ལའང་ཕལ་ཆེར་ཆོས་ལུགས་མི་འདྲ་བ་རེ་རེ་ཡོད་ནའང་ཆོས་ལུགས་དེ་དག་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་སྨྲ་ཤེས་ཤིང་དོན་གོ་བ་དེ་དག་གིས་རང་རང་གི་ཆོས་ལུགས་དེ་ཡང་དག་པ་ཞིག་དང་སྐྱོན་མེད་པ་ཞིག་ཏུ་མཐོང་གིན་ཡོད་མོད་དེ་དག་གི་ཁྲོད་ཀྱི་སྐྱོན་གྱིས་མ་གས་པའི་ཆོས་ལུགས་དེ་འདི་རེད་ཅེས་འཇིག་རྟེན་ན་སྡོམ་ཚིག་འགོད་མཁན་ནི་ཡོད་མི་སྲིད་ལ་གལ་ཏེ་དེ་འདྲ་ཞིག་ཡོད་པའི་དབང་དུ་བཏང་དུ་ནའང་དེ་འདོད་ཚུལ་ཡང་དག་ཅིག་ཏུ་འཛིན་པའི་ངེས་པ་མི་འདུག ཡིན་ནའང་ནང་བསྟན་ཞེས་པ་འདི་ནི་ཤཱཀྱ་ཐུབ་པས་ཤེས་རབ་དང་བློ་གྲོས་ལས་བྱུང་བའི་ནང་སེམས་ཀྱི་ངོ་བོ་དང་བྱེད་ནུས་སོགས་ལ་ཞིབ་འཇུག་བྱས་པའི་རིག་པའི་གཞུང་ལུགས་ཆ་ཚང་བ་ཞིག་ཡིན་ལ་ནང་ཤེས་པའི་སྟེང་ལ་ཞིབ་འཇུག་བྱེད་པའི་གཞུང་ལུགས་ཆ་ཚང་བ་ཞིག་ནི་ཕལ་ཆེར་འདི་ཁོ་ན་ཡིན་པའི་བསམ་བློ་ཞིག་སྐྱེ་འོང་།སྤྱིར་ཤཱཀྱ་ཐུབ་པ་ནི་རྒྱ་གར་གྱི་མི་ཡིན་ལ་ཁོང་གིས་རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་མང་པོའི་ནང་སེམས་ཀྱི་འཐབ་འཛིང་ལ་བརྟེན་ནས་རང་ཉིད་ཀྱིས་ཀྱང་མི་ཚེ་དོན་ཡོད་དུ་བྱ་བའི་ཆེད་རྒྱལ་སྲིད་སྤངས་ནས་སེམས་ཀྱི་སྟེང་གི་གནས་ལུགས་མཐར་ཐུག་དེ་འཚོལ་ཕྱིར་གནས་དབེན་པ་བཙལ་ནས་ནང་སེམས་སྟེང་གི་འདུ་འཛི་བཀག་པ་དང་།ཡུལ་དབེན་པར་སོང་ནས་གང་བྱས་ལ་སྙིང་བོ་མ་མཆིས་པའི་ནང་སེམས་ཀྱི་སྟེང་གི་གནས་ལུགས་ལ་དཔྱད་དེ་བདེན་མེད་སྟོང་ཉིད་ཀྱི་གནས་ལུགས་ཟབ་མོ་བློ་ཡུལ་དུ་འཆར་ནས་དེ་ཅི་ལྟར་རྙེད་པའི་ཐབས་ལམ་ཡང་དག་པ་སློབ་བུ་རྣམས་ཀྱི་བློ་ཚོད་དང་བསྟུན་ནས་རིམ་པ་མི་འདྲ་བ་གསུམ་དུ་ཕྱེ་བར་མ་ཟད་དེ་དག་རེ་རེ་ལའང་ཉན་ཐོས