ཨ་རིའི་རང་དབང་དང་ཨ་མེ་ཞིའི་སྙིང་སྟོབས།            

  ཨ་མེ་ཞིའི་ལོ་རྒྱུས་དང་། བསྡོད་གནས། མི་གྲངས།
  ཨ་མེ་རི་ཀའི་རང་དབང་ནི་མེ་ཏོག་གི་ལྡུམ་ར་ཞིག་ཡིན་པར་ཆགས་བཞག་ན་མང་གཙོ་ནི་མེ་ཏོག་འདེབས་སའི་ས་ཞིང་གཤིན་པོ་དང་ཕྱིའི་ར་བ་རེད་ལ།    ཚན་རིག་དང་དམག་དོན། དཔལ་འབྱོར་དང་རིག་གནས་སོགས་ནི་དེའི་ནང་གི་ཁ་མདོག་མི་འདྲ་བའི་མེ་ཏོག་རེ་རེ་རེད།  ཨ་མེ་ཞི་ཡང་རང་དབང་གི་ལྡུམ་ར་དེའི་ནང་གི་མེ་ཏོག་ཞིག་རེད།   གཞན་དང་མི་འདྲ་བའི་མེ་ཏོག་འདི་ལྟ་བུ་ཞིག་བཞད་པ་ནི་ངོ་མ་ཡིད་ལ་འཆར་དཀའ་བ་ཞིག་རེད།   བྲེལ་ཚུབ་དང་འདུ་འཛི་ཆེ་ཞིང་དེང་རབས་འཕྲུལ་ཆས་ཀྱིས་འཁྲུག་ཆ་དོད་པའི་འཛམ་གླིང་དཔལ་འབྱོར་གྱི་ལྟེ་བ་རུ་གྲགས་པའི་གྲོང་ཁྱེར་ཆེན་པོ་ནིའུ་ཡོག་ནས་རླངས་འཁོར་ལ་བསྡད་དེ་ཆུ་ཚོད་གསུམ་ཙམ་གྱི་སར་བསྐྱོད་ན་མངའ་སྡེ་ཕིན་སིལ་བེ་ནེ་ཡའི་ལན་ཁ་སི་ཊེར་( Lancaster County, Pennsylvania)་རྫོང་ནང་གི་ཁུ་སིམ་མེར་གནའ་སྲོལ་གྱི་ངོ་བོར་གནས་བའི་ཨ་མེ་ཞིའི་གྲོང་སྡེ་རྣམས་ཡོད་སར་བསླེབས་ཐུབ།   དེ་ལ་རྒྱལ་ས་ཝ་ཤིན་ཀྲོན་ནས་རླངས་འཁོར་ལས་སོང་ན་ཆུ་ཚོད་གཉིས་ལྷག་གིས་ཐོན་ཐུབ། དེ་ནི་འཇིག་རྟེན་གཞན་ཞིག་ལ་སླེབ་པ་ལྟ་བུའི་ཚོར་སྣང་དབང་མེད་དུ་སྐྱེས།     ཁོ་ཚོ་ནི་དེང་སྐབས་ས་གནས་རང་སྐྱོང་སྤྲད་ཡོད་པའི་ཨ་རིའི་ས་བདག་ཆུ་བདག་གི་མི་རིགས་ཨིན་ཏི་ཡན་ཟེར་བའི་གདོང་དམར་བ་དེ་དག་མིན་ལ།    ཁོ་ཚོ་ནི་ཨ་རིའི་བྱང་ཕྱོགས་དང་ལྷོ་ཕྱོགས་ན་ཡོད་པའི་འབྲོག་པ་སྟེ་ཁྱིམ་ཚང་རེ་རེས་བ་ལང་བརྒྱ་ཕྲག་མང་པོ་འཚོ་སྐྱོང་བྱེད་བཞིན་པའི་རྟ་ཞོན་པ་དང་རི་དྭགས་རྔོན་པར་དགའ་ཞིང་།       དྲང་ཚུགས་དང་གཏུམ་དྲག་ལྡན་པའི་བ་ལང་རྫི(cow boy)་བོའི་ཚོགས་སྡེ་དེ་རྣམས་དང་ཡང་མི་འདྲ་བར་ཞིང་ལས་བྱེད་ཀིན་ཡོད་པར་མ་ཟད།      ཨ་མེ་ཞིའི་མི་དེ་རྣམས་གཉོམ་ཆུང་དང་ཞི་བདེ་ངང་གནས་བར་དགའ།      ཁོ་ཚོ་ལོ་ངོ་ཉིས་བརྒྱ་བདུན་ཅུའི་ཡར་སྔོན་༡༧༣༠་ཡས་མས་སུ་འཇར་མེན་དང་དེའི་ཁྱིམ་མཚེ་སིད་སི་རྒྱལ་ཁབ་ནང་ཆོས་ལུགས་བར་རྩོད་རྙོག་བྱུང་ནས་རང་གི་ཆོས་ལུགས་སྲུང་སྐྱོབ་ཆེད་ཨ་རིའི་ས་གནས་དེར་ཐོག་མར་སྐྱབས་བཅོལ་ལ་བསླེབས་པ་ཞིག་རེད།      ཁོ་ཚོ་མི་རྒྱུད་དཀར་པོའི་རིགས་ཡིན་ཞིང་།      ཆོས་ལུགས་ནི་སྟོན་པ་ཡི་ཤུ་རྗེས་འཇུག་གི་ཆོས་རྒྱུད་མི་འདྲ་བ་(Anabaptists)་ཞིག་རེད།     ཁོ་ཚོའི་བསྡད་གནས་མངའ་སྡེ་ཕིན་སིལ་བེ་ནེ་ཡའི་ནང་གཅིག་པོ་མ་ཡིན་པར་ཨ་རིའི་དཀྱིལ་ཕྱོགས་སུ་ཡོད་པའི་མངའ་སྡེ་ཨོ་ཧ་ཡོ་དང་ཨིན་ཏི་ཡ་ན།      ཨ་རིའི་བྱང་གི་ཁྱིམ་མཚེ་རྒྱལ་ཁབ་ཁ་ན་ཊ་སོགས་སུ་གཞིས་ཆགས་གྲོང་སྡེ་ཉེར་བཞིའི་ནང་ཉིས་སྟོང་བཅུའི་བསྡོམས་རྩིས་ལྟར་ན་ཨ་མེ་ཞིའི་མི་གྲངས་འབུམ་གཉིས་དང་ཁྲི་ལྔ་ལ་ཉེ་བ་(249,000)ཡོད་པར་བཤད།
       ཁྲིམས་སྲོལ་དང་།  ཀུན་སྤྱོད།  རང་དབང་།
     སྔོན་གྱི་ཡོ་རུབ་གླིང་གི་ཆོས་སྲིད་ཟུང་འབྲེལ་ཇི་མ་ཇི་བཞིན་ཁོ་ཚོའི་ཉི་མ་རེ་རེ་འཚོ་བའི་ནང་གི་ལུས་ངག་ཡིད་གསུམ་གྱི་འགྲོ་སྟངས་ཆ་ཚང་ཡི་ཤུའི་གསུང་རབ་(ནང་བསྟན་གྱི་འདུལ་ཁྲིམས་ལྟ་བུ་ཡིན)་ཀྱི་ནང་དོན་ཇི་ལྟ་བ་བཞིན་ལག་ལེན་ལྟར་གིན་ཡོད་ལ།       ཆོས་སྲིད་ཀྱི་ལས་དོན་ཆེ་ཆུང་ཚང་མ་ཡི་ཤུ་ཆོས་ཁང་གི་ཆོས་དཔོན་དང་མི་མང་གི་འཐུས་ཚབ་ཀྱིས་ཐག་གཅོད་བྱེད་ཀིན་འདུག     མི་མང་གིས་གུས་ཞབས་དང་ཡིད་ཆོས་བྱེད་ས་གཙོ་བོ་ཡང་ཡི་ཤུ་ཆོས་དཔོན་དང་འཐུས་ཚབ་དེ་དག་རེད།        གཟའ་ཉི་མ་ནམ་རྒྱུན་ཕྱག་ཁང་ལ་གསོལ་བ་སྨོན་ལམ་འདེབས་ཀིན་འགྲོ་ན་ཡང་་གཙོ་བོ་སོ་སོའི་ཁྱིམ་ནས་ཉི་མ་རྟག་པར་ཁོམ་དུས་སུ་བཟའ་མི་ལྷན་འཛོམ་བྱས་ནས་ཡི་ཤུ་གསུང་རབ་ཀློག་པ་དང་ཆོས་གླུ་ལེན།     ཆོས་ཁྲིམས་ལས་འགལ་ན་ཚོགས་སྡེ་ལས་ཕྱིར་ཕུད་བྱས་ཏེ་ཕ་མ་དང་སྤུན་འཆེད་སོགས་ཀྱིས་ཡང་འབྲེལ་བ་གཅོད་པར་བྱེད།
དུས་རབས་ཉེར་གཅིག་གི་དུས་དེ་རིང་ཡང་ཁོང་ཚོས་དཔེ་གསར་གྱི་ལྭ་བ་མི་གོན་པ་དང་བརྙན་འཕྲིན་ལ་མི་བལྟ་བ།      ལག་འཁྱེར་ཁ་པར་དང་རླངས་འཁོར་སོགས་འཕྲུལ་འཁོར་རིགས་བཀོལ་སྤྱོད་བྱེད་ཀིན་མེད་པ།  ཐ་ན་རང་གི་ཁང་པའི་ནང་གློག་ཡང་འཐེན་མེད་པའི་རྒྱུ་མཚན་ནི།      ཉིན་རེའི་འཚོ་བའི་ནང་འབྲེལ་བ་ཡོད་པའི་དེང་སང་གི་དངོས་པོ་འདི་དག་བརྒྱུད་ནས་ཁོ་ཚོའི་ཆོས་རིག་དང་གོམས་གཤིས་ལ་ཤུགས་རྐྱེན་ངན་པ་ཐེབས་ནས་ཉམ་རྒུད་དུ་འགྲོ་བར་དོགས་སྟེ་ཁོ་ཚོའི་ཆོས་དཔོན་དང་འཐུས་ཚབ་མཁས་པ་ཚོས་གཏན་འགོག་བྱས་པ་རེད།    དེ་ལ་མི་མང་གིས་ཡང་མོས་མཐུན་གནང་འདུག      ཁོ་ཚོ་ནི་ཨ་རིའི་རྒྱལ་ཁབ་ཀྱི་མི་སེར་ཡིན་པ་ཙམ་ལས་ཨ་རིའི་གཞུང་དང་འབྲེལ་བ་མི་འདུག
     ད་ལྟའི་ཨ་རིའི་སྲིད་འཛིན་སུ་རེད་དམ་ཟེར་ན་མིང་མི་ཤེས་བ་ཡང་མང་བའི་ཚོད་རེད།  སྤྱིར་ཁྲལ་རྒྱག་པ་མང་ཆེ་བ་ནི་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོབ་ཆེད་ཡིན་པས་ཨ་མེ་ཞིའི་མི་རིགས་ཁྲོད་གསོད་རེ་དང་རྡུང་རེ།    བཙན་འཕྲོག་དང་བཙན་གཡབ།    ནག་ཚོང་དང་གཞང་ཚོང་།    ཇག་པ་དང་རྐུན་མ་སོགས་མེད་པའི་ཁར།     ཁོར་ཡུག་འབག་རྩོག་བྱེད་པའི་བཟོ་གྲ་ཆེན་པོ་དང་རླངས་འཁོར་རྡབ་སྐྱོན་སོགས་མེད་པས་ཉེན་རྟོག་པ་དང་འཁོར་ཡུག་བལྟ་སྐྱོང་པ་སོགས་དགོས་དོན་མེད་ལ།        