་རང་རྒྱལ་ཐེག་ཆེན་ཞེས་མིང་མི་འདྲ་བ་རེ་བཏགས་ཏེ་ཕྱིས་འབྱུང་གི་སློབ་བུ་རྣམས་འཇུག་བདེ་བའི་ལམ་འདི་ལྟ་བུ་གསར་གཏོད་བྱས་པ་ཡིན་ལ།དེ་ལ་བརྟེན་ནས་སློབ་བུ་རྣམས་ཀྱིས་བསམ་པའི་འཛིན་ཚུལ་མ་འདྲ་བའི་དབང་གིས་གྲུབ་མཐའ་སྨྲ་བའང་མི་འདྲ་བ་བཞི་བྱུང་མོད་དེ་དག་གི་གནས་སྐབས་ཀྱི་ཐོབ་བྱ་ལ་མི་འདྲ་བའི་ཁྱད་པར་ཡོད་ནའང་མཐར་ཐུག་གི་བསམ་བྱ་ནི་ནང་སེམས་ཀྱི་སྟེང་གི་ཉོན་མོངས་ཕྲ་རགས་ཐམས་ཅད་ཟད་པའམ་སངས་པ་དང་ཤེས་པར་བྱ་བའི་གནས་མཐའ་དག་ལ་འཇུག་པའི་བློ་གྲོས་རྒྱས་པའི་ཆེད་ཡིན་པ་ནི་གཅིག་གྱུར་གྱི་འདོད་ཚུལ་ཡིན་པ་རེད། ཤཱཀྱ་ཐུབ་པ་ནི་ང་ཚོ་མིའི་རིགས་ཀྱི་ནང་སེམ ས་ཁམས་ལ་དག་ཐེར་དང་དཔྱད་ཞིབ་བྱེད་པའི་སེམས་གཙོ་སྨྲ་བ་ཞིག་ཡིན་པས་རང་ཉིད་ཀྱིས་གསར་གཏོད་མཛད་པའི་རིག་གཞུང་དེའི་རྩ་བའི་རྨང་གཞིའང་སེམས་བཟང་ངན་གྱི་རྗེས་སུ་འགྲོ་ལྡོག་བྱེད་པར་རག་ལས་ཡོད་པར་བཤད་པ་རེད། ཡེ་ཤེས་བས་བཟང་ངན་དང་ལེགས་ཉེས་དགའ་སྡུག་ཚང་མ་དཀོན་མཆོག་གིས་བཀོད་སྒྲིག་ བྱེད་པར་སྨྲ་བ་དང་ནང་བ་བས་ལས་དབང་གིས་ཁ་ལོ་བསྒྱུར་བར་བཤད་པ་གང་ཡིན་ཡང་རང་རང་ལ་མཐར་ཐུག་གི་གནས་ལུགས་མི་འདྲ་བ་རེ་བཤད་རྒྱུ་ཡོད་ནའང་འབྱུང་རྐྱེན་མེད་པའི་བློའི་གཡོ་བ་ཞིག་དང་དངོས་རྒྱུ་ཞིག་གི་སྟོབས་ཤིག་ལས་བྱུང་བ་གཉིས་ནི་དངོས་པོའི་གནས་ཚོད་ལ་སེམས་ཀྱིས་དཔྱད་པ་བཏངས་ན་དོན་གྱི་འབབ་ཚུལ་དང་སྦྱར་ཐུབ་པ་ནི་ནང་བ་སངས་རྒྱས་པས་བཤད་པའི་ལས་དབང་ཞེས་པ་དེ་ཡིན་པ་ཤེས་ཐུབ། འདི་ལྟ་བུའི་རིག་པའི་གཞུང་ལུགས་ཕུན་སུམ་ཚོགས་པ་དེ་བོད་ཀྱི་མེས་པོ་སྐད་གཉིས་སྨྲ་བའི་ལོ་ཙ་བ་དག་གིས་བོད་རང་གི་ཡི་གེར་བསྒྱུར་བ་ལ་བརྟེན་ནས་བོད་ཡུལ་གྱི་ལུང་བ་འདིར་ཡང་ཤྰཀྱ་ཐུབ་པའི་ཆོས་ཀྱི་རིག་གཞུང་དེ་དར་བ་རེད། འོན་ཀྱང་འདི་ལྟ་བུའི་རིག་པའི་གཞུང་ལུགས་ལ་འདྲིས་ཆ་ཟབ་མོ་མེད་པར་གོ ་བློ་ཐོས་བློ་ཙམ་གྱིས་ཡང་དག་པའི་དོན་ལ་སྒྲོ་འདོགས་ཀྱི་བློ་གཅོད་མི་ནུས་པས་ན་ཤེས་མདོག་འུར་ལ་སྤུར་བ་དག་གིས་ཤྰཀྱ་ཐུབ་པས་གསར་གཏོད་མཛད་པའི་རིག་པའི་གཞུང་ལུགས་ཡི་གེར་ཕབས་ཡོད་པའི་དཔེ་ཚོགས་དག་ལ་འབྲེལ་འདྲིས་བྱས་གོ་དཀའ་བའི་དོན་རྣམས་མཁས་པ་རྒན་པར་བློ་དྲིས་ཏེ་རིག་གཞུང་འདིའི་ཉིང་དགེ་གང་ལ་ཐུག་ཡོད་པ་དང་དེ་ལ་དགེ་བ་ག་འདྲ་ཡོད་པའི་ཚུལ་ལ་ཞིབ་འཇུག་དང་རྒྱུས་ལོན་བྱེད་ཐུབ་ན་གནས་ལུགས་དང་བདེན་དྲང་གི་གཟི་བྱིན་འོད་པོ་ཆེ་དེ་ཕྱོགས་རིས་དང་ཕྲག་དོག་གི་སྤར་མོས་འགེབ་ཐུབ་མི་སྲིད་སྙམ།
    ཤཱཀྱ་ཐུབ་པས་གདུལ་བྱའི་དབང་གིས་གསུང་ཚུལ་མ་འདྲ་བ་དེའི་དབང་གིས་ང་ཚོའི་བོད་ཡུལ་དུའང་རྒྱ་གར་དང་འདྲ་བར་གྲུབ་མཐའ་མི་གཅིག་པ་མང་དུ་བྱུང་བར་མ་ཟད་དེ་དག་གིས་རང་རང་གི་གྲུབ་མཐའི་རྩ་བའི་ཁེ་ཕན་ལ་བསམ་ནས་ཆོས་ལུགས་ཀྱི་དར་ཆ་ཆབ་སྲིད་ཀྱི་ལག་ཆར་བཀོལ་སྤྱོད་བྱས་ནས་ནང་མི་གྱོད་འཛིངས་བྱེད་པའི་འཁོར་ལོ་མི་ལོ་དུ་མར་བར་མ་ཆད་པར་སྐོར་ལ་དེ་ནི་ད་དུང་གྲུབ་མཐའ་ཞིག་གི་ལ་རྒྱ་ཡིན་པའི་འདོད་ཚུལ་ཡོད་པར་མ་ཟད་ནོར་འཁྲུལ་ཅན་གྱི་བསམ་བློ་དེ་རྒྱུན་འབྱམས་སུ་སོང་བའི་རྐྱེན་གྱིས་དེང་གི་དུས་སུའང་གྲུབ་མཐའ་ཕན་ཚུན་གྱི་མཁས་པ་སོ་སོས་ཕྱོགས་རིས་ཀྱི་སྐད་ཆ་བཤད་པ་ནི་ཁོའི་གཟི་བརྗིད་དུ་འཇོག་གི་ཡོད་པ་ལྟ་བུ་རེད།སྤྱིར་བཤད་ན་གྲུབ་མཐའི་ནང་ཕན་ཚུན་ལ་གྱོད་འཛིང་བྱེད་པ་ནི་ཤྰཀྱ་ཐུབ་པའི་གསར་གཏོད་མཛད་ པའི་ཆོས་ཀྱི་དགོངས་དོན་དང་རྒྱབ་འགལ་དུ་སོང་ཡོད་པར་མ་ཟད་ཆོས་པ་ཞིག་གི་བསམ་བློའི་དགག་བྱ་རུ་འཛིན་དགོས་པའི་དོན་ཞིག་ཡིན་པས་ན་ལེགས་ཉེས་ཀྱི་དབྱེ་བ་འབྱེད་པའི་བསམ་བློ་དེ་ཧ་ཅང་གལ་ཆེ་བར་སེམས།
      ཤཱཀྱ་ཐུབ་པས་ཆོས་གསུངས་པ་དང་ཕྱི་རབས་པ་དག་གིས་དེ་ལ་སློབ་སྦྱོང་བྱེད་པ་གང་ཡིན་ཡང་མཐར་ཐུག་གི་དམིགས་ཡུལ་ནི་ནང་སེམས་ཀྱི་སྟེང་གི་ཆགས་སྡང་གི་དྲི་མ་ཕྲ་རགས་ཐམས་ཅད་སྤངས་པའི་གྲོགས་སུ་འགྲོ་དགོས་པར་མ་ཟད་རང་སེམས་ཀྱི་ཁ་ལོ་བ་རང་ཉིད་ཉན་པའི་ཐབས་སུ་འགྲོ་དགོས་པ་ཞིག་རེད།ནང་སེམས་ཀྱི་གླང་བོ་དེ་ཅི་ལྟར་འདུལ་བའི་ཐབས་ལམ་ཆ་ཚང་བ་ཞིག་ཤཱཀྱ་ཐུབ་པས་རིག་པའི་གཞུང་ལུགས་དེ་རུ་གསུངས་ཡོད་པའི་རྒྱུ་མཚན་གྱིས་རིག་གཞུང་དེ་ལ་ནང་བསྟན་ཞེས་བཤད་པ་རེད། ཡིན་ན་ཡང་ནང་བསྟན་གྱི་རིག་པའི་གཞུང་ ལུགས་ལ་སྦྱངས་པ་བྱས་པའི་མཁས་པ་དག་གིས་རིག་པའི་གཞུང་ལུགས་འདིའི་རྩ་བའི་དགོངས་དོན་གྱི་གནད་འབབ་ས་དེ་གང་ཡིན་པ་དང་དེ་ལ་ཕན་ནུས་ག་འདྲ་ཡོད་པ་རིག་གཞུང་གཞན་དག་དང་བསྡུར་ནས་ལས་དང་ པོ་བ་དག་ལ་གོ་སླ་བའི་ལམ་ནས་ངོ་སྤྲོད་མི་བྱེད་པར་དུངས་ཞེན་ཙམ་པོ་ང་རྒྱལ་དུ་བཟུང་ནས་ཤཱཀྱ་ཐུབ་པའི་རིག་གཞུང་ནི་འཛམ་བུ་གླིང་ན་འགྲན་ཟླ་དང་བྲལ་བའི་གཞུང་ལུགས་ཤིག་ཡིན་ཞེས་མྱིད་ཐག་སྐྲངས་རག་བར་དུ་བཤད་ཀྱང་སྟོང་བའི་དབྱིངས་སུ་མདའ་འཕངས་པ་ལས་མ་འདས་པ་རེད། སྤྱིར་བཤད་ན་ནང་བསྟན་གྱི་རིག་པ འི་གཞུང་ལུགས་འདི་ལ་རིག་གཞུང་གཞན་དག་དང་མི་འདྲ་བའི་ཁྱད་པར་ཞིག་ཡོད་པ་ནི་གཙོ་བོ་ནང་སེམས་ཤེས་པའི་སྟེང་ལ་ཞིབ་འཇུག་ཟབ་མོ་བྱས་ཡོད་པ་འདི་རེད་མོད་རྒྱུ་མཚན་དེའི་དབང་གིས་འཛམ་གླིང་གི་ཆོས་ལུགས་ཨང་དང་པོ་རེད་ཅེས་བཤད་ན་ཐལ་ཆེ་ནའང་ད་ལྟ་མི་རིགས་ཀྱི་དབྱེ་བ་མེད་པར་ཞིབ་འཇུག་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་དོན་དངོས་རེད། གང་ལྟར་ནང་ཆོས་ཀྱི་རྩ་དོན་ནི་གཞན་ལ་གནོད་འཚེ་མི་བྱེད་པ་དེ་ཡིན་ལ་ གནོད་འཚེ་བྱེད་མིན་གྱི་རྩ་བའང་ཕྱི་རོལ་གྱི་ཡུལ་ངོས་ན་མེད་པར་ནང་ཤེས་པའི་པའི་སྟེང་དུ་ཡོད་པ་དང་དེ་ཡང་དག་པ་དང་དྲང་བདེན་གྱི་ཕྱོགས་སུ་འགྲོ་བའི་ཐབས་ལམ་སྟོན་པའི་རིག་པའི་གཞུང་ལུགས་ཤིག་ཡོད་པ་ནི་སྟོན་པ་ཤྰཀྱ་ཐུབ་པས་གསུངས་པའི་ནང་ཆོས་ཀྱི་རིག་གཞུང་འདི་ཉིད་ཡིན་པ་རེད། གཞུང་ལུགས་འདིར་ལས་ད ང་པོ་བ་རྣམས་ཀྱི་བསམ་བློ་ལེགས་ལམ་དུ་འགྲོ་ཆེད་རིག་གཞུང་གི་ཟབ་ཚད་མི་འདྲ་བ་རྐས་ཀྱི་རིམ་པ་བཞིན་དུ་བསྟན་ནས་དབང་བོ་རྣོ་རྟུལ་གང་ཡིན་ཡང་འཇུག་པ་ལ་དཀའ་བའི་གནོན་ཤུགས་མི་སྦྱིན་པར་མ་ཟད་རིམ་པ་རེ་རེ་ན་འབད་རྩོལ་གྱི་ཐོབ་བྱ་མི་འདྲ་བ་རེ་རེ་ཡོད་པ་སོགས་ངལ་བ་སེལ་བར་བྱེད་པའི་སློབ་མ་སྐྱོང་བའི་ཐབས་མཁས་ཕུན་སུམ་ཚོགས་པ་དང་ལྡན་པས་ན་སྐྱེ་བུ་འདུལ་བའི་ཁ་ལོ་བསྒྱུར་བ་ཞེས་མིང་དོན་མཚུངས་པའི་ཆོ་ལོ་འདིའང་རྩོལ་མེད་དུ་ཐོབ་པ་རེད། རྒྱུ་མཚན་དེའི་ཕྱིར་ན་སྟོན་པ་ཤཱཀྱ་ཐུབ་པ་ཡིན་ནའང་འདྲ་དེས་བསྟན་པའི་ ནང་བསྟན་རིག་པའི་གཞུང་ལུགས་ཡིན་ནའང་ཆོག་གང་ལྟར་ལོ་ངོ་སྟོང་ཕྲག་འགོར་བའི་དེ་རིང་ད་དུང་ཞིབ་འཇུག་གི་བྱ་བ་མཇུག་མ་རྫོགས་པ་འདི་ནི་དཔྱད་གཞི་གཏིང་ཟབ་པ་དང་རྒྱ་ཆེ་བའི་རྐྱེན་གྱིས་ཡིན་པ་ལས་གཞན་ཅི་ཡང་མེད་སྙམ། རྒྱ་གར་ལ་མཚོན་ནའང་སྔོན་ཆད་ཆོས་ལུགས་མི་གཅིག་པ་མང་དུ་ཡོད་པར་མ་ཟད་སངས་རྒྱ ས་ཆོས་ལུགས་ལས་ཁྱབ་ཆེ་བའི་ཆོས་ལུགས་ཀྱང་མང་དུ་ཡོད་ནའང་ད་ལྟ་མང་པོ་ཞིག་མིང་གི་ལྷག་མ་ཙམ་དུ་གྱུར་ཏེ་སངས་རྒྱས་ཆོས་ལུགས་ཀྱི་ཁྱབ་རྒྱ་ཆེ་ནས་ཆེ་རུ་འགྲོ་བཞིན་ཡོད་པ་སོགས་གང་ལ་བལྟས་ཀྱང་ནང་ཆོས་ཀྱི་རིག་པའི་གཞུང་ལུགས་འདི་ལ་འཛམ་གླིང་གི་རིག་པའི་གཞུང་ལུགས་ཁྲོད་དུ་དཔྱད་གཞི་རིན་ཐང་ལྡན་པ་ཞིག་དང་ཕན་ནུས་ངོམ་དུ་རུང་བ་ཞིག་ཡོད་ཅེས་བཤད་ན་མི་ཆོག་པ་མེད་སྙམ། ཡིན་ནའང་ནང་བསྟན་ཆོས་ལུགས་ པ་ཁ་ཅིག་ལ་རང་ཅག་གི་རིག་པའི་ཆོས་ལུགས་འདིའི་རྒྱ་ཆེ་ཞིང་གཏིང་ཟབ་པའི་གནས་ལུགས་ཕྲ་མོ་ཀུན་གྱིས་ཡིད་ཆེས་བྱེད་ཆོག་པའི་གནས་འདི་རེད་ཅེས་གཅིག་ཀྱང་སྟོན་རྒྱུ་མེད་པར་ཆོས་ལུགས་ཀྱི་ཕན་ནུས་གླེང་བ་དང་། ཡང་ལ་ལ་ཞིག་གིས་རིག་པའི་གཞུང་ལུགས་དག་གི་དཀའ་བའི་གནད་ཕར་ཟད་མིང་ཙམ་ལས་མི་ཤེས་ནའང་ ཆོས་ལུགས་ནི་སྤྱི་ཚོགས་དང་འཚོ་བའི་བཀག་རྡོ་ཡིན་པར་ལབ་པ་སོགས་གང་ཡིན་ཡང་བསམ་མ་ཤེས་པའི་བྱིས་པ་དག་གིས་བཤད་པའི་གནའ་གཏམ་གྱི་ཚོར་བ་ཙམ་ལས་ཅི་ཡང་མེད་སྙམ་མོད། ཕྱོགས་གཞན་ཞིག་ནས་འདང ་རྒྱབ་ན་བསམ་བློ་མ་སྨིན་པའི་བྱིས་པ་དེ་ཚོའི་སེམས་ཀྱི་ཀུན་གཞིའི་སྟེང་གི་བག་ཆགས་དེ་སེལ་དགོས་པ་ལ་གནས་ལུགས་དང་རིག་པ་ཡང་དག་པ་ཞིག་གི་སྒོ་ནས་གོ་དོན་སྤྲད་དེ་འགལ་འདུའི་བསམ་བློ་ཡོངས་སུ་དོར་ཐུབ་པ་ཆུ་ལ་ཆུ་བཞག་པ་ལྟ་བུ་ཞིག་ཏུ་གྱུར་བའི་ཐབས་ཤེས་འཚོལ་བ་ལའང་ཕན་པ་མི་དམན་པ་རེ་ཡོད་སྙམ།
     གང་ལྟར་མིང་ལ་ནང་བསྟན་ཆོས་ལུགས་ཟེར་ཞིང་དོན་གྱིས་སེམས་ཁམས་ཞིབ་འཇུག་བྱེད་པའི་རིག་གཞུང་བོད་གངས་ཅན་གྱི་ཡུལ་དུ་དར་ཁྱབ་ཆེ་བ་འདི་ཉིད་ཀྱི་རྩ་བའི་ཉིང་དགོས་སམ་གནས་ལུགས་ཡང་དག་པ་དེ་མ་ཤེས་པའི་དབང་གིས་རིག་གཞུང་འདིར་གོ་བ་ལེན་ཚུལ་གྱི་ཆ་ནས་གོ་མཛོལ་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་པས་ནང་བསྟན་གྱི་རིག་པའི་གཞུང་ལུགས་འདིའི་ཡུལ་ལྟ་བུའི་རྩ་བའི་གཞི་དང་དེར་ཅི་ལྟར་བགྲོད་པའི་ལམ་ལམ་དེར་ཞུགས་པའི་ཐོབ་བྱའི་འབྲས་བུ་སྟེ་གཞི་ལམ་འབྲས་གསུམ་གྱི་རིམ་པ་དག་ལ་ཐོས་པ་བྱེད་པའི་གོ་སྐབས་མི་བཙལ་བར་གཞན་གྱི་ཟེར་སྒྲའི་རྗེས་སུ་འབྲངས་པ་ནི་དུས་རབས་ཉེར་གཅིག་པའི་ནང་དུ་འཚར་ལོངས་བྱུང་བའི་མི་ཞིག་གི་རིག་པས་དཔྱོད་ཚུལ་མིན་པས་ན་བསམ་བློ་གཏོང་དགོས་པའི་གནད་ཅིག་ཡིན་པར་འདོད། དེང་ སྐབས་མི་ལ་ལ་ཞིག་གིས་མི་རིགས་ཀྱི་དོན་དུ་བསམ་བློ་གཏོང་ཁུལ་བྱས་པ་ནས་བཟུང་མི་རིགས་གཞན་གྱི་ཕུན་སུམ་ཚོགས་པའི་རིག་གནས་ནང་འདྲེན་བྱེད་པར་བསམ་བློ་མི་གཏོང་བར་མི་རིགས་རང་གི་རུས་རྐང་ལ་ཐུམས་པའི་ཆོས་ལུགས་ལ་དགག་པ་གཏོང་བཞིན་ཡོད་པར་མ་ཟད་ཆོས་ལུགས་འདི་ནི་ང་ཚོའི་བོད་མི་རིགས་ཀྱི་ཆོས་ལུགས་མ་ཡིན་པར་རྒྱ་གར་གྱི་ཆོས་ལུགས་ཤིག་ཡིན་པས་དེ་ལ་ཡིད་ཆེས་དང་རེ་བཅོལ་བྱེད་པ་འོས་པའི་རིགས་ཤིག་ཏུ་མི་གཏོགས་ཞེས་འུར་ཆེན་པོ་ལངས་ཡོད་མོད། སྤྱིར་རྒྱལ་ཁབ་དང་མི་རིགས་གང་ཞིག་ལ་མཚོན་ན་མི་རིག ས་གཞན་དང་ཡང་ན་རྒྱལ་ཁབ་གཞན་གྱི་ཕུལ་དུ་བྱུང་བའི་རིག་གནས་དག་གི་བཟང་ཕྱོགས་ཀྱི་ཆ་རྣམས་ཚུར་ལེན་བྱས་ཏེ་རང་རང་གི་དཔལ་འབྱོར་དང་རིག་གནས་ཀྱི་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་ཕྱོགས་སུ་འབད་པ་བྱེད་པ་ལས་རང་ཉིད་ཀྱི་དེ་ཁོ་ན་ལས་ས་ཆེན་པོ་འདིའི་སྟེང་དུ་དེ་ལ་འགྲན་ནུས་པ་གཅིག་ཀྱང་མེད་ཅེས་གཞན་གྱི་ཡོན་ཏན་ཅི་ཡང་མི་མཐོང་བ་ནི་རང་བློ་ཕྱོགས་ཞེན་གྱི་དབང་དུ་སོང་བ་རེད།   ༼མུ་འགོད༽
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནང་བསྟན་གླེང་བ།

2011-11-11 རེབ་གོང་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།