ཁྲལ་འཇལ་བ་དང་གཞུང་གི་རོགས་སྐྱོར་ལེན་པ་ནི་ཁོ་ཚོའི་ཆོས་ལུགས་དང་གོམས་གཤིས་ལ་ཡང་མ་མཐུན་པར་ཨར་གཞུང་གིས་༡༩༦༥་ལོ་ནས་ཁོ་ཚོའི་རྒྱུན་སྲོལ་དང་ཆོས་དད་རང་དབང་ལ་གུས་བརྩི་བྱས་ནས་ཁྲལ་ལེན་པ་མེད་པར་བྱས་པ་རེད་ཟེར།    དེའི་ཕྱིར་ཁོ་རང་ཚོར་སྤྱི་ཚོགས་བདེ་འཇགས་དང་འཕྲོད་རྟེན་ཉེན་སྲུང་ཐོབ་རྒྱུ་མེད་ན་ཡང་ཁོ་ཚོའི་ཆོས་ཁང་ལས་སྨན་རིན་སོགས་རོགས་སྐྱོར་མང་པོ་ཐོབ་རྒྱུ་འདུག          ཨ་རིའི་ནང་བྱིས་པ་མཐོ་འབྲིང་བར་ངེས་བར་དུ་སློབ་འཇུག་བྱེད་དགོས་པའི་ཁྲིམས་གཞི་ཡོད་ན་ཡང་ཨ་མེ་ཞིའི་ཕ་མ་འགས་རང་གི་བྱིས་པ་རྣམས་མཐོ་འབྲིང་ལས་ཕྱིར་འཐེན་བྱས་རྐྱེན་ས་གནས་ཁྲིམས་ཁང་གིས་ཉེས་ཆད་བཏང་འདུག        བཙན་ཤེད་ཀྱིས་སློབ་གསོ་སྤེལ་བ་དེ་ཨ་མེ་ཞི་བ་ཚོས་ཁྲིམས་ཁང་གོང་མར་་གཏུགས་བཤེར་བརྒྱབས་མཐར་༡༩༧༢་ལོའི་ཟླ་༣་ཚེས་༡༩་ཉིན་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་ནས་གྱོད་དོན་དེ་ནི་ཨ་མེ་ཞིའི་ཕ་མ་དེ་ཚོའི་གཞིར་རྩའི་རང་དབང་དང་དད་མོས་ལ་ཕོག་ཐུག་བཏང་ཡོད་པས་ཁོ་ཚོར་རང་དབང་སྤྲོད་དགོས་པར་ཐག་བཅད་འདུག
       གོམས་སྲོལ་དང་།   འཕྲོད་རྟེན།   དཀའ་ངལ།  
      ཁོ་ཚོའི་སྐྱེས་བ་ཚོས་སྨ་ར་རིང་པོ་བཞག་ནས་ལྭ་མདོག་ནག་པོ་དང་ཞྭ་མདོག་ནག་པོ་དང་ཡང་ན་རྩྭི་ཞྭ་དཀར་པོ་ཁ་རུ་ཅན་གྱོན།      སྐྱེས་ཕོ་མོ་སུ་ཡིན་ཡང་གཉེན་སྒྲིག་མ་བྱས་པའི་སྔོན་ཆགས་པ་སྤྱོད་པའི་སྲོལ་མི་འདུག     བུད་མེད་ཚོས་སྐྲ་ཁེབ་བརྒྱབས་ནས་ལྭ་རིང་པོ་གོན་ཡོད།    གཉེན་སྒྲིག་མ་བྱས་པའི་བུ་མོ་ཚོས་ལུས་སེམས་གཙང་མའི་མཚོན་བྱེད་ལ་དུས་རྒྱུན་ལྭ་བ་དཀར་པོ་གྱོན།    དེང་སང་གི་དཔེ་གསར་ལྭ་བ་གྱོན་སྲོལ་མེད་པར་ཁོ་ཚོའི་གྱོན་པ་ཁོ་ཚོ་རང་གིས་བཟོ།  བྱིས་པ་ཚོད་འཛིན་མེད་པར་མང་པོ་སྐྱེས་ཀིན་འཇོག་པ་དང་།  བྱིས་པ་སྐྱེས་པ་ནི་དཀོན་མཆོག་གི་བྱིན་རླབས་ཡིན་པར་བཤད།    ཁྱིམ་ཚང་རེ་ཆ་སྙོམས་བྱིས་པ་དྲུག་ནས་བརྒྱད་བར་ཡོད།    ནང་མིའི་མཐུན་འབྲེལ་ཧ་ཅང་བཟང་།   བུད་མེད་ཚོས་ནང་གི་ལས་ཀ་ལས་ནས་བྱིས་པ་གཉོར་སྐྱོང་བྱེད་པ་དང་།   སྐྱེས་པ་ཚོས་ཞིང་ཀ་ལས་ནས་བ་ལང་གསོ་སྐྱོང་བྱེད།  ཞིང་ཀ་རྨོ་འདེབས་དང་འབྲེག་གཅོག་སོགས་རྟ་དང་དྲེལ་ལ་རྟེན་ནས་བྱེད།     འགྲུལ་བཞུད་ཤིང་རྟ་ལས་བསྐྱོད།     བྱིས་པ་ལོ་༦་ནས་༡༤་བར་ལོ་༨་རིང་ལ་སྡེ་བ་སོ་སོའི་ནང་ཡོད་པའི་སློབ་གྲའི་ནང་སྐད་ཡིག་གཙོ་བོ་ཡིན་པའི་སློབ་སྤྱོང་སྤྲོད་ཀིན་ཡོད་ལ།     དགེ་རྒན་མང་ཆེ་བ་གཉེན་སྒྲིག་མ་བྱས་པའི་གཞོན་ནུ་མ་ཚོ་རེད།     སྤྱི་ཚོགས་དེའི་ནང་ན་སློབ་འབྲིང་མཐར་ཕྱིན་མྱོང་མཁན་ཞེ་དྲག་ཉུང་། མཐོ་སློབ་མཐར་ཕྱིན་མཁན་དེ་ལས་ཀྱང་ཉུང་།      ཡིན་ནའང་ཨ་མེ་ཞིའི་མི་ཚང་མས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་འཇར་མེན་སྐད་དང་དབྱིན་སྐད་གཉིས་ཀ་བཤད་ཐུབ།    
     སྤྱིར་ནད་ཚ་མང་ཆེ་བ་རང་གི་ཟས་སྤྱོད་དང་འཁོར་ཡུག་ལས་བྱུང་གིན་ཡོད་པས་ཨ་མེ་ཞི་བ་རྣམས་ཀྱི་རྫས་མེད་ཟ་མ་མང་བ་ཟ་བ་དང་སྤྱོད་པ་ལེགས་པ།   འཁོར་ཡུག་གཙང་ཕྱིར་ན་ཚ་ཉུང་བར་བཤད།    ཨོ་ཧ་ཡོ་སློབ་གྲ་ཆེན་མོས་ཞིབ་འཇུག་ལྟར་ན་ཨ་མེ་ཞི་བ་ཚོས་ཆང་རག་དང་ཐ་མག་མི་སྤྱོད་པ་དང་རང་གི་བཟའ་ཟླ་ལས་གཞན་ལ་འཁྲིག་པ་མི་སྤྱོད་པས་དེ་དག་གིས་སློང་བའི་ནད་གཞི་དང་གཉན་ནད་(cancer)་རིགས་བྱུང་བ་ཧ་ཅང་ཉུང་ཉུང་ཡིན་པར་མ་ཟད།   མང་ཆེ་བས་ཕྱི་ལོགས་ན་ལས་ཀ་བྱེད་ཀིན་ཡོད་པས་ཉི་འོད་ལ་སྐེམ་ཐུབ་པ་དང་།     ནམ་རྒྱུན་ལྭ་རིང་པོ་དང་ཞྭ་མོ་གྱོན་པས་ཉི་ཟེར་འགོག་སྲུང་བྱེད་ཐུབ་པས་སྐྱི་བག་གི་ན་ཚ་ཡང་ཧ་ཅང་ཉུང་ཟེར།    ཨ་མེ་ཞིའི་སྤྱི་ཚོགས་ནང་སེམས་ཁམས་མ་བདེ་བར་རང་ཤི་རྒྱག་མཁན་འབུམ་ཆ་ལྔ་(5.per 100,000 in 1980)་ལས་ཟིན་མེད་པས་ལྷ་མེད་སྤྱི་ཚོགས་ལས་ལྡབ་གསུམ་ལས་ཉུང་ཟེར།     ཡིན་ཡང་ཁྲག་རྒྱུད་ལས་བྱུང་བའི་ནད་ཚ་རིགས་ན་མཁན་ཚད་མཐོ་པོ་ཡིན་པར་བཤད།    དེ་ནི་ཐོག་མར་འདིར་ཡོང་བའི་ཁོ་ཚོའི་མེས་པོ་དེ་དག་ལ་ན་ཚ་ཡོད་པར་ཡིད་ཆེས་བྱེད་ཀིན་འདུག   ཁོ་བོས་བསམ་ན་ཁོ་ཚོར་གློག་ཆས་རིགས་ཀྱིས་བསྐྱེད་པའི་ན་ཚ་ཡང་དཀོན་བགྱི་རེད།
     ཨ་མེ་ཞི་བ་ཚོར་དཀའ་ངལ་གཏན་ནས་མེད་པ་མིན་ཏེ་ཉེ་འཁོར་གྱིས་སྤྱི་ཚོགས་ནང་ཁོང་ཚོའི་བྱིས་པ་དམར་གསོད་གཏོང་མཁན་དང་བླུན་པོ་ཞེས་ཁོ་ཚོར་མཐོང་ཆུང་བྱེད་མཁན། མ་ཟད་རྡོ་གཡུགས་ནས་ཁོང་ཅག་གི་ཤིང་རྟ་འདྲོག་གི་འཇུག་མཁན་ཡང་ཡོད།   དེ་དག་ནི་སྙིང་ཁམས་མི་བདེ་བའི་མི་འགའ་ཤས་དང་ཤེས་ཡོན་དམན་པའི་མི་རྣམས་རེད་འདུག 
     ངས་ཁོ་ཚོས་འཕྲུལ་ཆས་དང་གློག་ཆས་བེད་སྤྱོད་མ་བྱས་བ་དེ་ཧ་ལས་བ་ཞིག་རེད་ཟེར་གི་མེད།  ངས་འཁྲུག་ཆ་ཆེ་བའི་སྤྱི་ཚོགས་འདི་འདྲ་ཞིག་གི་ཁ་གཏད་ནས་རང་ཚུགས་བརྟན་པར་གནས་བ་དེ་ལ་ཧ་ལས་པ་ཞིག་རེད་ཟེར་གི་ཡོད།  ངས་ཁོ་ཚོ་ཉམ་ཆུང་ཆུང་བྱས་བསྡད་པ་དེ་གཟི་བརྗིད་རེད་ཟེར་གི་མེད།  འཇིགས་རྔམ་ཆེ་བའི་སྲིད་གཞུང་དེས་ཁོ་ཚོར་དེ་ལྟ་བུའི་རང་དབང་གི་འཁོར་ཡུག་སྤྲད་པ་འདི་ཀོ་གཟི་བརྗིད་རེད་ཟེར་གིན་ཡོད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་རིའི་རང་དབང་དང་ཨ་མེ་ཞིའི་སྙིང་སྟོབས།            

2011-11-04 ཨ་རིའི་བོད་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།